བཤེས་གཉེན།

ཀ་མ་ལ་ལྟར་དཀར་བའི་གཞན་ཕན་ལྷག་བསམ་དུང་གི་མདོག།

ཁ་བའི་ལྗོངས་འདིར་བྱོན་པ་སྐལ་བཟང་ཐར་མདོད་རྣམས་ཀྱི་རྒྱན།།

ག་ཡ་འོད་སྲུང་ཇི་བཞིན་ཀུན་ཕན་ཟེར་བརྒྱ་ཕྱོགས་བཅུར་འཕྲོ།།

ང་ཡི་བཤེས་གཉེན་ཆེན་པོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས།།

ཅ་ནོར་བདག་འཛིན་སྤངས་པས་སྲིད་པ་མི་རྟག་ཆོས་ཉིད་སྒོམ།།

ཆ་ལུགས་སྤྱོད་པ་ལེགས་པས་ཉེ་བར་འཁོར་དང་གཉིས་མ་མཆིས།།

ཇ་སོགས་འདོད་ཡོན་རྒྱ་མཚོ་བསྐམས་ཀྱང་ངག་གི་མཚོ་མོ་འཕྱུར།།

ཉ་གང་ཟླ་བའི་རྗེས་འགྲོ་བཤེས་གཉེན་མཆོག་ལ་རྟག་ཏུ་འདུད།།

ཏ་ཐ་ག་དའི་བསྟན་པ་འཛིན་སྐྱོང་སྤེལ་པའི་ལ་བྲེལ།།

ཐ་རམ་ངན་པའི་ཚོགས་ཀྱི་ལོག་ལྟ་དུས་ཀུན་བྱམས་པས་བཏུལ།།

ད་ཞག་སྙིགས་དུས་འདི་ལ་གང་གི་བཀའ་དྲིན་གཞལ་མི་ནུས།།

ན་ཀྲའི་གྲོང་བཞིན་ཕྱུག་པའི་བཤེས་གཉེན་མཆོག་ལ་རྟག་ཏུ་འདུད།།

པ་སངས་ལྟར་དཀར་ཤེས་རབ་རལ་གྲི་ཐོགས་མེད་མཁའ་ན་འཕྱར།།

ཕ་རོལ་རྒྱུད་ཀྱི་རྨོངས་མུན་དགྲ་བོའི་ལུས་ཕུང་དུམ་ཀྱིས་བཅད།།

བ་སྤུ་གཡས་འཁྱིལ་ལ་སོགས་མཚན་དཔེ་བརྒྱད་བཅུ་ཁྱོད་ལ་མངའ།།

མ་རིག་མུན་འཇོམས་སྒྲོན་མེ་བཤེས་གཉེན་མཆོག་ལ་རྟག་ཏུ་འདུད།།

ཙཀྴུའི་འབྲས་དང་བུ་སློབ་གཉིས་མེད་བརྩེ་བའི་སྟོན་པ་ཁྱོད།།

ཚ་གདུང་སེལ་བས་ཀུན་དའི་གཉེན་གྱི་རྗེས་སུ་རྐང་བ་འཇོག།

ཛ་ཡའི་གསུང་རབ་ཀུན་ཀྱི་ཤུན་ཟབ་དཀའ་བའི་གནད་ཀུན་ལ།།

ཝ་ལེར་གསལ་བའི་དཔལ་ལྡན་བཤེས་གཉེན་མཆོག་ལ་རྟག་ཏུ་འདུད།།

ཞ་ཡིག་བཞིན་འཁྱོག་རང་རིགས་ཞབས་འདྲེན་ནང་དམེའི་ལས་བྱེད་འགས།།

ཟ་བྱེད་རང་བཞིན་གཙུག་ཏུ་བཟུང་བའི་ངང་ཚུལ་དེ་མཁྱེན་ནས།།

འ་འུར་མ་ཡིན་དབུ་མའི་ཞལ་མཆིད་འཆད་དེ་འཁོན་སེམས་གཏོར།།

ཡ་རབས་གཏན་བདེར་འགོད་མཁས་བཤེས་གཉེན་མཆོག་ལ་རྟག་ཏུ་འདུད།།

ར་མ་ན་ཡི་རྟོགས་བརྗོད་བཞིན་དུ་མཚར་སྒྲོང་མི་མངའ་ཡང་།།

ལ་ལི་ཏ་བཞིན་མཁས་དབང་མཚན་འཛིན་ཁྱོད་ལས་གཞན་མ་མཆིས།།

ཤ་རུས་འབྲེལ་དང་གདུལ་བྱ་དམིགས་མེད་སྐྱོང་ལ་ལེགས་བྱོན་པའི།།

ས་ཐོབ་བྱང་སེམས་འཛིན་བཤེས་གཉེན་མཆོག་ལ་རྟག་ཏུ་འདུད།།

ཧ་ཅང་མང་པོ་མ་བྲིས་ཨ་ལི་ཀ་ལིར་རྨོངས་པས་དཀའ།།

དཀའ་རུང་གང་གི་གྲལ་མཐར་འཛིན་པའི་ཐ་ཤལ་སློབ་བུ་ངས།།

མཆོད་པའི་སྤྲིན་དུ་འབུལ་བའི་བསྟོད་ཚིག་པདྨ་དཀར་པོ་འདི།།

ཕུལ་བས་མ་འོངས་སེམས་ཅན་ཀུན་གྱིས་ལམ་བཟང་རྙེད་གྱུར་ཅིག།

《永不灭的一盏灯》

睁开眼的那一刹那

我看着 我摸着

既然方向是模糊的

轮回的机遇

命运的安排

我看见了一束光

不远处的那一盏灯

永不灭的一盏灯

无论刮着风下着雨

那一盏灯

永远是亮着的

敞亮了光明的道路

你踏进了如此繁杂的社会

努力着 前进着

还是混淆了无数个理

老师的关怀

师生的真情

你看见了正道路

无私奉献的老师

永远护着你的身旁

无论多少个春夏秋冬

亲爱的老师

永远是你的神

捋顺了精神的魂

我们感受文明与希望

来自于您那渊博的知识

我们懂得宽容与忍让

来自于您那宽敞的胸怀

您就是那永不灭的一盏灯

燃烧了自己却照亮了别人

有您的光明的指引

我们不会在黑暗中迷失方向

我们不会在无视中胡搅蛮缠

我们真诚的感谢您!!!

作者简介:

尕藏香巴,甘肃卓尼人,有诗歌、散文和译文见《章恰尔》、《达塞尔》、《甘南日报》、《甘南香巴拉在线》等刊物及网络平台。个人著作:2009年《显明安乐道》、2020年《作呕的时代》。