索南巴久校长强调:1、感恩父母。从呱呱坠地到今天小学毕业,父母倾注了心血,养育你们成人,你们要懂得父母的恩情,报答父母的养育之恩;2、感恩老师。老师是你们人生的领路人,是你们前行的灯塔,从一个符号、一个字、一个词、一句话到现在完整的表达、系统的知识获取,这其中无不包含着每一位老师的付出与辛劳;3、感恩母校。从一年级入学到现在小学毕业,你们在学校的时间最多,你们在学校学习、在学校生活,与学校共同成长与进步,学校向每一位学生提供良好的生活和学习条件,使每一位同学在学校生活幸福、学习快乐;4、从今天开始,你们不再是童年,你们已进入青年时代,青年要有更远大的志向和抱负,要有正确而坚定的理想信念,要更加懂得坚持与付出。

致:用青春与汗水挥洒六年的莘莘学子(15级六年级二班)

不忍别离,但无奈六年契约已满;不说再见,但无限期的请假条已批准!!你们即将踏上新的人生旅程,而我就只能送你们这一程;我原路返回,你们展翅高飞!!

དྲུག་བའི་གཉིས་པའི་དགེ་སློབ་དང་ཁྱིམ་བདག་ལྷན་རྒྱས།

六年级二班的班主任及藏文任课教师:才文拉达

六二班的语文任课教师 :仓央江永桑周(清水河镇中心寄校教务主任)

六年级二班数学及英语任课教师:李加太(清水河镇中心寄校教研室主任)

有一份情,叫师生情,这份情在岁月如梭时依旧如大山般屹立,如雪山般纯洁。黑板上写满了共同努力的风景,书桌上刻满了心中的天马行空,窗前的微风不知吹散了多少梦想,又在树叶上从新写下梦想。

དྲུག་བའི་གཉིས་པ་ཚང་གི་ཁྱིམ་བདག་འཐུས་ཚབ་ལྷན་རྒྱས།

ཤེས་བྱའི་གསེར་འོད་ཀྱི་མཁའ་ལམ་རྩལ་གྱིས་བསྐྱོད་དེ་ལྷན་འཛོམས་སྤྲོ་སྐྱིད་ཀྱི་ཉི་གཞོན་ངང་གིས་ཤར་བྱུང། འདི་ནི་ང་ཚོས་རུས་རྐང་གི་སྦུབས་སུ་འཁྱིལ་ཞིང་རིག་ཞེན་གྱི་དཔུང་རྡང་ལས་འཁྲུངས་པའི་མཛད་མེད་ཀྱི་སྙིང་སྟོབས་གསོན་པོས་སྐད་ཡིག་གི་བླ་སྲོག་ལ་བསྟིམ་པའི་རེ་སྨོན་གྱི་རྒྱང་འབོད་ཡིན།

时光如梭,聚焦金朝,我们又站在了一个新的起点上,而这个起点将会是我们实现梦想的转折点和释放青春活力的舞台。

སློབ་གསོའི་ཐབ་ཇུས་ཤིག་གིས་མི་རིགས་ཀྱི་བླ་སྲོག་སྦྱིན་ཐུབ།

སློབ་གསོའི་འདུ་ཤེས་ཤིག་གིས་མི་རིགས་ཀྱི་ལ་རྒྱ་སྐྱོང་ཐུབ།

སློབ་གསོའི་བྱ་འགུལ་ཤིག་གིས་མི་རིགས་བྱང་ཚད་འཕེལ་ཐུབ།

སློབ་གསོའི་ཉམས་ལེན་ཤིག་གིས་མི་རིགས་ཀྱི་ཕུགས་འདུན་འགྲུབ་ཐུབ།

一种教育的策略可以赋予民族的灵魂。

一种教育理念可以滋养民族尊严。

一种教育活动可以提高民族素质。

一种教育体验可以实现民族梦想。

ལྷད་མེད་དྭངས་གཙང་གི་གཤིས་ཀ་སྨིན་པའི་གཅེས་ཕྲུག་ཚོ།

ཁྱེད་ཚོས་་དཔེ་ཁུག་ཆུང་ཆུང་རྒྱབ་ཏུ་ཁུར་ནས།

ནངས་སྔ་མོར་ལོངས་ལ་སློབ་གྲྭ་སོང་།

ཁྱེད་ཚོས་ངག་ནས་སྐྱོར་པའི་དབྱངས་གསལ་སོ་བཞིའི་ཚིག་འབྲུ་རེ་རེ་ནི།

ཤེས་རིག་གི་གླིང་དུ་སྐྱོད་པའི་གོམས་སྒྲ་ཡིན་ལ།

དེ་ནི་ཁྱེད་ཚོས་གཟི་བརྗིད་དང་སྙིང་སྟོབས་ཡིན་པས།

ངས་ཁྱེད་ཅག་ལ་དྭངས་གཙང་སྙན་ངག་གི་བརྗོད་བྱ་བཞག་པ་དེ་ཁྱེད་ཅག་གིས་ནམ་ཡང་བརྗེད་མི་རུང་ལ།

