༢༠༢༠ལོའི་སློབ་བསྡུའི་བརྡ་སྦྱོར།

རྫོང་སློབ་གསོ་ཅུའུ་ཡི་༢༠༢༠ལོའི་སློབ་བསྡུའི་རེ་བ་དང་ངེད་སློབ་གྲྭའི་སློབ་སྒྲུབ་ཀྱི་ཆ་རྐྱེན་ལྟར། ད་ལོའི་སློབ་མ་གསར་བ་མིང་ཐོ་འགོད་རྒྱུའི་བྱ་བ་བདེ་ལེགས་ངང་ཡོངས་་་་་་འགྲུབ་བྱེད་ཆེད་འབྲེལ་ཡོད་དོན་དག་འགའ་ཡོད་པ་འདི་ལྟར།

གཅིག ཐོ་འགོད་དུས་ཚོད།

༢༠༢༠ལོའི་ཟླ༩བའི་ཚེས༢ཉིན།

གཉིས། སློབ་བསྡུའི་ཁྱབ་ཁོངས།

ཆབ་ཆ་གྲོང་བརྡལ་གྱི་ས་ཕྱུག་སྡེ་བ།ཐར་མར་གོང་ཞོལ་གཉིས་དང་ཚི་ཧན་སོ།ལུང་གཡང་གྲོང་བརྡལ།ས་གྲུ་བཞི་ཡུལ་ཚོ།རིག་སྨོན་གྲོང་བརྡལ་གྱི་ཚི་ཧན་ད་བ་སྡེ་བ།ཆབ་ཆ་གྲོང་བརྡལ་གྱི་སྲང་ལམ་གོང་མའི་སྡོད་དམངས་དང་ལས་བཟོ་བའི་བྱིས་པ། ཐང་དཀར་མ་གྲོང་བརྡལ་དང་ཡུན་དར་ཡུལ་ཚོ་གཉིས་ཀྱི་འབྲོག་དམངས་མཁར་གྲོང་དུ་གཏན་སྡོད་བྱས་ཡོད་པའི་སློབ་ལོ་རན་པའི་བྱིས་པ་བཅས་ཡིན།

གསུམ། ཐོ་འགོད་ཀྱི་ཆ་རྐྱེན།

༡ལོ་ཚོད།ལོ་དྲུག་དང་ཕྱེད་ཀ་ལོན་པ།(༢༠༡༤ལོའི་ཟླ་༢བའི་ཚེས༢༨ཉིན་གྱི་སྔོན་དུ་སྐྱེས་པའི་བྱིས་པ།)

༢མཐར་ཕྱིན་འཛིན་ཡིག བྱིས་གཉོར་སློབ་གྲྭའི་མཐར་ཕྱིན་འཛིན་ཡིག་གི་མ་ཡིག་དང་བསྐྱར་དཔར་གཅིག

༣ཁྱིམ་ཐོ།ཁྱིམ་ཐོའི་མ་ཡིག་དང་བསྐྱར་དཔར་གཅིག

༤འགོག་སྨན་དཔང་ཡིག བྱིས་པར་འགོག་སྨན་བརྒྱབ་པའི་དཔང་ཡིག་དང་བསྐྱར་དཔར་གཅིག

༥ འདྲ་པར།ཚུན་གཅིག་ཅན་གྱི་ཚོན་ལྡན་འདྲ་པར་བརྒྱད།

༦སློབ་མ་གསར་བ་ཡོང་སྐབས་འཚོ་བའི་ཆ་རྐྱེན་ཆེས་དམའ་ བའི་ཁག་ཐག་དཔང་ཡིག་དང་དབང་བོ་སྐྱོན་ཅན་གྱི་དཔང་ཡིག་ཡོད་ན་མ་ཡིག་དང་བསྐྱར་དཔར་གཅིག་དགོས།

༧མཁར་གྲོང་དུ་ཡོང་སྟེ་ལས་ཀ་གཉེར་མཁན་གྱི་བྱིས་པ་ཡིན་ན་སྡོད་ཁང་ལག་ཁྱེར་དགོས་ལ་དེའི་སྟེང་གི་མིང་དང་ཁྱིམ་ཐོའི་སྟེང་གི་མིང་གཉིས་ངེས་པར་དུ་གཅིག་གྱུར་ཡིན་དགོས།གལ་ཏེ་སྡོད་ཁང་ལག་ཁྱེར་མེད་ན་ཁང་པ་གླས་པའི་གན་རྒྱའི་ཡི་གེ་དང་ཚོང་གཉེར་དཔང་ཡིག སྐབས་ཐོག་གནས་སྡོད་དཔང་ཡིག་སོགས་དགོས།༼ སྐབས་ཐོག་གནས་སྡོད་དཔང་ཡིག་ཡིན་ན་༢༠༢༠ལོའི་ཟླ༦་པའི་ཚེས་༢༥་ཉིན་གྱི་སྔོན་དུ་ཐོ་འགོད་བྱས་པ་ཡིན་དགོས།༽

