དྲོད་འཇམ་པོའི་ཉི་འོད་འོག་ཏུ།མདུན་བསྐྱོད་ཀྱི་གོམ་འགྲོས་མཛེས་པ།-----གསེར་འོད་ཤང་ལྟེ་བའི་སློབ་ཆུང་།

Lo

དགུན་སྟག་མོ་འདྲ་བོ་མཆོངས་ནས་ཡོང་དུས།

དབྱར་ཕ་མ་འདྲ་བོ་དྲན་ནས་ཡོང་གི།

དགུན་ཟླ་སླེབས་པ་དང་གྲང་ངར་ཡང་ཆེ་རུ་སོང་མོད།སློབ་གྲྭའི་དགེ་སློབ་ཀུན་པོས་རང་རང་གི་ཕྲག་ཏུ་བབ་པའི་འགན་དང་ཕུགས་འདུན།རེ་བ་སོགས་ཀྱི་དོན་དུ་སྔར་བཞིན་འབད་ཀྱིན་ཡོད་ལ།མདུན་དུ་སྐྱོད་ཀྱིན་འདུག

དེ་བཞིན་དུ་གཟའ་འཁོར་བཅུ་གཅིག་པའི་གཟའ་རེས་ལས་ཀའི་ཕྱོགས་བསྡོམས་ཀྱང་གཤམ་དུ་གསལ།🤪

གཟའ་རེས་འགོ་ཁྲིད། ཤེས་རབ་ཉི་མ།

གཟའ་རེས་དགེ་རྒན། སྐལ་བཟང་ཉི་མ།

བློ་གྲོས་མཚོ་མོ།

གཟའ་རེས་སློབ་མ། འཛིན་གྲྭ་རེ་ཡི་སློབ་མ་རེ།

ཉིན་གཅིག་གི་འཆར་གཞི་ཞོགས་ལ་བཀོད་ཅེས་པའི་དཔེ་བཞིན།སྔ་མོའི་དུས་ཚོད་དྲུག་པའི་སྟེང་ནས་སློབ་ཁང་དུ་དགེ་རྒན་གྱི་སྣེ་ཁྲིད་འོག་ཞོགས་ཀློག་ལ་ཞུགས་པ།👍👍👍

བདེ་ཐང་ནི་ཡོད་ཚད་ཀྱི་གཞི་མ་ཡིན་ལ།

བདེ་ཐང་ནི་རྒྱལ་ཁ་ཡི་རྩ་བ་ཡིན།

བདེ་ཐང་ནི་ཁྱོད་ལ་མཁོ་སྟེ།

ང་ལའང་དགོས།

དེ་བས་གཙིགས་སུ་བཟུང་།

དེ་བས་ལུས་སྦྱོང་བྱེད།

གཟའ་ཟླ་བར་སློབ་གྲོགས་ཚོས་སྤོབས་པ་ཆེར་བསྐྱེད་དང་།ཡིད་ཆེས་བརྟན་པོའི་ངང་རྒྱལ་དར་ལ་ཁ་གཏད་བཞིན་རྒྱལ་གླུ་བླངས་བ་དང་གུས་འདུད་ཞུ་བ།སྙན་ངག་གྱེར་བ། དེའི་འཕྲོར་སློབ་གཙོ་ཡིས་བདེ་འཇགས་དང་མེ་འགོག་སོགས་ཀྱི་ཐད་ནས་ཤེས་བྱ་ཁྱབ་བསྒྲགས་གནང་བ།

དེ་རིང་ནི་ཟླ༡༡པའི་ཚེས༩ཡིན་ལ།དམིགས་བསལ་གྱི་ཉིན་མོ་སྟེ།༼༡༡༩༽རྒྱལ་ཡོངས་མེ་འགོག་ཉིན་མོ་ཡིན་པས།འཛིན་གྲྭ་ཁག་གིས་མེ་འགོག་གི་ཤེས་བྱ་ཁྱབ་བསྒྲགས་བྱེད་ཅིང་མེ་འགོག་གི་ཤེས་བྱ་བརྗོད་དོན་དུ་བྱེད་པའི་ལག་བཤུས་ཚགས་པར་དང་སྒོ་སམ་ཚགས་པར་གང་མང་མང་བཟོས་པ་མ་ཚད།ད་དུང་སློབ་གྲྭའི་ར་བ་རུ་དགེ་རྒན་རྣམས་ཀྱིས་དཔེར་མཚོན་རི་མོ་འབྲི་བ།

དཀར་མཛེས་ཁུལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་རྫོང་དཔོན་གཞོན་པ་རྒྱ་མཚོ་བཅས་ངེད་སློབ་གྲྭ་རུ་ཕེབས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་འགོག་གི་ཆེད་དོན་བཅོས་སྒྲིག་གི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་དང་དེ་བཞིན་སློབ་གྲྭའི་རྒྱུན་གཏན་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

སློབ་དཔྱོད་ཚོ་ཆུང་ཁག་གིས་སྤྱི་བསྒྲགས་སློབ་ཁྲིད་ལ་ཉན་པ་དང་དེར་འཁྲིད་དཔྱད་བྱེད་པ།

ཉིན་གུང་གི་དུས་ཡུན་བེད་སྤྱད་དེ་སློབ་མོ་རྣམས་ལ་བུད་མེད་ཀྱི་བདེ་ཐང་དང་ལུས་ཁམས་འཕྲོད་བསྟེན་སྐོར་གྱི་རྒྱུན་ཤེས་གླེང་བ།