དེ་ནི་ཁྱེད་ཅག་གི་མི་ཚེའི་བདེ་སྐྱིད་དང་མ་འོངས་རྒྱལ་ཁ་ཡིན་སྲིད།

དུད་སར་ཚེ་དབང་ལྷ་དར་ནས།

ཐོག་མར་འཇིག་རྟེན་གྱི་མི་ཡུལ་ནས་ངུ་ངག་ལན་འགས་མཐའ་ཡས་པའི་རྩྭ་ཐང་གཉིད་ལས་དཀྲོགས་ཞིང་།རྩྭ་ཐང་གི་མེ་ཏོག་འཛུམ་ཆུང་དང་འགྲོགས་ཏེ།ལང་ཚོས་མྱུ་གུ་འབུས།སྐབས་དེར།ང་རང་ཨ་ཕས་བཤད་པའི་ནོར་ལུག་གི་འཚོ་བ་ལ་དུངས་ཞིང་།ཨ་མས་བརྗོད་པའི་གཏམ་རྒྱུད་གྱི་མཚར་གཏམ་་ཡང་དེ་བས་ཀྱང་དུངས།

རྒྱུ་མཚན་ང་རང་ཐོག་མར་འབྲོག་ཐང་གི་སྦྲ་གུར་གྱི་ནང་རོལ་ནས་མི་ཚེ་ཡི་གོམས་སྟབས་བསྒྱུར།

ཇི་སྲིད་བར་དུ་སྲོག་འཚོ་ན།།

དེ་སྲིད་བར་དུ་སློབ་སྦྱོང་བྱེད།།

དཀའ་སྤྱད་སྡུག་རུས་བྱེད་པ་དེ།།

ཡར་ཐོན་ཡོང་བའི་རྨང་གཞི་ཡིན།།

མི་ལ་བརྩོན་འགྲུས་ལྡན་གྱུར་ན།།

འཇིག་རྟེན་འདི་ན་དཀའ་བ་མེད།།

གཞོན་དུས་སྙིང་རུས་མ་བསྐྱེད་ན།།

རྒས་དུས་འགྱོད་ཀྱང་ཕན་པ་མེད།།

遇到你

梦见查拉山

父亲在追赶着奔腾的骏马

阳光下你笑的万分幸福

梦见桑博扎

用一生的蹉跎铸起了文字的王国

白云下有你朗朗读书声

遇到你,团结向上的六二班

德是你生命塑造的灵魂

勤是日日夜夜的坚持

因为这一切

我们相遇在这片圣地

续师生情、塑民族脊梁

仓央·江永

风开始远行,请你轻抚我六年的足印和汗水;月儿湾湾映射在查拉山脚,请你别忘了告诉世人,我们是清校的孩子。雪花早已褪去,阳光正在滋润着我的梦想,是您我敬爱的老师,带来了梦想开花的风景。感恩您我的老师,是你告诉我山的那边有未来。待到山花烂漫时,我们再续师生情!

昨夜月亮告诉我

你是她的爱人

她爱慕你如母般的慈祥

她依恋你如父般的严厉

她曾驻足在你的山顶

也曾沐浴在你的河水

高原人世代生息的故土

清校人留恋不舍的校园

牧区教育的摇篮

我们将永远以你为荣

愿前途似海来日方长

以梦为马

不负韶华

因为有你 衣食无忧

在离别时与同学互道珍重、与老师深情相拥、但我想把象征着洁白无瑕的哈达献给所有的后勤阿姨和叔叔们,谢谢你们在这六年的时间为我们的生活保驾护航,凌晨四点的你们比星星还亮。

挽不住要走的风,也无法拥抱一整片天空,愿此去前程似锦,再相逢仍旧是清校人!

