གཤམ་གསལ་གྱི་ནོར་འཁྲུལ་བདུན་ཁྱེད་ཀྱིས་ཡིད་འཇོག་གྱིས་དང་།

ཁྱེད་ཚོའི་གཅེས་ཕྲུག་ད་རུང་བྱིས་སྐྱོང་གླིང་ལ་འགྲོ་འདོད་མེད་པར་ངུ་ཅོར་བྱེད་བཞིན་ཡོད་དམ། ད་རུང་དང་མ་ངུ་ཅོར་མེད་པ་དེ་དང་་ཨ་གསར་ཡལ་ཚར་རྗེས་བྱིས་དེ་ཚོ་ཡང་སེམས་ཁྲེལ་དང་ངུ་ཅོར་བྱེད་བཞིན་འགྲོ་འདོད་མེད་པ་ཡོད་དམ།

བྱིས་པའི་ངུ་ཅོར་དང་དུས་ཚོད་ནང་ལྟར་སློབ་གྲྭར་སྐྱེལ་རྒྱུ་དོན་དག་མང་པོ་ཁྱེད་ཉིད་སུན་སྣང་བཟོ་སྲིད། རེད་དེ། ཁྱེད་ཉིད་བཟོད་སྒོམ་ཅུང་ཙམ་གྱིས་དང་། རྒྱུ་མཚན་ཁྱེད་ཉིད་བྱིས་པའི་སེམས་བརྟེན་ཡིན།

གཤམ་གསལ་གྱི་ནོར་འཁྲུལ་དག་ཁྱེད་ཀྱིས་འཆུག་མ་ཅིག འཆུག་ན་སྔོན་གྱི་འབད་འབུངས་ཡོད་དོ་ཅོག་ཆུད་ཟོས་སུ་འགྲོ་སྲིད། མ་ཚད་བྱིས་པ་སློབ་གྲྭའི་ཁོར་ཡུག་ལའང་འཕྲོད་པའི་དུས་ཡུན་ཡང་རིང་དུ་གཏོང་འགྲོ།

ནོར་འཁྲུལ ༡ འཇིགས་སྐུལ་གི་གཡོ་ཐབས།

🎈ད་རུང་ངུས་ན། ཨ་མ་ཁྱེད་བསུ་བར་ཡོང་རྒྱུ་མིན།

🎈བྱིས་སྐྱོང་གླིང་ལ་འགྲོ་འདོད་མེད་ན་ཁྱེད་གཅིག་པུར་ཁྱིམ་དུ་ཟྭ་བརྒྱག་རྒྱུར་ཡིན།

🎈དེ་རིང་ཡག་པོར་བྱིས་སྐྱོང་གླིང་ལ་སོང་ན། ཨ་ཕས་ཁྱེད་ལ་གནམ་གྲུ་ཉོ་ཡོང་།

སེམས་ཁམས་རིག་པས་གསུང་པ་ལྟར། བྱིས་པ་སུ་དང་གང་ཡིན་ཡང་མིན་ཞེས་པ་རྗོད་ཐུབ་ནས་བཟུང་། ཁོ་རང་ཚོ་ལ་ཁེར་ཚུགས་ཀྱི་བསམ་བློ་ཡོད། བཙན་དབང་གི་མཇུག་འབྲས་ནི་ཕ་མ་བུ་རྒྱུད་བར་བར་ཐག་འགྱངས་སུ་བཅུག་པ་རེད།

བཙན་དབང་དང་གཡོ་ཐབས་ཅི་བྱས་རུང་། ཕྱི་བཟོ་བཅོས་ཙམ་ལས་དོན་དག་ངོ་མ་ཐག་མི་ཆོད། འཇིགས་སྐུལ་གྱིས་བྱིས་པ་ཚོའི་སེམས་ཁམས་ལ་གནོན་ཤུགས་བཟོ་འགྲོ། འཇིགས་སྐུལ་མང་སོང་ན་བྱིས་པ་གཤིས་ཀ་སྡར་ཉམས་ཆགས་འགྲོ་བ་དང་རང་གི་ལྟ་ཚུལ་ཡང་མེད་པར་འགྱུར་འགྲོ། མ་ཚད་ཕ་མ་བུ་རྒྱུད་བར་བརྩེ་བ་ཡང་བར་ཆད་བཟོ་སྲིད །

