མགྲོན་ཁང་གཉེར་འགོ་འཛུགས་པའི་བརྡ་ཐོ།

མཛའ་ཞིང་བརྩེ་བའི་ཡུལ་མི་སྤུན་ཟླ་རྣམ་པ་དང་གྲོགས་པོ་ལྷན་རྒྱས། ཐག་ཉེ་རིང་ཀུན་གྱི་སྐུ་མགྲོན་དང་འཛད་སྤྱོད་པ་དག་ལ་ལྷད་མེད་ཀྱི་འཚམས་འདྲི་དང་བཅས་ཞུ་རྒྱུར།

༢༠༢༠ལོའི་སྤྱི་ཟླ་དགུ་པའི་ཚེས་བདུན་ཉིན་ངེད་༼ ཙ་མི་ཁང་གསར་གནས་ཚང་༽མགྲོན་ཁང་དངོས་སུ་ཚོང་སྒོ་ཕྱེ་རྒྱུ་ལགས་པས་ཁྱེད་ཅག་གིས་མུ་མཐུད་དུ་རྒྱབ་སྐྱོར་དང་དོ་ཁུར་གནང་བར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་དང་སྐུ་དྲིན་ཧ་ཅང་ཆེ། ངེད་༼ ཙ་མི་ཁང་གསར་གནས་ཚང་༽་ལ་མགྲོན་ཁང་དང་ཟ་ཁང་ཟུང་འབྲེལ་ཡོད་ལ་ཞབས་ཞུ་དང་གཙང་སྦྲའི་ཕྱོགས་ནས་ཁྱེད་སྐུ་མགྲོན་དང་འཛད་སྤྱོད་རྣམ་པའི་ཐུགས་ཡིད་འཚིམ་པ་ཞིག་སྒྲུབ་ཁོ་ཐག་ཡིན། མགྲོན་ཁང་གི་ཕྱིའི་མཛེས་བཟོ་དང་ཁོར་ཡུག ནང་གི་རྒྱུ་ཆ་དང་ཡོ་བྱད་མཐའ་དག་ནི་རྒྱུ་སྤུས་ཆེས་བཟང་ཤོས་གདམས་ཡོད་ལ་དེའང་སྐུ་མགྲོན་ལྷན་རྒྱས་ཀྱི་སེམས་ཀྱི་བདེ་སྐྱིད་དང་ལུས་ཀྱི་བདེ་ཐང་གཙོ་བོར་དམིགས་ཏེ་ཆེད་ལས་རང་བཞིན་ལྡན་པའི་སྒོ་ནས་འཆར་བཀོད་དང་ཇུས་འགོད་བྱས་པ་ཡིན། ད་དུང་ཟས་རིགས་ལ་རྒྱ་ཟས་དང་བོད་ཟས། ནུབ་ཕྱོགས་ཀྱི་ཟས་རིགས་སོགས་སྣ་མང་རང་བཞིན་ལྡན་ལ་བྲོ་རྫས་དང་ཡོས་སྦྱོར་གྱི་ཐད་ནས་ཁ་ལ་ཞིམ་ཞིང་ལུས་ལ་འཕྲོད་པ་བཅས་མཁོ་སྤྲོད་ཐུབ་པའི་ཆེད་ཁས་མ་བྱན་གདན་འདྲེན་བྱས་ཡོད། ལྷན་རྒྱས་རྣམ་པ་མགྲོན་དུ་ཕེབས་པར་དགའ་བསུ་ཞུ།

ཙ་མི་ཁང་གསར་གནས་ཚང་ནས།

开业启事

致启各位亲爱的乡亲同胞及各位尊贵的宾客朋友:

在各方悉心关照和善缘巧合下,我们“赞美康萨民宿”将于公历2020年9月7日正式开张营业。

“赞美康萨民宿”以文化体验和休闲怡情为主题,专业设计施工装潢,配以绿色环保设施设备,集合住宿、餐饮和休闲服务,组建专业工作团队提供舒适健康的住宿条件,邀请专业厨师提供藏、中、西三大餐饮服务。

“赞美康萨”人将以热忱的态度、专业的服务,敞开怀抱竭诚欢迎朋友们的光临指导,我们承诺:一定让您对我们的服务满意、对自己的选择满意!

赞美康萨民宿