གྲོན་ཆུང་ནི་དོན་ཆུང་ནས་མགོ་བརྩམ་དགོས་ཤིང།

གྲོན་ཆུང་ནི་ཐུན་མོང་གིས་བསྒྲུབ་འོས་པ་ཞིག་རེད།

གྲོན་ཆུང་ལས་མི་སྒེར་གྱི་ཀུན་སྤྱོད་མཚོན་ཐུབ་ལ།

གྲོན་ཆུང་ལས་རྒྱལ་ཁབ་ཅིག་གི་སྲོལ་བཟང་མངོན་ཐུབ།

གྲོན་ཆུང་ལས་མི་རིགས་ཤིག་གི་བླ་མེད་ཀྱི་ལ་རྒྱ་རྟོགས་ཐུབ།

སློབ་གྲོགས་ཚོས་ཟ་མ་གང་འདོད་དུ་མི་གཏོར་ཞིང་དོན་མེད་དུ་འཕྲོ་བརླག་མི་བྱེད་པ་དེར་བསྟོད་འོས་པ་ཞིག་ག་ལ་མིན།

གུང་ཚིགས་རྗེས་སུ་ཆམ་རིམས་སྔོན་འགོག་བྱེད་ཆེད་སློབ་མ་རྣམས་ལ་སྨན་སྟེར་བའི་རྣམ་པ།

རང་རང་གི་ཕོར་བ་སོགས་རང་རང་གིས་དག་ཅིང་གཙང་མ་ཞིག་བཀྲུ་དགོས་པ་དེ་རང་རེ་སློབ་གྲྭའི་སྲོལ་བཟང་ཞིག་གོ།

སློབ་གསེང་གི་དུས་ཡུན་དུ་རང་འགུལ་སྒོས་སློབ་སྦྱོང་བྱེད་པ་དེ་ཆེས་སྙིང་དུ་སྡུག་པའོ།།

རིགས་རུས་དབྱེ་མེད་ཀྱི་སློབ་གསོ་ལག་བསྟར་བྱེད་པར་སློབ་གྲྭས་བཀོད་སྒྲིག་ལྟར་དུ་གཟའ་མིག་དམར་ཉིན་གྱི་སྔ་དྲོར་དབང་པོ་སྐྱོན་ཅན་གྱི་སློབ་མའི་ཁྱིམ་དུ་སློབ་རོགས་དུ་ཕྱིན་པ་དང་འཚམས་འདྲི་ཞུས་པ།

དགེ་རྒན་གྱི་བྱམས་སྐྱོང་ནི་གྲང་ངར་ཁྲོད་ཀྱི་ཉི་འོད་དེ།

ཁྱོད་ལ་དྲོད་ཁོལ་སྟེར་ཞིང།

ཁྱོད་ལ་རེ་བ་སྩོལ།

སེམས་པ་ནམ་ཡང་སློབ་མ་དང་མཉམ་དུ་གནས་པའི་དགེ་རྒན་རྣམས་ཀྱིས་སློབ་གསེང་གི་དུས་ཡུན་ལ་ཡང་ཆུ་དྲོན་མོས་སློབ་མའི་ལག་པ་འཁྲུད་རོགས་བྱེད་བཞིན་པ་དེ་ཇི་འདྲའི་ཡིད་འོང་ཞིག་ཨང་།
ཁོར་ཡུག ཟ་ཁང་། སློབ་ཁང་། སྡོད་ཁང་།
ལྟོས་དང་།

འབག་བཙོག་གིས་མ་བསླད་པའི་ཁོར་ཡུག་དང་།

དྲོད་སྐྱིད་ཀྱིས་ཁེངས་བའི་སྡོད་ཤག

གཙང་ཞིང་གྲལ་འགྲིག་པའི་ཟ་ཁང་་།

ཡོད་ཚད་ནས་ཡོད་ཚད་དེ་དགེ་རྒན་དང་སློབ་གྲོགས་རྣམས་ཀྱིས་དཀའ་སྤྱད་སྡུག་རུས་ལས་གྲུབ་པ་ཞིག་ཅི་ལ་མིན།

ཉིན་གཅིག་ནང་ལ་སློབ་སྦྱོང་གི་འཚོ་བ་འདི་ལྟར་མཇུག་དྲིལ་རྗེས་ཆུ་དྲོ་ཡིས་རྐང་ལག་བཀྲུས་རྗེས་གཞི་ནས་ཉལ་ཁང་དུ་ཕྱིན་ཏེ་ཉལ་གྲབས་བྱེད་པ།གཟའ་རེས་དགེ་རྒན་གྱིས་ཀྱང་སློབ་གྲོགས་རྣམས་ཀྱི་ལུས་སེམས་གཉིས་ཀྱི་གཙང་སྦྲ་འཕྲོད་བསྟེན་ཐད་ལ་ནན་མོ་བྱེད་པ།

གཟའ་འཁོར་འདིར་གཟའ་རེས་འགོ་ཁྲིད་དང་བཅས་པ་དགོང་མོ་དུས་ཚོད་བཅུ་གཅིག་སྟེང་སློབ་མའི་སྡོད་ཤག་ཏུ་ལོག་སྟེ་སློབ་མའི་བདེ་སྡུག་འདྲི་བ་དེ་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་རྩི་བཞིན་ཡོད།🤪😎😎

རྒྱུན་གཏན་གྱི་ལས་དོན་རྣམས་ཕར་བལྟས་ཚེ་དོན་ཆུང་ཞིག་དང་དཀའ་ཚེགས་མེད་པ་འདྲ་མོད།འོན་ཀྱང་དེ་དག་ཚང་མ་འབད་པས་རྒྱུན་འཁྱོངས་བྱས་པས་གྲུབ་པ་ཞིག་ཡིན་ནོ།།

མཐར་དགེ་སློབ་ཚང་མའི་སྐུ་གཟུགས་བདེ་ཐང་དང་།བྱ་གཞག་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་སྨོན།🙏🙏🙏