༄༅།།སྐབས་གཉིས་པའི་སློབ་རའི་རྐང་གྲུག་འགྲན་སྡུར།第二届校园足球比赛圆满结束

双岔中心

རྐང་གྲུག་འགྲན་སྡུར་ལེགས་སྤེལ་ནས།། སྤྲོ་དགས་སློབ་གྲྭ་ཡོངས་སུ་གཏམས།།

སྐལ་ལྡན་སློབ་མའི་ཚོགས་ཀྱི་རྩལ་ནུས་སྔོག་འདོན་དང་། དགའ་ཕྱོགས་སྐྱེད་སྲིང་། ཁྱད་ནུས་གོང་སྤེལ་གཏོང་ཕྱིར་རམ། ནམ་རྒྱུན་གྱི་སློབ་སྦྱོང་གི་གནོན་ཤུགས་དང་ངལ་དུབ་སེལ་ནས་སྤྲོ་དགས་ཡོངས་སུ་གཏམས་པའི་སློབ་ར་བསྐྲུན་ཆེད་དམ། སྤོབས་ཆེན་ཉམས་ལེན་དང་རང་བདག་འཚོལ་རྟོག མཉམ་འབྲེལ་གོང་སྤེལ་གྱི་སློབ་སྲོལ་བཟང་པོ་དེ་སྔར་བས་ལག་ལེན་དར་སྤེལ་གཏོང་ཆེད་དུ། ཟམ་ཚ་གྲོང་རྡལ་ལྟེ་གནས་སློབ་ཆུང་གིས་སྤྱི་ཟླ10བའི་ཚེས12ཉིན་ནས་ཚེས20ཉིན་བར་གྱི་དུས་ཡུན་ཉིན7གྱི་རིང་སྐབས་གཉིས་པའི་སློབ་རའི་རྐང་གྲུག་འགྲན་སྡུར་གྱི་བྱ་འགུལ་གཟབ་རྒྱས་ངང་སྤེལ།

འགྲན་སྡུར་བྱ་འགུལ་འདིའི་དགོངས་དོན་དངོས་ནི་སློབ་མ་མང་ཆེ་བའི་མཚར་སེམས་དང་འདོད་བློ་སྐོང་ཐུབ་ཆེད་དང་སློབ་མ་མང་ཆེ་བའི་དགའ་ཕྱོགས་དང་ཁྱད་ནུས་སྐྱོང་ཐུབ་ཕྱིར་དུ་ལགས་པས། ཁྱོན་ཚབ་ཞུགས་རུ་ཁག12དང་འགྲན་ཞུགས་རུ་མི100ལྷག་དངོས་སུ་འགྲན་སྡུར་ལ་ཞུགས། གྲ་སྒྲིག་གི་རིམ་པའི་ཁྲོད། དགེ་རྒན་རྣམ་པས་རང་ངོས་ནས་རྩལ་ཁྲིད་མཛུབ་སྟོན་གང་ལེགས་བགྱིས་ཤིང་། འགྲན་སྡུར་དངོས་ཀྱི་སྐབས་སུ་ལུས་རྩལ་བ་རེ་རེ་ནས་འདྲིས་པའི་རྐང་རྩལ་ངོམ་ནས་མགྱོགས་པའི་བང་ཁ་སྡུར་པ་མ་ཟད། འདྲ་མཉམ་གྱིས་རྒྱལ་ཕམ་རྩོད་པ་དང་། མཉམ་འབྲེལ་གྱིས་རྟིང་མ་ལེན་པའི་རྩལ་དྲུག་ཅི་ཡང་ངོམ།

རྐང་གྲུག་ར་བ་ན་ལུས་རྩལ་བ་ཚོ་རྩལ་གྱིས་རྒྱུག་ཅིང་། རྩལ་རའི་མཐའ་སྐོར་ན་ལྟད་མོ་ཚོ་དགའ་བས་དགོད། ཐ་ན་ལོ་བདུན་ལ་སོན་མ་ཐག་པའི་ལུས་རྩལ་ཚོས་ཀྱང་དགའ་མོས་ཆེན་པོ་དང་བྱང་ཆ་དོད་པོ། མཚར་སེམས་དྲག་པོས་རྐང་གྲུག་རྩེད་པ་ལ་བལྟས་ན། སྐལ་ལྡན་སློབ་མ་རེ་རེ་ལ་བསམ་གྱིས་མི་ཁྱབ་པའི་སྦས་ཤུགས་ཡོད་པ་བདེན་དཔང་བྱེད་ཐུབ་ལ། རྩལ་དང་ནུས་པ་དེའང་ལོ་ན་ཆུང་ནས་སྦྱོང་དགོས་ཤིང་། དགའ་ཕྱོགས་དང་ཁྱད་ནུས་དེའང་ལོ་ན་ཆུང་དུས་ནས་རྙེད་དགོས་པའི་ངེས་ཟིན་འཐོབ་པར་བྱེད།

སྐབས་རེར་ནམ་ཟླ་འཁྱག་ལ་ཕྱིན་ནས་གྲང་ངར་རུས་ལ་ཟུག་ཀྱང་། རྩལ་ལྭ་ཐར་རྐྱང་གོན་པའི་ལུས་རྩལ་པ་ཚོའི་དགའ་མོས་འགོག་མ་ཐུབ་ལ། ལན་རེར་སྤྲིན་ནག་སྟུག་ཏུ་ཕྱིན་ནས་ཁ་ཆར་འདྲེས་མར་འབབ་ཀྱང་། མེ་དྲོད་སེམས་སུ་འབར་བའི་འགྲན་ཞུགས་པ་ཚོའི་འཚོལ་སྙེག་བཅིལ་མ་ཐུབ།