གསལ་བཤད། ༡གོང་གི་དཔང་ཡིག་དག་ལས་རྫུན་བཟོའི་གནས་ཚུལ་བྱུང་ན་གོང་རིམ་ལ་ཡར་ཞུ་བྱེད་ངེས།༢ད་ལོ་ནི་རིམ་འགོག་གི་གནད་འགག་ཡིན་པས་སློབ་མ་གཅིག་གི་རྗེས་ལ་ཁྱིམ་བདག་གཅིག་མ་གཏོགས་སློབ་རའི་ནང་འོང་མི་ཆོག

བཞི། ཐོ་འགོད་འགན་འཁུར་མི་སྣ།

ཚེ་རིང་བཀྲ་ཤིས། མྰ་ཧེ་ཡན།

ལྔ། ཐོ་འགོད་གོ་རིམ།

ཡིག་ཚགས་ལ་ཞིབ་བཤེར་བྱས་རྗེས་འཛིན་གྲྭ་བགོས་པ་ལྟར་རང་གི་བུ་ཕྲུག་ཁྲིད་ནས་ཐོ་འགོད་བྱེད་ཡུལ་དུ་མིང་ཐོ་འགོད་དུ་འགྲོ་དགོས།རེའུ་མིག་༡པོའི་ནང་གསལ།

དྲུག བྱ་བའི་རེ་འདུན།

སློབ་གྲྭ་དང་ཁྱིམ་བདག་ཡོངས་ནས་གོ་རིམ་ཡོད་པའི་སྒོ་ནས་གནད་འགག་ནན་འཛིན།སྒྲིག་ལམ་བརྟན་སྲུང་།ལས་ཆོད་མཐོར་འདེགས་བཅས་བྱ་དགོས།

བདུན། འབྲེལ་གཏུགས་ཁ་པར།

ཚེ་རིང་བཀྲ་ཤིས།༡༨༩༩༧༤༤༨༧༧༨

གུང་ཧོ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ་ནས།

༢༠༢༠ལོའི་ཟླ༨པའི་ཚེས༢༠ཉིན།

共和县第一民族寄宿制小学

2020年秋季招生通知

根据共和县教育局关于2020年秋季全县中小学招生工作的通知要求,结合我校实际,2020年秋季新生招生有关事宜通知如下:

一、报名时间:2020年9月2日(一天)。

二、招生范围

恰卜恰镇部分村(次汗素村、沙尤村、上下塔迈村)、龙羊峡镇、沙珠玉乡、倒淌河镇尕海村及恰卜恰镇上街居民适龄儿童,塘格木镇和英德尔游牧民进城在恰定居的适龄儿童。

三、报名条件

年龄:满六周岁半(2014年2月28日以前出生);

毕业证:持幼儿园毕业证书原件及复印件1份;

户口本:原件及复印件一份;

接种证:持儿童预防接种证及复印件1份;

照片:一寸彩照8张;

新生享受低保或残疾的,需提供相关证件原件及其复印件。

另外,外来务工人员需持有本辖区内房产证,监护人姓名与房产证姓名必须一致,如没有房产证的需持有本辖区内的房屋租赁合同原件和暂住证(暂住证办理时间为2020年6月25日之前)或个体户营业执照。

注:1、以上报名所需证件如发现造假情况,将上交教育局,教育局上交公安局进行相关处理。

2、疫情期间,报名过程中一名学生由一名家长带到学校(佩戴口罩),其他一律不得进入校园。

四、报名负责人

才让扎西(教学副校长)

马海燕(教务副主任)

五、报名程序

家长携带相关报名材料到学校操场进行审核,审核通过后,凭新生审核报名表到指定地点报名。(附件1)

六、工作要求严格程序,严格把关,严守纪律,提高效率。

七、咨询电话18997448778(才让扎西副校长)

共和县第一民族寄宿制小学

2020年8月20日