གཡོ་ཐབས་བྱས་ན་བྱིས་པས་ཁྱིམ་བདག་ལ་ཆ་རྐྱེན་བཤད་པའི་འདུ་ཤེས་འཇོག་འགྲོ། རྗེས་སོར་བྱིས་པ་ལ་བྱ་བ་བསྒྲུབ་རུ་བཅུག་དུས་བྱིས་པའི་སེམས་ཚིམས་པའི་དངོས་པོ་ཞིག་ཡང་ན་ལས་ཤིག་མ་བསྒྲུབ་ན་བྱིས་པས་ཁར་ཉོན་དཀའ།

ནོར་འཁྲུལ ༢ མགོ་བསྐོར་དབང་གིས་དགའ་མང་རུ་བཅུག་པ།

🎈ང་ཚོ་བྱིས་སྐྱོང་གླིང་ལ་མི་འགྲོ། རྩེད་རར་འགྲོ།

🎈དང་མ་ཁྱོད་ནང་སོང་།སྐར་མ་ལྔ་འགོར་རྗེས་ཨ་མ་ཁྱོད་བསུ་བར་ཡོང་།

🎈ཨ་མ་མི་འགྲོ་སྒོ་ཁ་ནས་ཁྱོད་ལ་བལྟ་འདུག

གཡོ་སྒྱུ་དང་མགོ་སྐོར་ཐབས་ཀྱིས་བྱིས་པ་བློ་སེམས་བདེ་བ་ཡོང་མི་ཐུབ། མ་ཚད་བྱིས་པས་རང་མགོ་སྐོར་ཐེབས་པར་ཧ་གོ་ནས་རྗེས་སོར་ཁྱིམ་བདག་ལ་ཡིད་རྟོན་མེད་པར་འགྱུར་སྲིད། ད་རུང་། བྱིས་པ་ཁ་ཤས་ཀྱིས་ཁྱིམ་བདག་ལ་ལད་མོ་བྱས་ནས་རྫུན་བཤད་ལ་དགའ་བའི་གོམས་གཤིས་ཆགས་འགྲོ།

ནོར་འཁྲུལ༤ བྱིས་པ་ལ་སྐྱོན་བརྗོད་བྱེད་པ།

🎈ཁྱེད་རང་ཅི་འདྲར་བསམ་ཤེས་མེད་པ་ཞིག་རེད་ཨང་།

🎈ཁྱེད་ལོ་ག་ཚད་ཡིན་ནམ། ད་རུང་ཡང་ལོ་གཉིས་ཀྱིས་བྱིས་པ་དང་འདྲ་བ

🎈ཁྱོད་མ་གཏོགས་བྱིས་པ་གཞན་སུ་ཡང་ངུ་བཞིན་མེད་ལ།

གལ་སྲིད་བྱིས་པས་ཁྱེད་རང་ལ་ཨ་མ་ང་རང་བྱིས་སྐྱོང་གླིང་དགའ་ཞེན་མེད། བྱིས་སྐྱོང་གླིང་ལ་འགྲོ་འདོདཡང་མེད། བྱིས་པ་ད་རུང་བྱིས་སྐྱོང་གླིང་གི་འཚོ་བ་མ་འཕྲོད་པ་རེད། དེ་བས་དེ་ལ་དགའ་ཞེན་མེད་པ་རེད། ལྷག་པར་དུ་དང་མ་བྱིས་སྐྱོང་གླིང་ལ་སྐྱེལ་བའི་བྱིས་པ་དེ་ཚོ་ལྷག་ཏུ་དཀའ་ཁག་འཕྲད་སྲིད། ཁོ་ཚོ་བྱིས་སྐྱོང་གླིང་གི་ཁོར་ཡུག་དང་མི་སོགས་ལ་ཆ་རྒྱུས་མེད་པར་བདེ་འཇགས་ཀྱི་སེམས་ཁམས་མེད་པའི་དབང་སེམས་ཁྲལ་སྣ་ཚོགས་འབྱུང་སྲིད།

