玛沁县雪山乡寄校举办毕业班作品展览及赠书仪式

玛吉阿米

༄༅།།གངས་ཕྲུག་སྟོང་གི་ཕུགས་བསམ་འདི་ན་མཛེས།།

བུ་ཕྲུག་སྟོང་གི་རེ་སྨོན་འདི་ན་ལེགས།།

སློབ་བུ་སྟོང་གི་འབད་བརྩོན་འདི་ན་རྨད།།

ཨེ་མ་གངས་རི་སློབ་གྲྭའི་མཛེས་རྒྱན་རེད།།

རྨ་ཆེན་རྫོང་གངས་རི་བཅའ་སྡོད་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཆེད་རྩོམ་འགྲེམ་སྤེལ་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ།

རིག་བརྒྱའི་སྣང་བ་མ་ཡུམ་གླིང་ནས་རྒྱས།།

རྣམ་རིག་བཀྲ་ཞིང་འཛུམ་གྱི་འདུན་པ་ལ།།

རྩོམ་རྩལ་རྒོད་པོའི་གཤོག་ཟུང་མཁའ་རུ་བརྐྱངས།།

རྟག་ཏུ་རྒྱུན་འཁྱོངས་འབྲས་བཟང་དཔལ་གྱིས་ཕྱུག།

རང་སློབ་གྲྭའི་སློབ་གཙོ་དོན་གྲུབ་ལགས་ཀྱིས་མཐར་ཕྱིན་དཔེ་དེབ་སྤེལ་ཐེངས་བཞི་བ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་དང་ཆབས་ཅིག༼ གངས་རིའི་སྤྲོ་གླུ ༽ མུ་མཐུད་ནས་རྒྱུན་འཁྱོངས་དང་ཇེ་རྒྱས་ཇེ་ལེགས་འགྲོ་བའི་སྨོན་འདུན་དང་རེ་བ་ཞུས་པ་ལེགས།

ཚིག་རྐང་རེ་རེའི་གསེབ་ན།

སློབ་བུ་ཚོའི་སེམས་སྐད་དང་རེ་སྙེག་ཡོད།

ཤོག་དཀར་རེ་རེའི་ངོས་སུ།

སློབ་བུ་ཚོའི་དམ་བཅའ་དང་ཕུགས་བསམ་ཡོད།

མཐར་ཕྱིན་སློབ་མའི་འཐུས་ཚབ་པ་དགེ་རྒན་དང་སློབ་གྲོགས་འགའ་བདམས་ཏེ་རྩོམ་འགའ་བཀླགས་ནས་རྩོམ་ཚུལ་གྱི་སྙིང་བོ་བཅུད་ལེན་དང་། ཆུང་དུས་ནས་འབྲི་རྩལ་ལ་སྦྱངས་བ་ལེགས་པོ་བྱེད་དགོས་ཚུལ་བཅས་བསམ་ཚུལ་གང་ལེགས་བཏོན།

ལོ་ངོ་དྲུག་གི་འབྲས་བཟང་རིན་ཆེན་བརྒྱན།།

དགེ་རྒན་དམ་པར་ཕུལ་བའི་ལེགས་སྐྱེས་ཉིད།།

སློབ་གྲོགས་རྣམ་དཔྱོད་ཁྱེད་ཚོར་དྲན་རྟེན་དུ།།

མ་ཡུམ་གླིང་ལ་འཇལ་བའི་ཟས་རིན་ཙམ།།

རང་སློབ་གྲྭའི་སློབ་གཙོ་གཞོན་པ་དཔའ་མཁར་ལགས་ཀྱིས་འཛིན་གྲྭ་སོ་སོར་ལེགས་སྐྱེས་སུ་དཔེ་དེབ་ཕུལ་བ་དང་སློབ་བུ་ཚོར་འབྲས་བཟང་གཡུར་དུ་ཟ་བའི་སྨོན་ལམ་དང་བཀྲ་ཤིས་ཁ་གཡང་བརྗོད།

རིག་ལྡན་བུ་ཆུང་རིག་པའི་གླིང་ལ་ཕེབས།།

མ་རིག་མུན་སེལ་སྒྲོན་མེ་འོད་པོ་ཆེ།།

བློ་ལྡན་སློབ་བུ་རྣམས་ཀྱི་མདུན་ན་གསལ།།

མ་འོངས་མདུན་ལམ་ཡངས་ཤིང་གསལ་བར་མངོན།།

མཐར་དགེ་སློབ་ཡོངས་ཀྱི་བྱ་བ་ལམ་འགྲོ་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་དང་འབྲེལ་ཏེ་སློབ་གླིང་འདིའི་མཛད་འཕྲིན་སྔར་ལས་རྒྱས་པར་ཤོག