🍁དེང་རབས་ཆ་འཕྲིན་ལག་རྩལ་དེ་སློབ་ཁྲིད་ཁྲོད་བེད་སྤྱོད་པར་སྐུལ་འདེད་དང་།དགེ་རྒན་གྱིས་ཧུར་ཐག་དང་རང་འགུལ་སྒོས་ཆ་འཕྲིན་ལག་རྩལ་དང་རིག་ཚན་ལེགས་སྒྲིལ་ཀྱི་སློབ་ཁྲིད་དངོས་བཤེར་སྤེལ་བར་སྐུལ་མ་གཏོང་དགོས།ཟླ་11ཚེས་11ཉིན་ངེད་གླིང་གིས་སྐབས་བཞི་པའི“རིག་ལྡན་སློབ་གྲྭའི”དགེ་རྒན་ལས་བཟོའི་ཆ་འཕྲིན་སློབ་ཁྲིད་འགྲན་བསྡུར་བྱས་པ་ཡིན། ☀️

🍁为了推动现代信息技术在教学中的运用,鼓励教师积极主动开展信息技术与学科整合的教学实验。11月11日我园进行了第四届“智慧校园”教职工信息教学大赛。☀️

🍂འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་3གིས་ལོ་རིམ་མི་འདྲ་བའི་དུས་མཚམས་ཀྱི་བྱིས་པའི་ལུས་སེམས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་སྐད་ཡིག་དང་། བདེ་ཐང་། སྤྱི་ཚོགས། ཚན་རིགསྒྱུ་རྩལ་སོགས་ཁྱབ་ཁོངས་ཆེ་གྲས་ལྔའི་སློབ་ཚན་བདམས་ནས་བརྒྱུད་ལམ་སྣེ་མང་དང་PPTསོགས་དེང་རབས་ཅན་གྱི་སློབ་ཁྲིད་བྱེད་ཐབས་སྤྱད་དེ་ཆ་འཕྲིན་ལག་རྩལ་དང་སློབ་ཁང་གི་སློབ་ཁྲིད་ཟུང་འབྲེལ་ཡག་པོ་བྱས་པ་དང་གསོན་ཉམས་དོད་པའི་འགྲེམས་སྟོན་དང་། ཐད་ཀའི་བཀོལ་སྤྱོད། ཕན་ཚུན་སྐུལ་འདེད་ཧུར་ཐག་བཅས་བྱས་པས་བྱིས་པའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ་མ་ཟད། སློབ་ཁྲིད་ཀྱི་ཕན་འབྲས་ཀྱང་ལེགས་སུ་ཕྱིན་ཡོད་པ་རེད།🌸

🍂参赛的3位选手根据不同年级段儿童的身心特点,选取了语言、健康、社会、科学、艺术等五大领域类别的课程,借助多媒体、PPT等现代化教学手段,充分展示了信息技术与课堂教学的完美结合,生动的演示、直观的操作、积极的互动,既激发了幼儿的学习兴趣,又优化了教学效果。🌸

💁ད་ཐེངས་ཀྱི་སློབ་ཁྲིད་འཇོན་ཐང་ཅན་གྱི་འགྲན་བསྡུར་ཆེ་མོ་དེས་ང་ཚོའི་དགེ་རྒན་ཚོར་མི་མངོན་པའི་ནུས་པ་སྔོག་འདོན་དང་ཉམས་འགྱུར་མངོན་པ་དང་ཐུན་མོང་ཐོག་འཚར་ལོངས་ཡོང་བའི་ལས་སྟེགས་བཏོད་དེ་ང་ཚོའི་བྱིས་སྐྱོང་གླིང་གི་དགེ་རྒན་གྱི་ཕུལ་བྱུང་ལས་སྒོའི་ཆུ་ཚད་དང་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པ་དང་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད། མཇུག་ཏུ་ཁྲི་འདུ་རྫོང་ལྟེ་གནས་བྱིས་གླིང་གི་སློབ་གསོ་སློབ་ཁྲིད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ✨

💁 此次教学能手大赛给我们幼儿园的教师们搭建了挖掘潜能、展示风采,共同成长的平台,充分展现了我们幼儿园教师精湛的业务水平和良好的精神风貌,促进了教师教学水平的提高。最后,祝愿称多县中心幼儿园的教育教学更上一层楼!✨