དེ་བས། ཁྱིམ་བདག་ཚོ་དང་མ་ནས་གནས་ལུགས་མེད་པར་བྱརྶ་པ་སྐྱོན་བརྗོད་མ་གནང་། ང་ཚོ་ལོ་ལོན་ཚོ་ཡིན་ནའང་རྒྱུས་མེད་ཀྱི་ས་ཆ་དང་ཁོར་ཡུག་ནས་རང་དང་སྙིང་ཉེ་བའི་མི་དག་རྗེས་དྲན་བྱེད་སྲིད།མ་ཚད་མི་འཕྲོད་པ་གང་མང་འབྱུང་སྲིད། བློ་རིག་འཕེལ་རྒྱས་མ་བྱུང་བའི་བྱིས་པ་དེ་ལས་མི་འཕྲོད་པ་ཡོད་སྲིད་པ་རེད། དང་མ་བྱིས་སྐྱོང་གླིང་དུ་ཞུགས་པའི་བྱིས་པ་དེ་ཚོ། སེམས་སྡུག་དང་སྐྱོ་སྣང་། སེམས་ཁྲལ། མ་ཚད་ཚད་ལས་འདས་པའི་སེམས་ཁམས་ཡོད་སྲིད་པ་རེད། དེ་དུས་ཁྱིམ་བདག་གིས་བསམ་ཤེས་གྱིས་དང་།

ནོར་འཁྲུལ༥ སྙིང་རྗེའི་འོས་མིན་འགྲིག་ཐབས་བྱེད་པ།

ཁྱིམ་བདག་ཁ་ཤས་ཀྱིས་བྱིས་པ་ངུ་དྲག་པ་མཐོང་སྐབས། སེམས་སུ་སྙིང་རྗེ་ནས་ཕྱིས་པ་སློབ་གྲྭར་སྐྱེལ་རྒྱུར་དུས་འགྱངས་བྱས་ན་སྐྱོན་མེད་ཉམས་ཚད་མེད་པའི་འོས་མིན་འགྲིག་ཐབས་བྱེད་པ། དེས་བྱིས་པ་ལང་ཤོང་དུ་འགྲོ་སླ་བ་དང་།དཀའ་སྡུག་འཕྲད་མ་ཐག་མགོ་སྒུར་སྲིད། བྱ་བྱེད་དེ་བྱིས་པ་འཚར་ལོངས་ཁྲོད་གནོད་པ་མ་གཏོགས་དགེ་མཚན་ཅི་ཡང་མེད།

ནོར་འཁྲུལ༦ གོམ་པ་གཅིག་ལ་ཕྱི་མིག་གསུམ།

ཁྱིམ་བདག་ཁ་ཤས་བློ་མ་བདེ་ནས་ཡང་དང་བསྐྱར་དུ་ཚུར་ཡོན་ནས་བྱིས་པ་ལ་གྱེས་བརྡ་གཏོང་བ། ཡང་ན་ག་ལེར་སྒོ་དང་སྒེའུ་ཁུང་ལས་བྱིས་པ་ལྟ་རྟོག་བྱེད་པ། དེ་ལྟར་བྱས་ན་སླར་ཡང་བྱིས་པ་སེམས་ཁམས་དཀྲུག་ནས་བྱིས་པ་སྐད་ཆེན་པོ་ངུ་ཅོར་བྱས་ནས་ཁྱིམ་བདག་གི་དོ་སྣང་འགུག་ཏུ་བཅུག་པ། བྱིས་པ་ཡང་ཁྱིམ་བདག་གི་ཕྱོགས་སུ་ཤོར་བ། བྱ་བཞག་དེ་ཚོའི་དགེ་རྒན་གྱི་སློབ་ཁྲིད་ལའང་བར་ཆད་བཟོ་བ་མ་ཚད་བྱིས་པ་སེམས་ཁམས་སྐྱིད་པོ་མེད་པའང་བཟོ་སྲིད་ལ།བྱིས་པ་གཞན་པ་ཚོའི་སེམས་ཁམས་ལ་གནོད་པ་བཟོ་འགྲོ།

