藏族画家索南东智作品欣赏——རི་མོ་བ་བསོད་ནམས་དོན་གྲུབ་ཀྱི་གསར་རྩོམ་རི་མོ།

༜བླ་ཚང索东

བླ་ཚང་བསོད་ནམས་དོན་གྲུབ།

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མཛེས་རྩལ་སློབ་གླིང་གི་བོད་ཀྱི་རི་མོའི་དགེ་རྒན།

མཚོ་སྔོན་ཞིང་ཆེན་གྱི་མཛེས་རྩལ་པ་མཐུན་ཚོགས་ཀྱི་ཚོགས་མི།

2005ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་བོད་ཀྱི་རི་མོའི་ཆེད་ལས་ཀྱི་དངོས་གཞི་རིམ་པ་མཐར་ཕྱིན།

2013ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྲོལ་རྒྱུན་རི་མོའི་ལག་རྩལ་དང་གཞུང་ལུགས་ཀྱི་ཞིབ་འཇུག་སློབ་མའི་བསླབ་གནས་བླངས།

2020ལོའི་ཟླ་9་པར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་མཛེས་རྩལ་རིག་པའི་འབུམ་རམས་པར་རྒྱུགས་འཕྲོད།

2011ལོར་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་གཙོ་སྒྲུབ་བྱས་པའི་སྐབས་དང་པོའི་བོད་ཁུལ་གྱི་ཐང་གའི་ལག་རྩལ་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།

2016ལོར་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་ཐང་གའི་འགྲེམ་སྟོན་སྐབས་གཉིས་པའི་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ།

2019ལོར་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སྐབས་གསུམ་པའི་"བུམ་པ་རྟགས་མའི་”སྒྱུ་རྩལ་ཇུས་འགོད་བརྩམ་ཆོས་འགྲན་སྡུར་ཁྲོད་དགེ་རྒན་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ།

སྔ་ཕྱིར《ཐང་ག་འབྲི་ཚུལ་》དང་། 《མི་དང་ལྗོངས་དངོས་ཀྱི་རྣམ་པ་འབྲི་ཚུལ།》 《སྲོག་ཆགས་འབྲི་ཚུལ།》 《ཐང་གའི་ཐིག་རྩ།》 《བོད་ཀྱི་རྣམ་ཐར་ཆེན་པོ་བརྒྱད་ཀྱི་མུ་འབྲེལ་རི་མོའི་དཔེ་དེབ་》བཅས་དཔེ་དེབ་བཅུ་གཉིས་པར་དུ་བསྐྲུན། གཞན་《བོད་ཀྱི་རི་མོའི་བྱུང་འཕེལ་དང་བྲིས་ལུགས་ཀྱི་ཁྱད་ཆོས་མདོ་ཙམ་བརྗོད་པ།》 《བོད་ཀྱི་རི་མོའི་བྲིས་ལུགས་བྱིའུ་སྒང་ལུགས་ཀྱི་སྐོར་རགས་ཙམ་གླེང་བ།》 《བོད་ཀྱི་རི་མོའི་ཐིག་རྩའི་སྐོར་གླེང་བ་》སོགས་དཔྱད་རྩོམ་དུ་མ་ 《སྤང་རྒྱན་མེ་ཏོག་》དང་། 《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》 《སྒྱུ་རྩལ་དུས་སྟོང》་སོགས་ཀྱི་དུས་དེབ་ཏུ་སྤེལ།

索南东智: 西北民族大学美术学院藏画专任教师,青海省美术家协会会员。2005年毕业于青海民族大学艺术系,并获得艺术设计专业(民族工艺美术方向)本科学士学位, 2013年获得西藏大学美术学专业(藏族传统美术技法研究方向)硕士学位,现西藏大学2020级中国少数民族艺术专业(藏族美术研究方向)在读博士。从事藏族传统美术理论与技法研究,2011年青海藏文化博文院举办的“首届藏区唐卡技能大赛”中获得“一等奖”,2016年第二届全国高校师生唐卡展中获得教师组“二等奖”,2019年第三届“国青杯”全国高校艺术设计作品大赛中获得教师组“一等奖”,2012年独立完成了“十二五”国家重点图书出版规划项目《唐卡绘画技法》、《人与景物绘画技法》、《动物绘画技法》等专著,2016年完成了国家重点图书出版规划项目出版专项资金资助项目《唐卡度量》书,2019年完成了“十三五”国家重点出版物出版规划项目中国藏戏八大经典丛书《白玛文巴》、《智美更登》、《卓哇桑姆》、《朗萨雯蚌》、《顿月顿珠》、《苏吉尼玛》、《诺桑王子》、《文成公主》等连环画著作,并发表多篇藏族美术相关的学术论文。

འཛམ་གླིང་འཛིན་མའི་ཡང་རྩེར་གནས་པའི་ང་ཚོར་མེས་པོ་དག་གི་ཤེས་རབ་ཀྱི་ཉིང་བཅུད་ལས་བྱུང་བའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང་།བོད་ཀྱི་རིག་གནས་བཅུ་ལས་བཟོ་རིག་པའི་ཡ་གྱལ་རི་མོའི་སྒྱུ་རྩལ་འདི་ཡང་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་། ཡིད་དབང་འགུག་པའི་སྒྱུ་རྩལ་གྱི་བྱེད་ནུས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བས།འཛམ་གླིང་གི་སྒྱུ་རྩལ་བརྩམས་ཆོས་ཁྲོད་དུའང་ངོ་མཚར་བའི་གཟི་བྱིན་ངོམ་བཞིན་ཡོད།

སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བོད་ཀྱི་རི་མོའི་སྒྱུ་རྩལ་གྱིས་ཆོས་ལུགས་ཀྱི་ནང་དོན་གཙོར་བཟུང་ནས་སྤྱི་ཚོགས་འཚོ་བར་གང་འཚམ་གྱི་ཕན་ནུས་འདོན་བཞིན་ཡོད་པ་དང་། ལྷ་རིས་སྒྱུ་རྩལ་ནི་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་སྲོག་ཤིང་དུའང་གྱུར་ཡོད། ནང་དོན་གྱི་ཆ་ནས་སྟོན་པ་སངས་རྒྱས་གཙོ་བྱས་པའི་རྣར་ཐར་དང་རྟོགས་བརྗོད། གསང་སྔགས་རྒྱུད་སྡེ་བཞི་དང་འབྲེལ་བའི་ལྷ་ཚོགས་ཀྱི་བཀོད་པ་དང་། བོད་ཀྱི་རིག་གཞུང་ལས་ཕྱིའི་རྣམ་པ་མཚོན་པར་བྱས་པའི་སྐར་རྩིས་རིག་པའི་རི་མོ་དང་གསོ་རིག་རྒྱུད་བཞིའི་སྐོར་གྱི་སྨན་ཐང་རི་མོ་སོགས་ལས་གཞན། དམངས་སྲོལ་དང་འབྲེལ་བའི་ཡུལ་སྲོལ་དུས་ཆེན་གྱི་རྣམ་པ་དང་། བཟོ་སྐྲུན་རྒྱན་རིས་དང་རྒྱན་གོས་རི་མོ་སོགས་ཀྱང་བརྗོད་བྱར་བཟུང་ནས་བྲིས་ཡོད། འབྲི་ལུགས་ཀྱི་ཆ་ནས་བལ་བྲིས་དང་བྱིའུ་སྒང་ལུགས། སྨན་ལུགས། མཁྱེན་ལུགས། སྒར་བྲིས་ལུགས་སོགས་བྲིས་ལུགས་ཆེན་པོ་ལྔ་ཡོད་པ་དང་། བྱེ་བྲག་གི་བྲིས་ལུགས་ཆུང་བ་རེ་འགའ་ཡང་བྱུང་ཡོད། རི་མོའི་བསྟན་བཅོས་ཀྱི་ཐད་ནས་སྔོན་བྱོན་མཁས་དབང་རྣམས་ཀྱིས་བརྩམས་པའི་བཟོ་རིག་པའི་བསྟན་བཅོས་མང་པོ་ཡོད་པ་དང་། དེང་གི་དུས་སུའང་བཟོ་རིག་པའི་དཔེ་དེབ་བྱུང་དང་འབྱུང་མུས་སུ་ཡོད།

ལྷ་བྲིས་ལས་གཞན་དངོས་བྲིས་དང་དོན་མཚོན་རི་མོ་སོགས་ཀྱང་བོད་ལ་སྔར་ནས་འབྲི་སྲོལ་ཡོད་པ་དང་། དེང་སྐབས་བོད་དུའང་སྣུམ་ཚོན་རི་མོ་དང་ཀྲུང་གོའི་རི་མོ་སོགས་ཀྱི་འབྲི་ལུགས་ཀྱང་དར་ཁྱབ་བྱུང་བ་དང་བསྟུན། བོད་ཀྱི་སྲོལ་རྒྱུན་ལྷ་རིས་སྒྱུ་རྩལ་དེར་ལེགས་ཉེས་ཀྱི་འགྱུར་བའང་ཐེབས་བཞིན་ཡོད། ལྷག་པར་དུ་སྤྱི་ཚོགས་དཔལ་འབྱོར་ཅན་དུ་གྱུར་པའི་དུས་སྐབས་འདིར་བོད་ཀྱི་སྲོལ་རྒྱུན་ཐང་གའི་སྤུས་ཚད་དང་ནང་དོན་བཅས་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་པས། ང་ཚོར་མཚོན་ན་དངོས་ཡོད་གནས་ཚུལ་ལ་ཞིབ་ཏུ་བསམ་གཞིག་གནང་སྟེ། ལྷ་རིས་སྒྱུ་རྩལ་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་བཏང་སྟེ་སྲོལ་རྒྱུན་གྱི་འབྲི་ལུགས་རྒྱུན་སྐྱོང་དང་། བོད་ཀྱི་རི་མོའི་ལག་རྩལ་ལ་བྱང་ཆུབ་པ། འབྲི་ལུགས་གཞན་ཡང་ལེགས་པར་ཤེས་པ་སོགས་གཞུང་ལུགས་དང་ལག་རྩལ་ཟུང་འབྲེལ་སྒོས་སྒྱུ་རྩལ་གྱི་རང་བཞིན་ལྡན་ཞིང་གསར་རྩོམ་གྱི་ཉམས་ལྡན་པའི་བརྩམ་ཆོས་མང་དུ་འབྱུང་སྟེ་བོད་ཀྱི་རི་མོའི་སྒྱུ་རྩལ་འདི་ཉིད་ཀྱི་མཚོན་ཐབས་དང་ལམ་ཁ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ་ནི་གནད་དམ་པར་འཁུམས་སོ། །

一、དཔེ་དེབ།著作

二、中国藏戏八大经典丛书局部插图

1.赞普与公主

2.白玛文巴

3.顿月顿珠

4.卓娃桑姆

5.诺桑王子

6.苏吉尼玛

7.智美更登

8.朗萨雯蚌

三、插图创作过程

四、唐卡度量局部插图

五、雕刻浮雕设计作品