རྡོ་དཀར་མོ་ཞང་དཀྱིལ་སྙིང་བྱིས་སྐྱོང་ཁང་གིས་སློབ་སྐབས་རྗེས་མའི་བྱིས་པའི་སློབ་བསྡུ་བརྡ་སྦྱོར།

多禾茂中心幼儿园

A
《བྱིས་སྐྱོང་ཁང་གིས་བྱིས་པ་བསྡུ་བའི་ཇུས་གཞི》ཡི་འབྲེལ་ཡོད་གཏན་འབེབས་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་པ་དང་བྱིས་སྐྱོང་ཁང་གི་སློབ་བསྡུའི་སྒྲིག་ལམ་སྲུང་སྐྱོང་། སློབ་ལོ་རན་པའི་བྱིས་པའི་སློབ་ཞུགས་གོང་གི་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་བཅས་ལ་འགན་ལེན་ཧུར་ཐག་བྱ་ཆེད། 2020ལོའི་སྟོན་དུས་བྱིས་པ་གསར་བ་བསྡུ་བའི་ལས་དོན་ལེགས་པོར་བསྒྲུབ་ནས། བྱིས་པ་བསྡུ་དུས་དྲང་བདེན་དང་དྲང་བཞག ཡོངས་བསྒྲགས་བཅས་ཡོང་བར་འགན་ལེན་བྱས་ཏེ། ད་ལྟ་བྱིས་པ་བསྡུ་བའི་ལས་དོན་སྤྱི་བསྒྲགས་བྱས་པ་གཤམ་གསལ།

1
གཅིག སློབ་སྟོན་བསམ་བློ།

སློབ་སྔོན་སློབ་གསོའི་སྤྱི་ཕན་རང་བཞིན་དང་ཀུན་ཕན་རང་བཞིན་གྱི་རྩ་དོན་མཐའ་འཁྱོངས་དང་། སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་འདེད་བཏང་ནས་གཞུང་གཉེར་སློབ་སྔོན་སློབ་གསོའི་བསླབ་གནས་ཐད་ཀྱི་ཁྱིམ་བདག་གི་དགོས་མཁོ་རིམ་བཞིན་སྐོང་བ།
2
གཉིས། བྱིས་པ་བསྡུ་སྟངས་དང་མི་གྲངས།

འཛིན་གྲྭ་ཆུང་བར2015ལོའི་ཟླ9བའི་ཚེས1ཉིན་ནས2016ལོའི་ཟླ8པའི་ཚེས31ཉིན་བར་སྐྱེས་པའི་བྱིས་པ་བསྡུ་རྒྱུ་ཡིན་པ་དང་། གཞན་ཡང་འཛིན་གྲྭ་འབྲིང་བ(2014ལོའི་ཟླ9བའི་ཚེས1ཉིན་ནས2015ལོའི་ཟླ8པའི་ཚེས31ཉིན་བར་གྱི་བྱིས་བ)དང་འཛིན་གྲྭ་ཆེ་བའི(2013ལོའི་ཟླ9བའི་ཚེས1ཉིན་ནས2014ལོའི་ཟླ8པའི་ཚེས31ཉིན་བར་གྱི་བྱིས་བ)ལོ་ཚད་དང་འཚམ་པའི་བྱིས་པ་འགའ་བསྡུ་རྒྱུ།
3
གསུམ། བྱིས་པ་བསྡུ་བའི་ཆ་རྐྱེན།

རྒྱལ་ཁབ་ཀྱི་གཅིག་གྱུར་ཚད་གཞིའི་གཏན་འབེབས་དང་མཐུན་པའི་སློབ་ལོ་རན་པའི་བྱིས་པ་ཡིན་ན། མིང་ཐོ་འགོད་དུ་ཡོང་མཁན་གྱིས་བྱིས་པའི་ཕ་མ་དང་བྱིས་པའི་ཁྱིམ་ཐོ་དང་། བྱིས་པའི་འགོག་སྨན་ཡི་གེའི་བསྐྱར་དཔར། ཚོན་གཉིས་ཅན་གྱི་བྱིས་བའི་འདྲ་པར་བཞི་ཁྱེར་ནས་བྱིས་སྐྱོང་ཁང་དུ་ཐོན་དགོས།
4
བཞི། བྱིས་པ་བསྡུ་བའི་དུས་ཚོད་དང་མིང་ཐོ་འགོད་ཡུལ།

དུས་ཚོད—ཟླ8པའི་ཚེས24ཉིན་ནས་ཟླ9བའི་ཚེས1ཉིན་བར།

སྔ་དྲོའི9:00—12:00 ཕྱི་དྲོའི3:00—5:00 ཡིན།

མིང་ཐོ་འགོད་ཡུལ།—རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་དཀྱིལ་སྙིང་བྱིས་སྐྱོང་ཁང་།
5
ལྔ། དམིགས་བསལ་གསལ་འདེབས།

རིམས་འགོག་རིང་། ཁྱིམ་བདག་གིས་མིང་ཐོ་འགོད་དུས་འདུ་ཚོགས་ལ་སྔོན་འགོག་བྱ་ཆེད།མིང་ཐོ་འགོད་པའི་སྐབས་སུ་ལྟ་སྐྱོང་མཁན་ཞིག་སློབ་གྲྭར་ཡོང་ནས་མིང་ཐོ་འགོད་འཇུག་དགོས། ཡོང་དུས་རང་ཉིད་ཀྱི་ལུས་དྲོད་འཇལ་དགོས་ཤིང་། སློབ་གྲྭའི་སྒོ་ལ་འཛུལ་སྐབས་ལས་དོན་མི་སྣས་ལུས་དྲོད་འཇལ་རྒྱུར་རམ་འདེགས་བྱེད་དགོས། ལུས་དྲོད་རྒྱུན་ལྡན་ཡིན་ན་ད་གཟོད་བྱིས་སྐྱོང་ཁང་དུ་ཡོང་ནས་མིང་ཐོ་བཀོད་ཆོག ད་དུང་རང་འགུལ་ངང་ཁ་ཐུམ་བརྒྱབ་ནས་བར་ཐག་སྨི1བཞག་སྟེ་མིང་ཐོ་འགོད་པ་དང་ཁྱིམ་བདག་ཚོས་སློབ་གྲྭའི་བྱ་བར་གཞོགས་འདེགས་གང་ལེགས་བྱ་དགོས།

རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་དཀྱིལ་སྙིང་བྱིས་སྐྱོང་ཁང་།

2020ལོའི་ཟླ8པའི་ཚེས20ཉིན།