ནོར་འཁྲུལ༧ བྱིས་པ་གོ་སར་ནས་བྱིས་སྐྱོང་གླིང་ལ་འཁང་ར་དང་ཡོས་བཤད་བྱེད་པ།

🎈ཁྱེད་ཀྱིས་ཁར་མ་ཉོན་ན། བྱིས་སྐྱོང་གླིང་ལ་སྐྱེལ་རྒྱུ་ཡིན

🎈བྱིས་པའི་དགེ་རྒན་ལོ་གཞོན་དྲག་པས། བྱིས་པ་སློབ་འཁྲིད་ཤེས་དམ།

🎈བྱིས་སྐྱོང་གླིང་འདིའི་ཁོར་ཡུག་ཡག་པོ་མི་འདུག འགྲོ་གྲོན་མང་དྲག་སོང་།

མ་གཞི་ནས་བྱིས་པ་བྱིས་སྐྱོང་གླིང་ལ་འགྲོ་བར་འགལ་བ་ཡོད་པ་རེད།ཁྱོད་ཀྱིས་འདི་ལྟར་བཤད་ན་ཁོ་རང་བྱིས་སྐྱོང་གླིང་ལ་བག་ཆགས་ངན་པ་འཇོག་འགྲོ་བ་རེད། བྱིས་པ་དོན་དག་ལ་ལྟ་སྟངས་འཛིན་སྟངས་དེ་ཙམ་ཕྱི་རོལ་ཡུལ་དང་མཐུན་པ་དང་ཆ་ཚང་བ་ཞིག་མེད་པས་ཁྱིམ་བདག་གིས་ངོ་ཐུག་གདོང་འཕྲད་ཀྱིས་བྱིསཔ་བྱིས་སྐྱོང་གླིང་དུ་བསྐྱལ་ཡང་རྒྱབ་ཏུ་གཏམ་བརྗོད་དེ་འདྲ་སྤེལ། ངོ་ཕྱོགས་འདི་གཉིས་ཀྱིས།

བྱིས་པར་མིག་ནང་དུ་བལྟ་རུ་འཇུག་སྲིད།་ཚུགས་ཀ་ཡོད་ན་ཁྱིམ་བདག་ལ་ཡང་ཡིད་མི་ཆེས་པའི་ཚོར་བ་འབྱུང་སྲིད། གལ་ཏེ་ཁྱིམ་བདག་གིས་བྱིས་སྐྱོང་གླིང་ལ་བསམ་འཆར་ཡོད་ན་ཐད་ཀར་བཤད་ཆོག་བྱིས་པའི་མདུན་ནས་ལེ་བདའ་བྱེད་མི་རུང་།

ཇི་ལྟར་བྱིས་པ་ཚོ་བྱིས་སྐྱོང་གླིང་དུ་འགྲོ་སྐབས་སེམས་ཁྲལ་དག་མེད་པར་བཟོ་དགོས་པ་དང་བདེ་ལགས་ངང་སློབ་གྲྭར་འཇུག་རྒྱུར་གཤམ་གསལ་གྱི་རེ་བ་དག་ཉར་ཚགས་བྱོས་དང་།

❤️ བསམ་སེམས་ལྷོད་བཞག་ནས་ཉོན་དང་། མ་ཚད་བྱིས་པའི་སེམས་ཚོར་དག་་ལ་ཡིད་རྟོན་དང་དང་ལེན་གྱིས་དང་།❤️

