༢༠༢༠ལོའི་སྤྱི་ཟླ༩བའི་ཚེས༢༨ཉིན།

རྟ་ར་ར་ཆད་གི་རྟུ་ལུ།

སྒྱེ་ཁྲ་ཁྲ་ཆད་གི་ག་མོ།

——-བོད་ཀྱི་གཏམ་དཔེ།

ད་ཐེངས་ཀྱི་མཉམ་སྤྲོའི་བྱ་འགུལ་བརྒྱུད་ནེའུས་མེས་རྒྱལ་དང་མེས་པོ་གོང་མའི་རླབས་ཆེན་གྱི་མཛད་རྗེས་ལ་གོང་བཀུར་དང་ང་ཚོའི་བདེ་སྐྱིད་འཚོ་བ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་ཤེས་ནས་སློབ་སྦྱོང་ལ་དེ་བས་འབད་བརྩོན་བྱེད་དགོས།

ལོ་གཅིག་གི་རྒྱལ་སྟོན་དུས་ཆེན་ནི་མེས་རྒྱལ་ཨ་མའི་སྐྱེས་སྐར་ཡིན་ལ། ནེའུར་རྒྱལ་གཅེས་སམ་རང་གི་ཕ་ས་ཕ་ཡུལ་དང་ཕ་མེས་ཡང་མེས་ལ་དགའ་ཞིང་དུང་བའི་སློབ་གསོ་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཀྱང་རེད། ང་ཚོའི་རླབས་ཆེན་གྱི་མེས་རྒྱལ་གྱི་ཨ་མའི་འཁྲུངས་སྐར་འཆར་ཉེར་ཡོད་པའི་སྐབས་སུ་ནེའུར་དུས་ཆེན་གྱི་རྣམ་པ་མྱོང་ཚོར་ཐུབ་པ་བྱ་ཆེད། སུམ་མདོ་གྲོང་རྡལ་ཆུ་གཞུང་ནེའུ་སྐྱོང་གླིང་གི་དགེ་རྒན་རྣམས་ཀྱིས་ནེའུ་སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ་དྲིན་གཟོའི་འདུ་ཤེས་ཡག་པོ་གསོ་སྐྱོང་བྱས།

ད་ལོའི་ཟླ་བ་བཅུ་པའི་ཚེས་གཅིག་ནི་རང་རེའི་རྒྱལ་ཁབ་བཙུགས་ནས་ལོ་འཁོར་དོན་གཅིག་འགོར་བའི་ཉིན་མོ་ཡིན་ལ། བྱིས་པ་རྣམས་ལ་ང་ཚོའི་ཀྲུང་གོའི་རྒྱལ་ས་ནི་པེ་ཅིན་དང་། རྒྱལ་དར་དང་རྒྱལ་རྟགས་ཀྱི་གོ་དོན་ཤེས་སུ་འཇུག་དགོས།

ད་ལོའི་ཟླ༡༠པའི་ཚེས༡ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར༧༡འགོར་བའི་དུས་ཆེན་གྱི་ཉིན་མོ་ཡིན།

འཛིན་ཆུང་གི་ནེའུའི་བརྩམས་ཆོས།

ད་རེས་ཀྱི་རྒྱལ་སྟོན་བྱེད་སྒོར་འཛིན་གྲྭ་ཁག་ནས་ནེའུའི་ལོ་ཚོད་ལྟར་བྱ་འགུལ་གཅིག་རེ་གྲ་སྒྲིག་བྱས་ཡོད་དེ། རི་མོ་འབྲི་བ་དང་ཚོན་བྱུག་པ། ལྟེབ་རིས་སྦྱོར་བ་སོགས་རྒྱལ་སྟོན་དང་བསྟུན་ནས་བྱ་འགུལ་ཡག་པོ་ཞིག་སྤེལ་ཐུབ་

སོང་། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ནེའུའི་ཡབ་མེས་ལ་བཅིངས་པའི་བརྩེ་སེམས་ཇེ་ཟབ་ཏུ་ཕྱིན་པ་དང་། དུས་ཆེན་གྱི་རྣམ་པ་མྱོང་ཚོར་ཐུབ་པ། དུས་ཆེན་གྱི་སྤྲོ་སྣང་ཉམས་ལེན་ཐུབ་པ་བཅས་བྱུང་ནས། བདེ་སྐྱིད་འཚོ་བ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་ཤེས་རྟོགས་ཐུབ་ཡོད།

འཛིན་ཆུང་གི་རི་མོར་ཚོན་བྱུག་པ་ཞེས་པའི་ཡུལ་དངོས།

འཛིན་འབྲིང་གི་རི་མོ་འབྲི་བ་ཞེས་པའི་བྱ་འགུལ་གྱི་ཡུལ་དངོས།

བྱ་དགའ་ཐོབ་པའི་ཡུལ་དངོས།

ཟླ་བ་བཅུ་པ་ནི་མཛེས་སྡུག་ལྡན་པའི་དུས་ཚིགས་ཤིག་ཡིན་པ་དང་།

ཟླ་བ་བཅུ་པ་ནི་འབྲས་བུ་སྨིན་པའི་དུས་ཚིགས་ཤིག་ཡིན་ཞིང་།ཕྱུགས་ལ་ཤ་ཤེད་རྒྱས་པའི་དུས་སྐབས་ཤིག་ཀྱང་ཡིན།

ཟླ་བ་བཅུ་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ཡིན་པ་དང་།

ཟླ་བ་བཅུ་བར་ང་ཚོས་མཉམ་དུ་དགའ་འབོད་དང་རྟེན་འབྲེལ་ཞུ་བའི་དུས་སྐབས་ཤིག་རེད།

དགའ་སྐྱིད་དང་སྤྲོ་སེམས་ཀྱིས་ཕྱུག་པའི་བྱ་འགུལ་ཆུང་ཆུང་ལས་འཕེལ་རྒྱས་ཆེ་ཆེ་བྱུང་སོང་།

ཐེངས་འདིའི་བྱ་འགུལ་ཁྲོད་འཛིན་ཆེན་གྱི་རྟ་མགྲིན་སྒྲོལ་མ་དང་ལྷ་དཔལ་རྒྱལ། འཛིན་འབྲིང་གི་རྣམ་དཀར་མཚོ་དང་ཚངས་སྲས་དོན་གྲུབ། འཛིན་ཆུང་གི་མཁར་མོ་ཡག་བཅས་ལ་འགྲན་བསྡུར་གྱི་བྱ་དགའ་ཐོབ།