ཁྲི་འདུ་རྫོང་སྐབས་བཞི་བའི་ཤེས་རབ་སློབ་གླིང་དགེ་བཟོ་བའི་ཆ་འཕྲིན་སློབ་ཁྲིད་འགྲན་བསྡུར་ཆེན་མོ།

称多县第四届“智慧校园”教职工信息教学大赛

དགེ་རྒན་གྱི་ཆ་འཕྲིན་སློབ་ཁྲིད་བྱེད་ནུས་ཆུ་ཚད་མཐོ་རུ་གཏོང་ཆེད།“ཆ་འཕྲིན་ཅན་གྱི་སློབ་ཁྲིད”དང་འཚམ་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གསར་གཏོད་རྣམ་པའི་དགེ་རྒན་དཔུང་ཁག་ཅིག་བཏོད་ནས《2020ལོའི་སྐབས་བཞི་པའི“ཤེས་རབ་སློབ་གྲྭའི”དགེ་རྒན་དང་ལས་བཟོ་པའི་ཆ་འཕྲིན་སློབ་ཁྲིད་འགྲན་བསྡུར་ཆེ་མོ་ཡོངས་བསྒྲགས་བྱ་རྒྱུའི་སྐོར་གྱི་ཁྲི་འདུ་རྫོང་སློབ་གསོ་གཞུང་ལས་ཁང་གི་བརྡ་ཐོའི》བླང་བྱ་གཞིར་བཟུང་།ངེད་གླིང་གིས་ལོ་འཁོར་འདིར་ཤེས་རབ་སློབ་གྲྭའི་ཆ་འཕྲིན་ཅན་བརྗོད་བྱ་གཙོ་བོར་བྱས་པའི་དགེ་རྒན་ཆ་འཕྲིན་ཅན་གྱི་སློབ་ཁྲིད་འགྲན་བསྡུར་ཆེ་མོ་སྤེལ་བ་ཡིན།དགེ་རྒན་ཁག་གིས་འདེམས་སྒྲུག་བྱས་ནས་འོས་སྦྱོར་བྱས་པ་བརྒྱུད་ཁྱོན་ཁྲོད་ཕུལ་བྱུང་དགེ་རྒན་གསུམ་འདེམས། རྩལ་ནུས་འགྲན་བསྡུར་དང་བསམ་ཚུལ་བརྗེ་རེས་བྱས་ནས་སྐར་ཆ་གསུམ་གྱི་འཆད་ཁྲིད་དེ་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་གར་སྟེགས་ཆེན་པོ་ཞིག་ཏུ་བརྩིས་ཏེ་རང་སོ་སོའི་སློབ་ཚན་ནང་མཉམ་འདྲེས་ཐུབ་པ་བྱས་ནས་ཆ་འཕྲིན་ཅན་གྱི་སློབ་ཁྲིད་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་ཆབས་ཅིག་དགེ་རྒན་གྱི་འགྲན་བསྡུར་ནང་ཞུགས་པའི་དགེ་རྒན་ཚོར་ཕུལ་བྱུང་གི་འགྲན་བསྡུར་གྲུབ་འབྲས་ཐོབ་རྒྱུའི་སྨོན་འདུན་ཡང་ཞུས་ཡོད་པ་རེད།

为提升教师信息化教学能力和水平,打造一支适应“信息化教学”的高素质专业化创新型教师队伍,根据《称多县教育办公室关于发布2020年第四届“智慧校园”教职工信息教学大赛的通知》的要求,我园举办了本年度以智慧校园信息化为主题的教师信息化教学大赛。经各教师选拔推荐,共有3位教师脱颖而出进入决赛,希望各位选手能切磋技艺和交流心得,把三尺讲台当做实现立德树人的大舞台,在各自的课程中有机融入,积极探索信息化教学模式,并预祝各位老师参赛老师取得优异的比赛成绩。

ད་ཐེངས་ཀྱི་འགྲན་བསྡུར་བརྒྱུད་ཆ་འཕྲིན་ཅན་གྱི་སློབ་ཚན་འཛུགས་སྐྱོང་དང་དགེ་རྒན་གྱི་ཆ་འཕྲིན་ཅན་གྱི་ནུས་པ་སོགས་སྔར་བས་ཤེས་རྟོགས་དང་བསམ་ཤེས་ཐུབ་ནས་རང་ངོས་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུར་རོགས་རམ་ཆེན་པོ་ཐུབ་ཡོད་པ་རེད།སློབ་གྲྭས་ད་ཐེངས་ཀྱི་འགྲན་བསྡུར་གོ་སྐབས་སུ་བྱས་ནས་གསོ་སྦྱོང་དང་ཟུར་ཁྲིད་རབ་དང་རིམ་པ་བྱས་ཏེ་རྒྱ་ཆེའི་དགེ་རྒན་གྱིས་རང་འགུལ་ངང་ཆ་འཕྲིན་ཅན་གྱི་སློབ་ཁྲིད་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་སྐུལ་ལྕག་བྱེད་པ་དང་།དགེ་རྒན་དེ་བས་མང་བས་ཆ་འཕྲིན་དུས་རབས་ཀྱི་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ཀྱི་འཚོལ་མཁན་དང་ཡིད་ཆེས་ཅན་གྱི་སློབ་ཁྲིད་ལག་ལེན་བྱེད་མཁན་བྱེད་ཕོད་པ་བྱས་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུའི་ལྕག་སྐུལ་བྱ་རྒྱུ་རེད།

通过此次比赛,对信息化课程建设、教师信息化能力等方面有了进一步的认知与理解,对自身能力的提升有很大帮助。学校将以此次比赛为契机,组织系列的培训和辅导,激励广大教师主动应对信息化教学挑战,激励更多的教师勇做信息时代教育教学改革的探路者和信心化教学实践者,全面提高教育教学质量。