ཁྱིམ་བདག་མང་པོ་ཞིག་གིས་བྱིས་པ་ངུས་ནས་མིག་ཆུ་བཞུར་བཞིན་པ་མཐོང་ནས་བྱིས་སྐྱོང་གླིང་ལ་འགྲོ་བ་ཙམ་པའི་འདུ་ཤེས་འཆང་བ། འོན་ཀྱང་བྱིས་པ་ལ་མཚོན་ནས་བཤད་ན།་སྐབས་དེར་ངོ་མ་འཆི་གསོན་ཁ་བྲལ་བ་དང་འདྲ། ཁོ་ཚོ་ཕ་མ་གཉིས་ཁོ་ལ་མི་དགའ་བར་སྐྲག་པ་དང་།་གཞན་གྱིས་བསྐྱུར་བར་སྐྲག་པའང་རེད།

བྱིས་པ"་ཨ་མ་ལགས་ང་བྱིས་སྐྱོང་གླིང་དུ་འགྲོ་འདོད་མེད་"་ཅེས་ཤོད་སྐབས་མར་ཙོག་པུར་བསྡད་དེ་སྔོན་ལ་ཕྲུ་གུར་འཐམ་འཁྱུད་ཆེན་པོ་ཞིག་བྱས་རྗེས་ཁོང་ལ་"་ཨ་མ་ཁྱེད་ཀྱི་འཁྲིས་སུ་མེད་པས་བྱིས་སྐྱོང་གླིང་དུ་ཁྱེད་གཅིག་པུ་ལས་མེད་པས་ཁྱེད་ཀྱི་ཚོར་སྣང་གང་འདྲ་ཡོད་དམ་"་ཞེས་བཤད་།

བྱིས་པའི་སེམས་གཏམ་ལ་ཉན་ནས་བྱིས་པའི་སེམས་ཁམས་ལ་རྒྱུས་ལོན་དང་དང་ལེན་བྱས་ན་ད་གཟོད་ཁོའི་སེམས་ཁྲལ་ཞི་ལྷོད་དུ་གཏོང་ཐུབ།

❤️སྐུལ་ལྕག་གི་བྱེད་སྟངས་ཀྱིས་བྱིས་པ་ལ་ང་ཆོག་རེད་བསམ་པའི་སྙིང་སྟོབས་སྤྱིན་དགོས།❤️

བྱིས་པའི་ཡག་ཕྱོགས་མཐོང་སྐབས། མུ་མཐུད་དུ་སྐུལ་ལྕག་བྱ་བ། ཡང་དག་པར་སྣེ་འཁྲིད་པ། དཔེར་ན། ཁྱོད་ཀྱི་ལྟོས་དང་ཁྱོད་མུ་མཐུད་དུ་ཉིན་ལྔ་རིང་སློབ་གྲྭར་འགྲོ་ཐུབ་སོང་། ཁྱོད་ངོ་མ་མཆོག་ཏུ་གྱུར་བ་ཞིགརེད་ཨང་།

ང་ཚོས་དྲན་ཚད་གཅིག་ནས་གཉིས་རྒྱུ་མཚན་གང་མང་གིས་བྱིས་པ་གོ་སྐོན་བློ་འགུག་བྱེད་པ། བྱིས་པའི་ནང་སེམས་ཀྱི་སྙིང་སྟོབས་སད་དུ་འཇུག་དགོས།དེ་ལྟར་བྱས་ན་དོན་ངོ་མའི་རོགས་རམ་བྱེད་ཐུབ་ལ།

