ཅོ་ནེའི་ཡིག་གཟུགས་མཐུན་ཚོགས་དབུ་བརྙེས་པ།

卓尼县藏医医院🏥

འཕགས་པའི་ཡུལ་ནས་ངལ་དུབ་ཁྱད་བསད་ཀྱིས།།

རིག་པའི་ཕྱི་མོ་ཀུན་ལ་ལེགས་བསླབས་ནས།།

གངས་ཅན་བོད་ཀྱི་སྐད་བརྡ་རིག་པའི་གཞུང་།།

དབྱངས་གསལ་ཡི་གེ་རྩོམ་མཛད་མཆོག་ལ་འདུད།།

གོང་རིམ་ཏང་དང་འོག་གི་འབད་པ་ལས།།

གཉིས་སྟོང་གཉིས་ལོའི་ས་ག་ཟླ་བའི་ནང་།།

བོད་རྒྱལ་འཁྲུངས་ཡུལ་གནས་མཆོག་ཅོ་ནེ་རུ།།

བོད་ཡིག་མཐུན་ཚོགས་ཚུགས་པའི་བསྐལ་བ་ཤར།།

ཡི་གེའི་གཅེས་ནོར་བཞི་ཡིས་ལེགས་གྲུབ་པའི།།

ངོ་མཚར་མཚོན་རྟགས་ཡི་གེའི་གཟུགས་རིས་གྱིས།།

དུས་གསུམ་འཆར་བའི་དོན་གྱི་སྙིང་ཁུ་ཡང་།།

ས་འཛིན་དཀར་པོའི་པང་དུ་ལྟེམས་སེར་འཁྱིལ།།

སློབ་དཔོན་གུ་དྲག་ཡིག་མཁན་སངས་བཀྲ་དང་།།

སྒྱུ་རྩལ་རྩོམ་གྱིས་ཕྱུག་པའི་ཕྱག་རྡོ་ཡིས།།

ལེགས་བཤད་གསུང་གི་བདུད་རྩི་འི་ཆར་གྱི་རྒྱུན།།

སེམས་ཀྱི་ཞིང་ས་བརླན་པའི་རྒྱུ་རུ་འཕོས།།

ཀྲུའུ་ཞི་ཚེ་དཔག་ཨ་ཁུ་ཆོས་གྲགས་དང་།།

ཡིག་མཁན་ཀུན་གྱི་ལག་པའི་སོར་མོའི་རྩལ།།

ཅི་དགར་ངོམས་པའི་འགྲེམས་སྟོན་འདི་འདྲ་ཡང་།།

མིག་གི་ལོངས་སྤྱོད་སེམས་ཀྱི་གསོས་སུ་སྨིན།།

ཐུ་མིའི་བཞེད་གཞུང་ཁྱུང་པོའི་ཕྱག་རྩལ་གྱི།།

ཐིག་བཤད་ཐེམ་སྐས་དཀྱིལ་ལ་མ་འཛེགས་པར།།

རང་དགར་བྲིས་པས་ས་གསུམ་གང་ན་ཡང་།།

བྲིས་ཀྱི་བ་གམ་མཐོན་པོར་ག་ལ་སླེབས།།

སྣ་ཚོགས་ཡི་གེ་འབྲི་ཀློག་ཚེགས་མེད་པར།།

ཚེ་རབས་ཕྲེང་བར་བསིལ་ལྡན་བོད་ཡུལ་དུ།།

བཀའ་བསྟན་གཞུང་ལུགས་དག་ལ་ལེགས་མཇལ་ནས།།

འགྲོ་ཀུན་ཞི་བདེའི་དཔལ་ལ་ལོངས་སྤྱོད་ཤོག།

ཡིག་གཟུགས་མཐུན་ཚོགས་ནས།

༢༠༢༠-༡༠-༣༠