ངེད་བྱིས་སྐྱོང་ཁང་གིས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི《ལོ་ན་གསུམ་ནས་དྲུག་བར་གྱི་བྱིས་པའི་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་སློབ་སྟོན》《བྱིས་གཉོར་ཁང་གི་སློབ་གསོའི་མཛུབ་སྟོན་རྩ་གནད》《བྱིས་གཉོར་ཁང་གི་བྱ་བའི་སྒྲིག་སྲོལ》རང་བྱིས་སྐྱོང་ཁང་གི་སློབ་ཁྲིད་སློབ་གསོའི་འཆར་གཞི་སོགས་ལ་གཞི་བཅོལ་ནས་སློབ་གསོའི་མ་ལག་འཐུས་ཚང་དང་བྱིས་སྐྱོང་སློབ་གསོའི་སྤུས་ཚད་མཐོར་འདེགས། བྱིས་པའི་སློབ་གསོའི་བྱང་ཚད་ཚད་ལྡན་ཅན་དུ་ཡོང་བ་བཅས་ལ་དམིགས་ནས་འཛིན་གྲྭ་ཡོངས་ཀྱི་ཁོངས་བཀར་བྱ་འགུལ་ལམ་སྣ་མང་བྱེད་སྒོའི་དོ་ར་གསར་སྐྲུན་གྱི་འགྲན་སྡུར་བྱ་འགུལ་ཞིག་སྤེལ།

རིགས་དབྱེའི་བྱེད་སྒོའི་དོ་ར་ནི་གྲ་སྒྲིག་ཡོད་པའི་ཁོར་ཡུག་ཁྲོད་བྱིས་པའི་རང་དབང་དང་།རང་བདག་རང་འདེམས་བཅས་ཀྱི་བྱེད་སྒོ་སྤེལ་བས་བྱིས་པའི་ཕྱོགས་མང་པོ་དང་རིམ་པ་མང་པོའི་དགོས་མཁོ་སྐོང་ཐུབ།ངེད་བྱིས་སྐྱོང་ཁང་གིས་བྱིས་པའི་ལོ་ཚོད་ཀྱི་ཁྱད་ཆོས་དང་།་འཕེལ་རྒྱས་ཀྱི་དགོས་མཁོ།་སློབ་གསོའི་དམིགས་འབེན་བཅས་གཞིར་བཟུང་ནས།བྱིས་པར་རང་དབང་དང་ལྷོད་ཡངས་ཀྱི་རོལ་རྩེད་ཁོར་ཡུག་བསྐྲུན་ཏེ།་བྱིས་པ་བྱེད་སྒོར་ཞུགས་པའི་ཧུར་བརྩོན་རང་བཞིན་དང་།་རང་འགུལ་རང་བཞིན།་གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱས་པ་དང་།་དགེ་རྒན་གྱིས་ཀྱང་རིགས་དབྱེའི་བྱེད་སྒོ་གསར་འཛུགས་དང་མཛུབ་སྟོན་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལེགས་སྒྲིག་བྱས་པས།་འཕེལ་རྒྱས་དང་སློབ་གསོའི་སྤྲོ་སེམས་བླ་མེད་ཐོབ་པ་རེད།

འབྲོག་པའི་གཅེས་ཕྲུག་མཐོ་སྒང་གི་སྐར་ཚོགས།།

སྦྲ་ནག་གྲུ་བཞིའི་ཐུ་འོག་ནས་ཆས་བཞིན།།

སློབ་ར་གྲུ་བཞིའི་སྒོ་ཆེན་ནས་འཛུལ་ཏེ།།

རྩེད་ར་གྲུ་བཞིའི་གྲུ་ཟུར་ནས་མངོན་ཡོང་།།

དྭངས་གཙང་བྱིས་བློའི་མཁའ་དབྱིངས་སུ།།

སྒྱུ་རྩལ་དོ་རའི་གྲོང་ཁྱེར་ཆགས།།

གྲོགས་པོ་ཆུང་ཆུང་ཀ་དང་ཁ།།

རྩེད་ར་གྲུ་བཞིའི་མཛེས་རྒྱན་ཡིན།།

ན་གཞོན་གསར་བའི་དཔུང་རྡང་ཅིག་གིས།།

བྱིས་སྐྱོང་སློབ་གསོ་ཕྱག་གིས་བསྐྱངས་སོང་།།

ལག་ཟུང་མྱུར་མོའི་རྫུ་འཕྲུལ་ཅིག་གིས།།

སྒྱུ་རྩལ་དོ་རའི་འདབ་བརྒྱ་གྲོལ་སོང་།།

འགྲན་སེམས་འོ་མའི་མཚོ་ཆེན་ངོགས་སུ།།

དུས་རབས་གསར་བའི་གྲུ་ཆུང་དཀྲུགས་བཞིན།།

རིག་པའི་ལྡིང་ཁང་ཐང་མར་བརྡལ་བའི།།

བྱིས་སྐྱོང་སློབ་གསོའི་དབུ་འཕང་བསྟོད་དོ།།