❤️ བྱིས་སྐྱོང་གླིང་གི་སྒྲིག་གཞི་ནང་ལྟར་རང་གིས་བྱིས་པ་ལ་ཚད་གཞི་འཇོག་དགོས།❤️

བྱིས་པ་ལ་ལ་ཞིག་བྱིས་སྐྱོང་གླིང་ལ་འགྲོ་མི་འདོད་པ་རེད།་རྒྱུ་མཚན་ནི་ཁྱིམ་ནས་རང་དབང་དང་སྒྱིད་ལུག་ཡིན་པ་ལང་ཤོར་མངགས་ཆེ་སོང་བ་རེད། བྱིས་སྐྱོང་གླིང་དུ་བསྐྱོད་མ་ཐག་སྒྲིག་ལམ་མང་པོ་བརྩི་སྲུང་ཞུ་དགོས་པ་དང་ད་དུང་བྱ་བ་མང་པོ་ཞིག་རང་ཉིད་ཀྱིས་ལག་པ་འགུལ་དགོས་པས་བྱས་པས་བྱིས་པ་དགའ་མོས་མེད་པར་འགྱུར་བའི་རྒྱུ་རྐྱེན་གཙོ་ཆེར་ཡིན།

ཐུན་མོང་གི་འཚོ་བར་གཅིག་གྱུར་གྱི་ངལ་གསོའི་དུས་ཚོད་དགོས་པ་དང་ཁྱིམ་བདག་གིས་རྒྱུན་དུ་བྱིས་སྐྱོང་གླིང་་གི་ངལ་གསོའི་དུས་ཚོད་ལྟརབྱིས་པ་འཚོ་བ་བཀོད་སྒྲིག་བྱས་ཆོག་པ་དཔེར་ན་མལ་ལས་ལངས་པ་དང་།་ཟ་མ་ཟ་ས།ཁང་པའི་ཕྱི་རོལ་དུ་རྩེད་མོ་རྩེ་བ།གཉིད་པའི་དུས་ཚོད་སོགས་ལྟ་བུ་ཡིན།

❤️ཧུར་བརྩོན་གྱིས་དགེ་རྒན་ལ་ཁ་བརྡ་བྱེད་པ།❤️

སྤྱིར་ན་བྱིས་སྐྱོང་གླིང་གི་དགེ་རྒན་ལ་བྱིས་པ་མི་རེ་ངོ་རེའི་དམིགས་བསལ་གནས་ཚུལ་ལ་ལྟ་རྟོག་བྱེད་པའི་འགན་འཁྲི་ཡོད་ལ་བྱིས་པ་ཉེ་ཆར་གེགས་་དང་བར་ཆད་གང་ཞིག་བྱུང་བ་དང་མི་དང་མིའི་དབར་གྱི་འབྲེལ་བ་དང་གདོང་གཏུག་གང་ཞིག་བྱུང་བ་དང་འཚར་ལོངས་ཀྱི་མཚམས་ཚིགས་གང་ཞིག་ཏུ་སླེབས་པ་ཤེས་རྟོགས་བྱེད་པའི་འགན་འཁྲི་ཡང་ཡོད།

དེར་བརྟེན་གལ་ཏེ་དུས་ཚོད་ངེས་ཅན་ཞིག་སོང་རྗེས་བྱིས་པ་སྔར་བཞིན་བྱིས་སྐྱོང་གླིང་དུ་ཡོང་རྒྱུར་འགོག་རྒོལ་བྱས་ཚེ་ཁྱིམ་བདག་གིས་ངེས་པར་དུ་དགེ་རྒན་དང་འབྲེལ་བ་ཧུར་ཐག་བྱས་ནས་རྒྱུ་རྐྱེན་གསལ་པོ་འཚོལ་བ་དང་བྱ་ཐབས་འཚོལ་དགོས།

བྱིས་སྐྱོང་གླིང་དུ་སྐྱེལ་རྒྱུ་ནི་སྔ་འཕྱི་མ་གཏོགས་ཀྱི་དོན་དག་ཞིག་རེད། ཁྱིམ་བདག་སེམས་ཁྲལ་མེད་པ། བྱིས་པ་བག་ཕེབས་པ། བྱིས་པ་རྣམས་བྱིས་སྐྱོང་གླིང་དུ་ཞུགས་པར་དཀའ་ཁག་མེད་པར་སྨོན། བདེ་སྐྱིད་ལྡན་པའི་བྱིས་སྐྱོང་གླིང་གི་འཚོ་བ་ཉམས་སུ་མྱོང་བ །