གཞན་སྐུལ་གྱི་ཅོང་བརྡ།

ཕ་ཡུལ་ཕ་མ་དང་བྲལ་ཏེ།།

རྒྱང་རིང་ས་མཐའ་ཡི་ཡུལ་གྱི།།

ཤེས་རིག་སློབ་གླིང་ལ་ཞུགས་པའི།།

བློ་གསལ་གཞོན་སྐྱེས་ཀྱི་སློབ་བུ།།

དུ་ཆང་ཨ་རག་གི་ལས་དང་།།

རྡུང་རེས་རྐུ་འཕྲོག་གི་སྤྱོད་ངན།།

གྲོགས་ངན་ཁ་འཇམ་གྱི་མི་སོགས།།

འགོ་བའི་ནད་ཡམས་བཞིན་སྤངས་ནས།།

རིག་གཞུང་རྒྱ་མཚོ་ཡི་ཀློང་ལ།།

སྙིང་སྟོབས་དགུ་འགྱུར་གྱི་སྤོབས་པས།།

ངོམས་མེད་ཧམ་སེམས་ཀྱིས་རྐྱལ་གྱིན།།

དད་བརྩོན་ཐོས་པ་ཞིག་བྱོས་དང་།།

ཤེས་རིག་ནོར་བུ་དེ་རྙེད་ཡོང་།།

དེ་ཡང་ཕྱི་ནང་གི་སྤྱོད་ལམ།།

ཀུན་གྱི་རྩ་བ་དེ་ཡིན་པས།།

ཉིན་རྒྱུན་འགྲོ་འདུག་གི་ཀུན་སྤྱོད།།

སློབ་མའི་ཚུལ་ལུགས་དང་མཐུན་པར།།

ནམ་ཀུན་རང་སེམས་དེ་བཏུལ་ཏེ།།

བློ་ཁོག་ཡངས་པོ་ཡི་ངང་ནས།།

ཕྲག་དོག་འདོད་ཆགས་སོགས་མེད་པར།།

སུ་ཡིན་བསམ་བཟང་གིས་བསྟུན་ན།།

གང་བྱས་འབྲས་བུ་ཞིག་སྨིན་ཡོང་།།

ཕ་མ་དགེ་རྒན་དང་བཅས་ལ།།

བཀུར་བསྟི་བླ་ལྷག་ཏུ་བྱེད་དགོས།།

གྲོགས་དང་ན་ཟླ་ཡི་བར་ལ།།

མཐུན་སྒྲིལ་ཨ་ལོང་དེ་དམ་དགོས།།

སློབ་གྲྭའི་སྒྲིག་ལམ་གྱི་སྲོལ་ཡིག།

ཆེ་མ་ཆུང་གསུམ་གྱི་ནང་དོན།།

ཡ་ཐོད་མིག་བཞིན་དུ་སྲུང་བཞིན།།

རང་སྐད་རང་ཡིག་གི་ཕྱོགས་ལ།།

འབད་བརྩོན་དྲུག་ལྡན་གྱི་ངལ་བས།།

ཡང་ཡང་ཐོས་སྦྱང་དང་འགྲོགས་ཚེ།།

བློ་རིག་རྣམ་དཔྱོད་ཅིག་རྒྱས་ཡོང་།།

གཞན་སྐད་གཞན་ཡིག་ལ་སྦྱང་ཞོར།།

ཚན་རྩལ་རིག་པ་འང་བསླབ་ན།།

གསར་གཏོད་ཡར་སྙེག་གི་བློ་མིག།

འཁྲུང་བའི་ལམ་ཁ་དེ་ཡངས་སོ།།

དེའི་ཕྱིར་གནའ་དེང་གི་རིག་གཞུང་།།

གཅིག་ཤེས་གཅིག་ལྷག་ཏུ་མེད་པར།།

གཉིས་ཀ་མཉམ་པོ་ནི་འགྲོགས་ན།།

ཉེར་གཅིག་དུས་རབས་འདིའི་བདག་པོ།།

མི་རིགས་རྒྱུད་འཛིན་གྱི་ཀ་བ།།

ཁྱོད་མིན་གཞན་ཞིག་ནི་སུ་ཡིན།།

ཁ་སེམས་གཉིས་མེད་ཀྱི་ཚིག་གསུམ།།

གཞན་སྐུལ་ཅོང་བརྡ་ཡི་ཚུལ་གྱིས།།

འདི་ནས་ཤར་མར་གྱིས་སྤེལ་བས།།

གང་ལ་དེ་འཚམ་གྱི་ཚུལ་གྱིས།།

ཕན་པའི་རྒྱུ་རུ་ནི་སྨིན་ཤོག།

ཅེས་པ་འདི་ནི་འདས་ཟིན་པའི་བགྲང་བྱ་དྲུག་གི་ཡར་སྔོན་དུ་ཐོག་མར་རང་ཉིད་དང་དགེ་སློབ་ཀྱི་འབྲེལ་བ་བྱུང་བའི་སློབ་མ་རྣམས་མི་ལོ་དྲུག་གི་རྗེས་ཀྱི་དེ་རིང་སྟེ། སློབ་མཐར་ཕྱིན་པའི་བཀྲ་ཤིས་རྟེན་འབྲེལ་གྱི་ལེགས་སྐྱེས་ཤིག་གི་ཚུལ་དང་། དེ་མིན་ད་དུང་ཁོ་ཚོའི་མ་འོངས་པའི་མི་གཤིས་དང་སློབ་སྦྱོང་། འདུ་ཤེས་སོགས་ལ་ཆེད་དུ་བྲིས་པའི་ཁ་ཏ་ཐུང་ཐུང་འདི་རང་ཤག་ནས་འཕྲལ་མར་བྲིས་ཏེ་སྤེལ་བ་དགེའོ།།