དེ་ལྟར་དུས་ཡུན་ཉིན་བདུན་ལྷག་གི་ཚ་ཚ་འུར་འུར་གྱི་འགྲན་སྡུར་བརྒྱུད། གློག་ཞགས་རུ་ཁག་སོགས་རུ་ཁག་གསུམ་ལ་རང་སྐོར་ཁག་གི་ཨང་དང་པོའི་བྱ་དགའ་འཐོབ་ཅིང་། ལྗང་མྱུག་རུ་ཁག་སོགས་རུ་ཁག་གསུམ་ལ་རང་སྐོར་ཁག་གི་ཨང་གཉིས་པའི་བྱ་དགའ་འཐོབ།

ད་དུང་བཀྲ་ཤིས་དོན་འགྲུབ་སོགས་ལུས་རྩལ་བ་གསུམ་ལ་ཕུལ་བྱུང་ལུས་རྩལ་པ། ཕུལ་བྱུང་སྒོ་སྲུང། ནང་འཇུག་མཁན་རྩེ་གྲས་སོགས་ཀྱི་མི་སྒེར་གྱི་གཟེངས་རྟགས་འཐོབ།

ལོ་ན་ཆུང་ཆུང་གི་ལུས་རྩལ་བ་འདི་ཚོ་ལ། ཐེངས་དང་པོར“གསེར་གྱི་བུམ་པ”དང་། “དངུལ་གྱི་གེའུ”ཡི་གཟེངས་རྟགས་འཐོབ་པས། ཁྱད་ནུས་འཕེལ་རྒྱས་ལ་རྟིང་སྐུལ་བླ་མེད་གནང་ཞིང་། དགའ་ཕྱོགས་རྒྱུན་སྐྱོང་ལ་ཡིད་ཆེས་བརྟན་པོ་སྦྱིན་ནས་འོད་འཚེར་བའི་ཕྱིན་དྲན་རེ་རེ་བསྐྱུར་ཐུབ་སོང་།

གཟེངས་རྟགས་མ་འཐོབ་པའི་འགྲན་ཞུགས་རུ་མི་གཞན་རྣམས་ཀྱིས་ཀྱང་མཉམ་འབྲེལ་བགྱིས་ན་རྟིང་མ་ལོན་ཐུབ་ཅིང་། སྦྱོང་བརྡར་བགྱིས་ན་རྒྱལ་ཁ་ལོན་སྲིད་པའི་གདེང་ཚོད་དང་མྱོང་གོམས་དངོས་སུ་རྙེད།

གང་ལྟར་འགྲན་སྡུར་ཆུང་ཆུང་འདིས་ལོ་ན་ཆུང་ཆུང་གི་བྱིས་པ་ཚོར་སེམས་ཚོར་མི་འདྲ་བ་ཆེན་པོ་ཆེན་པོ་བཞག་ཐུབ་པ་མ་ཟད། ཟླ10བར་དངོས་སུ་འགྲུབ་བའི་སློབ་རའི་རྐང་གྲུག་ར་བར་གཟི་བྱིན་གྱིས་ཡོངས་སུ་སྤྲས་སོང་།

快乐足球 腾飞梦想

为进一步响应“足球进校园”的号召,丰富学生的课余生活,让孩子们在足球运动中学会敢打敢拼、团结进取的精神,同时激发他们对体育运动的喜好,培养他们良好的运动习惯。

我校在政教处的安排部署下,于10月12日至10月21日进行了为期7天的“第二届校园足球比赛”活动,比赛活动顺利进行,并取得了圆满结束。

此次比赛采用男子9人制单场淘汰制比赛规则,11个班级全部报名, 共有12支球队参赛,参赛人数达108人,全体师生全部直接或间接的参与到此次活动中,是历年来规模最大的一届校园体育活动。

各班主任、任课教师非常重视本次比赛,认真选拔队员,利用课余时间科学练习,紧张的为比赛做准备。

在比赛过程中,寒冷的天气并未影响到孩子们对足球运动的热情,场上“运动员”们紧张激烈的比拼着,场下师生们的呐喊声震耳欲聋,加油声、叫好声、叹息声此起彼伏,场面好不热闹。

有时一场比赛下来,有的同学、老师嗓子都喊哑了,可见每个班级都有着很强的凝聚力和集体荣誉感。体育老师认真积极组织比赛,裁判员们公平公正执裁,未出现争议事件。

经过7天的角逐,从一到六年级12支代表队中,共产生高、中、低年级组冠军、亚军、精神文明奖8个集体奖项;“最佳射手”、“最佳守门员”、“优秀运动员”三个个人奖项。

通过本次比赛,让许多同学们对足球这个项目产生了很大的兴趣爱好,不仅锻炼了体魄,也增强了孩子们的集体荣誉感、相互协作、团结拼搏、积极向上的进取意识。

我们要以此为契机,坚持培养学生对足球运动的热爱与追求,努力将校园足球这项运动长足发展。

优秀运动员

比赛

足球运动

校园

足球

运动员

荣誉感

圆满结束

足球比赛

班级

集体