ལོ་རེ་ཡི་སྤྱི་ཟླ་བཅུ་བ་སྟེ་སྟོན་ཐོག་ལེགས་སྨིན་གྱི་བཅུད་ལ་རོལ་བའི་དུས་བཟང་ནི་ང་ཚོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་ཐེངས་བདུན་ཅུ་དོན་གཅིག་ལོན་བར་ཁེལ་ཡོད་པས་ང་ཚོ་མི་རིགས་ང་དྲུག་གིས་མེས་རྒྱལ་ལ་བསྟོད་གླུ་དང་གུས་ཚིག་སོགས་ལྷད་མེད་སེམས་ཀྱི་ཁ་ཏོག་ཕངས་མེད་དུ་སྟོན་པའི་ཉིན་མོ་ཡིན་ལ།

ང་ཚོ་མེ་ཏོག་གངས་ལྷ་བྱིས་སྙོར་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་ཀྱང་ཀྲུང་གོའི་རྒྱལ་དར་མཐོན་པོར་བསྒྲེངས་ཤིང་ཀྲུང་གོ་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་དོན་གཅིག་ལོན་པར་རྟེན་འབྲེལ་ཞུ་བ་དང་ཆབ་ཅིག་ཀྲུང་གོ་རྒྱལ་ཁབ་ནི་ང་ཚོའི་རྒྱལ་ཁབ་ཡིན་པ་ཤེས་ཆེད་ངེད་མེ་ཏོག་གངས་ལྷ་བྱིས་སྐྱོང་ཁང་འཛིན་གྲྭ་ཆེ་བས་དགེ་རྒན་རྣམ་པ་དང་སློབ་གྲོགས་ཚོའི་ཀྱང་ཀྲུང་གོ་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་ཐེངས་བདུན་ཅུ་དོན་གཅིག་ལོན་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་སྤྲོ་འཚོགས།

ཆུང་དུས་ནས་སྲོལ་རྒྱུན་རྒྱུད་འཛིན་བྱེད་པའི་གོམས་གཤིས་བཟང་བོ་ཞིག་ལོབ་དགོས་པའི་དམིགས་ཡུལ་གཙོ་བོར་བཟུང་ནས་བྱ་འགུལ་སྤེལ་བ།

གཅེས་ཕྲུག་ཚོའི་ཟླ་མཆོད་དུས་ཆེན་བསུ་བའི་རྟེན་འབྲེལ་དུ་ཤིང་ཏོག་སྣ་ཚོགས་ཀྱིས་ཟས་རིགས་སྒྲིག་པའི་རྣམ་པ།

༼ ཕྱི་དྲོའི་བྱ་འགུལ།༽

མཇུག་མཐར་དགེ་རྒན་དང་གྲོགས་པོ་ཆུང་ཆུང་རྣམས་ལ་ཟླ་མཆོད་དུས་ཆེན་དང་་རྒྱལ་སྟོན་གུང་གསེང་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་བ་དང་ཆབ་ཅིག་དགེ་རྒན་རྣམས་པའི་ལུས་ལ་ནད་ཚ་མེད་ཞིང་། བྱ་བཞག་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་དང་། སློབ་གྲོགས་རྣམས་པའི་ཡང་མ་འོངས་བར་ཤེས་རིག་སྦྲང་རྩི་ཇ་ནོམ་པ་ཞིག་བསྡུ་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།

2020ལོར་མེ་ཏོག་གངས་ལྷ་བྱིས་སྐྱོང་ཁང་གི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་གི་དུས་ཚོད་བཀོད་སྒྲིག་བྱས་པ་གཤམ་གསལ་ལྟར།

ཟླ9བའི་ཚེས30ཉིན་གྱི་ཉིན་གུང་དུས་ཚོད་1:30སྟེང་གུང་གསེང་གཏོང་རྒྱུ་ཡིན་པ་དང་།

ཕྱིར་ཟླ10བའི་ཚེས30ཡི་སྔ་མོའི་དུས་ཚོད་8:30སྟེང་སློབ་ཁྲིད་བྱ་འགུལ་ལ་དངོས་ཞུགས་བྱེད་དགོས།

མེ་ཏོག་གངས་ལྷ་བྱིས་སྐྱོང་ཁང་།

༢༠༢༠ལོའི་ཟླ༩བའི་ཚེས་༣༠ཉིན།

འབྱོར་སོང་ན་ཕྱིར་ལན་སྟེར་རོགས།