མང་རྫོང་སུམ་མདོ་གྲོང་རྡལ་ཆུ་གཞུང་ནེའུ་སྐྱོང་གླིང་གིས་གླུ་གཞས་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།

森多镇青科羊幼儿园

སྤེལ་ཐེངས་དྲུག་པ།

2020.10.28

གོང་རིམ་སྡེ་ཁག་གི་བཀོད་སྒྲིག་དང་ནེའུ་གླིང་རང་གི་འཆར་ཅན་ལྟར༼བདག་གིས་མ་ཡུམ་སློབ་གྲྭར་གླུ་གཞས་འབུལ༽ཞེས་པ་བརྗོད་གཞི་བྱས་ནས་གླུ་གཞས་འགྲན་བསྡུར་གྱི་བྱ་འགུལ་འདི་སྤེལ།

ནེའུའི་སྒྱུ་རྩལ་བྱང་ཚད་གསོ་སྐྱོང་དང་།   བྱིས་པའི་གླུ་གཞས་ཆུ་ཚད་མཐོ་རུ་གཏོང་བ། སྙིང་སྟོབས་ཆེན་པོས་རང་ཉིད་ཀྱི་ནུས་པ་སྔོག་འདོན་བྱེད་པར་དམིགས་ནས﹛བདག་གིས་མ་ཡུམ་སློབ་གྲྭར་གླུ་གཞས་འབུལ﹜ཞེས་པ་བརྗོད་གཞི་བྱས་ནས་འཛིན་གྲྭ་ཡོངས་ལ་ཁ་ཕྱོགས་ཏེ་འགྲན་བསྡུར་རང་བཞིན་གྱི་བྱ་འགུལ་འདི་སྤེལ།

ཐོག་མར་འཛིན་གྲྭ་རེ་ནས་མཉམ་ལེན་གཅིག་རེ་གྲ་སྒྲིག་བྱེད་དགོས་ཤིང་དེ་ནས་འཛིན་གྲྭ་རེ་ནས་བྱིས་པ་ལྔ་རེ་འགྲན་བསྡུར་ལ་ཞུགས་པ།

འགྲན་བསྡུར་གྱི་རེ་བ།

༡.འགྲན་བསྡུར་གླུ་གཞས་ལེན་པའི་དུས་ཡུན་དུས་ཚོད་སྐར་མ་༤ལས་འདའ་མི་རུང་། ༢.གླུ་གཞས་ཀྱི་ནང་དོན་ནེའུའི་ལོ་ཚོད་དང་མཐུན་དགོས། རྒྱ་གླུ་དང་བོད་གླུ་ལ་ཁྱད་མེད།

༣.འགྲན་བསྡུར་སྐབས་CDདང་VCDསོགས་ཀྱི་མཉམ་སྒྲོག་རོལ་མོ་གཏང་ཆོག ༤.འཛིན་བདག་གིས་འགྲན་ཞུགས་དུས་ཚོད་དང་འགྲན་ཞུགས་པའི་མིང་ཐོ་སོགས་དུས་ལྟར་མཁོ་སྤྲོད་བྱེད་དགོས།

ཐེངས་འདིའི་གླུ་གཞས་འགྲན་བསྡུར་གྱི་འགྲན་ཞུགས་པའི་དཔུང་སྡེའམ་ཁོ་ཚོའི་གར་སྟེགས་སྟེང་གི་གཟི་ཉམས།

འཛིན་ཆུང་གི་བྱ་དགའ་ཐོབ་པའི་སློབ་མ།

འཛིན་འབྲིང་གི་བྱ་དགའ་ཐོབ་པའི་སློབ་མ།

འཛིན་ཆེན་གྱི་བྱ་དགའ་ཐོབ་པའི་སློབ་མ།

ཐེངས་འདིི་འཛིན་གྲྭ་ཡོངས་ཀྱི་བྱ་དགའ་ཐོབ་པའི་སློབ་མའི་མཉམ་པར།

དགེ་རྒན་རྣམས་ཀྱིས་དྲང་བདེན་དང་གནས་ལུགས་ལ་གཞི་བཅོལ་སློབ་མའི་འགྲན་བསྡུར་གྱི་གྲུབ་འབྲས་ལ་སེམས་ཀྱི་སྐར་གྲངས་བྱིན་ཚུལ།

ཐེངས་འདིའི་བྱ་འགུལ་ལ་འཛིན་བདག་དགེ་རྒན་རྣམས་ཀྱི་བཀོད་སྒྲིག་དང་ང་ཚོའི་ནེའུ་གླིང་གི་དགེ་བཟོ་བ་ཡོངས་ཀྱི་མཛའ་མཐུན་གསེར་གྱི་ཐག་པས་གཅིག་སེམས་གཅིག་ལ་འདྲིལ་ཏེ་བྱ་འགུལ་གྱི་མགོ་མཇུག་བར་གསུམ་དུ་བཀྲ་ཤིས་ཤིང་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས།