༄༅།།གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་དང་སློབ་ཆུང་ལྔ་བའི་སློབ་སྒྲུབ་གཞི་གཅིག་ཅན་ལས༢༠༢༠ལོའི་སྟོན་དུས་ཀྱི་སློབ་བསྡུའི་མིང་ཐོ་སྔོན་འགོད་ཀྱི་བརྡ་ཁྱབ།

合作市藏族小学与市第五小学

一体化办学2020年秋季新生招生预登记公告

གུས་པར་འོས་པའི་ཁྱིམ་བདག་རྣམས་པ།
གཙོས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་༢༠༢༠ལོའི་སྟོན་དུས་སློབ་བསྡུ་བྱ་བ་ལེགས་པར་སྒྲུབ་པའི་བཀོད་སྒྲིག་དང་ཉེ་འདེམ་སློབ་ཞུགས་ཀྱི་རྩ་དོན་གཞིར་བཟུང་ནས་གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་དང་སློབ་ཆུང་ལྔ་བའི་སློབ་སྒྲུབ་གཞི་གཅིག་ཅན་ལས་༢༠༢༠ལོའི་སློབ་བསྡུའི་བརྡ་ཁྱབ་སྤེལ་པ་གཤམ་ལྟར།

གཅིག སློབ་བསྡུའི་རྩ་དོན།

1.རྒྱུགས་མེད་ཉེ་འདེམ་གྱི་སློབ་བསྡུའི་རྩ་དོན།

གཙོས་བོད་རིགས་སློབ་ཆུང་དང་སློབ་ཆུང་ལྔ་བས་ཐེངས་འདིའི་༢༠༢༠ལོའི་སློབ་མ་བསྡུ་སྐབས་རྒྱུགས་ལེན་རྒྱུ་མེད་པ་དང་ལྟོས་བཅས་ཁུལ་དབྱེ། ཉེ་འདེམ་སློབ་ཞུགས། ཁྱིམ་ཐོ་གཙོར་བཟུང་ནས་སློབ་གྲྭར་ཞུགས་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ།

2.ཡོངས་བསྒྲགས་དང་འདྲ་མཉམ། དྲང་བདེན་གྱི་སློབ་བསྡུའི་རྩ་དོན།

སློབ་བསྡུའི་སྲིད་ཇུས་ཡོངས་བསྒྲགས་དང་བརྒྱུད་རིམ་སྤྱི་བསྒྲགས་བྱ་རྒྱུ་མ་ཟད་སློབ་བསྡུའི་ཁྲོད་དུ་སློབ་གསོ་ཅུས་ཀྱི་རང་སློབ་གྲྭའི་འགན་འཛིན་མི་སྣ་གདན་འདྲེན་ཞུས་ནས་སློབ་བསྡུའི་ཐོག་མཐའ་བར་གསུམ་དུ་ལྟ་སྐུལ་དང་དོ་དམ་བྱེད་དུ་བཅུག་ནས་སློབ་བསྡུའི་རྣམ་པ་ཚད་ལྡན་ཅན་དུ་གཏང་རྒྱུ།

3.གོ་རིམ་མ་འཆོལ་བའི་སློབ་བསྡུའི་རྩ་དོན།

གཙོས་གྲོང་ཁྱེར་གྱི་ཁྱིམ་ཐོ་ཡིན་པ་མ་ཟད་ཁོངས་དབྱེའི་ཡུལ་ཁོངས་སུ་གནས་སྡོད་བྱས་ཡོད་པ་དང་གཙོས་གྲོང་ཁྱེར་གྱི་ཁྱིམ་ཐོ་མིན་ནའང་ཁོངས་དབྱེའི་ཡུལ་ཁོངས་སུ་གནས་སྡོད་བྱས་ཡོད་པ་བཅས་སྐོར་རིམ་གཉིས་སུ་དབྱེ་ནས་གོ་རིམ་ལྟར་སློབ་བསྡུ་བྱ་རྒྱུ། ཐོག་མར་ཡུལ་ཁོངས་གཙོས་གྲོང་ཁྱེར་ཡིན་པའི་སློབ་ལོ་རན་པའི་སློབ་མའི་སློབ་ཞུགས་ལ་ཁག་ཐེག་བྱ་རྒྱུ་དང་(གྲོང་ཁྱེར་གྱི་ཁྱིམ་ཐོ་ཡིན་པའི་སློབ་ཞུགས་སློབ་མ་སྔོན་ལ་བསྡུ་བར་ཁག་ཐེག་བྱ་རྒྱུ)དེ་ནས་སློབ་གནས་སྟོང་ཆ་ཡོད་པའི་ཆ་རྐྱེན་འོག་ཡུལ་ཁོངས་ནང་ཁུལ་གྱི་རྫོང་ཁག་གཞན་པའི་ཁྱིམ་ཐོ་ཅན་གྱི་གཞུག་ཁྲིད་བུ་ཕྲུག་བསྡུ་ལེན་བྱ་རྒྱུ།

གཉིས། སློབ་བསྡུ་བྱ་ཡུལ།

ལོ་ན6ལ་སོན་པ་སྟེ2014ལོའི་ཟླ8པའི་ཚེས31སྔོན་ལ་སྐྱེས་པའི་སློབ་རན་བྱིས་པ། (ཁྱིམ་ཐོ་གཞིར་འཛིན་རྒྱུ)

གསུམ། སློབ་བསྡུའི་མི་གྲངས།

འཆར་གཞི་ལྟར་ན། གཙོས་བོད་རིགས་སློབ་ཆུང་དང་སློབ་ཆུང་ལྔ་བ་གཉིས་ཀྱིས་བསྡོམས་པས་ལོ་རིམ་དང་པོའི་གསར་ཞུགས་སློབ་མ405བསྡུས་ཏེ་འཛིན་གྲྭ9སྒྲུབ་རྒྱུ།དེ་ལས་བོད་རིགས་སློབ་ཆུང་གིས་སློབ་མ270བསྡུ་རྒྱུ་དང་འཛིན་གྲྭ6སྒྲུབ་རྒྱུ། དེའི་ཁྲོད་དུ་སྐད་གཉིས་འཛིན་གྲྭ4དང་འཛིན་གྲྭ་རེར་སློབ་མ45བྱས་ཏེ་སློབ་མ180བསྡུ་རྒྱུ།དཀྱུས་མའི་འཛིན་གྲྭ2བསྡུ་དགོས་ཤིང་འཛིན་གྲྭ་རེར་སློབ་མ45བྱས་ཏེ་སློབ་མ90བསྡུ་རྒྱུ། སློབ་ཆུང་ལྔ་བས་སློབ་མ135བསྡུ་རྒྱུ་དང་འཛིན་གྲྭ3སྒྲུབ་རྒྱུ།དེའི་ཁྲོད་དུ་སྐད་གཉིས་འཛིན་གྲྭ2དང་འཛིན་གྲྭ་རེར་སློབ་མ45བྱས་ཏེ་སློབ་མ90བསྡུ་རྒྱུ།དཀྱུས་མའི་འཛིན་གྲྭ1དང་སློབ་མ་45བསྡུ་རྒྱུ།

བཞི། སློབ་བསྡུའི་ཁྱབ་ཁོངས།

རྒྱུགས་མེད་སློབ་ཞུགས་དང་ལྟོས་བཅས་ཁུལ་དབྱེ། ཉེ་འདེམ་སློབ་ཞུགས་ཀྱི་སློབ་བསྡུའི་རྩ་དོན་གཞིར་འཛིན་པ་དང་། གཙོས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་2020ལོའི་སྟོན་དུས་ཀྱི་གྲོང་ཁུལ་སློབ་ཆུང་སློབ་བསྡུའི་ཡུལ་ཁོངས་དབྱེ་བགོའི་བཀོད་སྒྲིག་ལྟར། གཙོས་བོད་རིགས་སློབ་ཆུང་དང་སློབ་ཆུང་ལྔ་བ་གཉིས་ཀྱིས་ཡུལ་ཁོངས་ནང་ཁུལ་གྱི་གྲོང་ཁྱེར་འདིའི་གྲོང་ཁུལ་གྱི་ཁྱིམ་ཐོ་ཡིན་པའི་ལོ་རན་བྱིས་པའི་སློབ་ཞུགས་ལ་ཁག་ཐེག་ཡོད་པ་བྱས་ཏེ་སློབ་གནས་སྟོང་ཆ་ཡོད་པའི་ཆ་རྐྱེན་འོག་ཡུལ་ཁོངས་ཀྱི་གྲོང་བསླེབས་ཞོར་ལས་པའི་ལོ་རན་བུ་ཕྲུག་སློབ་ཞུགས་བྱེད་པ་དམིགས་སུ་འཛིན་དགོས། བྱེ་བྲག་གི་གནས་ཚུལ་གཤམ་ལྟར།

1.བོད་རིགས་སློབ་ཆུང་གི་སྐད་གཉིས་སྐོར། གཙོས་གྲོང་ཁུལ་གྱི་སྲང་ལམ་དོན་སྒྲུབ་ཁང་བཞི་དང་སྣ་བུག་ཞང་གི་ཡུལ་ཁོངས་ཀྱི་ལོ་རན་བྱིས་པ། (ཁྱིམ་ཐོ་ལྟར་ཡིན)

2. བོད་རིགས་སློབ་ཆུང་གི་དཀྱུས་མའི་སྐོར། གཙོས་གྲོང་ཁྱེར་ཤར་ལམ་བཞི་བ་དང་ནུབ་ལམབཞི་བའི་ལྷོ་ཕྱོགས་ནས་ལ་གཟར་འགག་ལམ་ཐིག་ནང་ལོགས་ཀྱི་ལོ་རན་བྱིས་པ།(ཁང་ཡིག་དང་ཁྱིམ་ཐོ་ལྟར་ཡིན)

3. སློབ་ཆུང་ལྔ་བའི་སྐད་གཉིས་སྐོར། གྲོང་ཁྱེར་གྱི་མཐའ་མཚམས(གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་མཚམས)དང་ གྲོང་བསླེབས་ཞོར་ལས་པའི་གཞུག་ཁྲིད་བྱིས་པར་ཐོ་འགོད་བྱ་རྒྱུ། (ཁྱིམ་ཐོ་ལྟར་ཡིན)

4. སློབ་ཆུང་ལྔ་བའི་དཀྱུས་མའི་སྐོར། གཙོས་གྲོང་ཁྱེར་ལ་གཟར་འགག་ལམ་ཐིག་ལྷོ་ཕྱོགས་དང་བྲག་དམར་ལམ་གྱི་ལྷོ་རྒྱུད (བཀྲ་ཤིས་གཞིས་སྐོར། རབ་བརྟན་གཞིས་ཁྱིམ) རྡོ་དཀར་ལམ་གྱི་འགྲམ་རྒྱུད་དང་གྲོང་བསླེབས་ཞོར་ལས་པའི་གཞུག་ཁྲིད་བྱིས་པར་ཐོ་འགོད་བྱ་རྒྱུ། (ཁྱིམ་ཐོ་ལྟར་ཡིན)

ལྔ། ཐོ་འགོད་སློབ་ཞུགས་ཀྱི་ཡིག་ཆ།

སྐོར་རིམ་དང་པོའི་ཆ་རྐྱེན་དང་འཚམ་ལ་གྲོང་ཁྱེར་འདིའི་གྲོང་ཁུལ་གྱི་ཁྱིམ་ཐོ་ཡོད་པའི་སློབ་མ་ཚོ་སློབ་ཞུགས་བྱ་སྐབས་ངེས་པར་དུ་གཤམ་གྱི་ཡིག་ཆ་དག་གི་མ་ཡིག་དང་བསྐྱར་དཔར་མཁོ་སྤྲོད་བྱ་རྒྱུ།

1.ལོ་རན་བྱིས་པ་དང་ལྟ་སྐྱོང་མཁན་གྱི་ཁྱིམ་ཐོ།

2.ལོ་རན་བྱིས་པའི་ཕ་མའམ་ལྟ་སྐྱོང་མཁན་གཞན་པ་ཞིག་གི་གྲོང་ཁྱེར་གྱི་ཁང་ཡིག་གམ་ཁང་བ་ཉོས་པའི་གན་རྒྱའི་མ་ཡིག་དང་བསྐྱར་དཔར།

3.ཐམ་ག་ཡོད་པའི་སྨན་ཁང་གི་འགོག་ཁབ་དཔང་ཡིག

4. ལོ་རན་བྱིས་པའི་ཉེ་དུས་ཀྱི་འདྲ་པར་ཚོན་གཅིག་ཅན་གཉིས།

སྐོར་རིམ་གཉིས་པའི་ཆ་རྐྱེན་དང་འཚམ་པའི་གྲོང་བསླེབས་ཞོར་ལས་པ་དང་རྫོང་ཁག་གཞན་པའི་གནས་སྤོས་གཞུག་ཁྲིད་བྱིས་པ་ཚོ་སློབ་ཞུགས་བྱ་སྐབས་གཤམ་གྱི་ཡིག་ཆ་དག་གི་མ་ཡིག་དང་བསྐྱར་དཔར་གཉིས་རེ་མཁོ་སྤྲོད་བྱ་རྒྱུ།

1.ལོ་རན་བྱིས་པ་དང་ལྟ་སྐྱོང་མཁན་གྱི་ཁྱིམ་ཐོ།

2.ལོ་རན་བྱིས་པའི་ཕ་མ་(ཁྲིམས་བཀོད་ལྟ་སྐྱོང་མཁན)གཉིས་སམ་ཡང་ན་གཅིག་གི་གྲོང་ཁྱེར་གྱི་སྡོད་གནས་བདེན་དཔང(སྡོད་གནས་དཔང་ཡིག་གི་དུས་ཚོད2020ལོའི་ཟླ4བའི་ཚེས10ཉིན་ཡི་སྔོན་ཡིན་དགོས)ཁང་ཡིག་གམ་ཁང་བ་ཉོས་པའི་གན་རྒྱ། ཡང་ན་ཁང་བ་གླས་པའི་གན་རྒྱ།

3.ལོ་རན་བྱིས་པའི་ཕ་མ(ཁྲིམས་བཀོད་ལྟ་སྐྱོང་མཁན)གཉིས་ལས་གཅིག་ནི་གཙོས་གྲོང་དུ་ཁྲིམས་མཐུན་ལས་ཞུགས་བྱེད་པ་མ་ཟད་ལས་མི་བསྡུ་མཁན་གྱི་ལས་ཁུངས་ཀྱི་ལས་ཀའི་གན་རྒྱའམ་བཟོ་ཚོང་སྡེ་ཁག་ཏུ་སྒྲུབ་པའི་ལས་གཉེར་བཀའ་མཆན་མཁོ་སྤྲོད་བྱ་རྒྱུ།

4.ལོ་རན་བྱིས་པའི་ཕ་མ(ཁྲིམས་བཀོད་ལྟ་སྐྱོང་མཁན)་གཙོས་གྲོང་ཁྱེར་དུ་བསྡད་ནས་ལོ་གཅིག་ཡིན་དགོས།

5.ལོ་རན་བྱིས་པའི་ཕ་མ(ཁྲིམས་བཀོད་ལྟ་སྐྱོང་མཁན)གཉིས་སམ་ཡང་ན་གཅིག་གི་ལས་གནས་སྤར་བས་གཙོས་གྲོང་དུ་ལས་ཞུགས་བྱས་པ་ཡིན་ནའང་གཙོས་གྲོང་ཁྱིམ་ཐོའི་གཞུག་ཁྲིད་བྱིས་པའི་ཡིག་ཆ་སྒྲུབ་མ་ཐུབ་པའི་ལས་བྱེད་མི་སྣས་རང་ལས་ཁུངས་ཀྱི་བདེན་དཔང་མཁོ་སྤྲོད་བྱ་རྒྱུ། (ཆ་རྐྱེན་5་བའི་སློབ་མ་ཡིན་ན་སྔུན་གྱི་ཆ་རྐྱེན2ནས4བ་མཁོ་སྤྲོད་བྱ་མི་དགོས།)

6. ཐམ་ག་ཡོད་པའི་སྨན་ཁང་གི་འགོག་ཁབ་དཔང་ཡིག

7. ལོ་རན་བྱིས་པའི་ཉེ་དུས་ཀྱི་འདྲ་པར་ཚོན་གཅིག་ཅན་གཉིས།

དྲུག སློབ་བསྡུའི་བྱེད་ཐབས།

ཐེངས་འདིའི་སློབ་བསྡུའི་སྐབས་སུ་ཐོག་མར་ཞིབ་བརྟག་གིས་མིང་ཐོ་སྔོན་འགོད་བྱེད་པ་དང་། དེ་ནས་སྐོར་རིམ་བགོས་ནས་སློབ་བསྡུའི་མིང་ཐོ་འགོད་པའི་བྱེད་ཐབས་སྤྱོད་རྒྱུ་སྟེ། ཡུལ་ཁོངས་ནང་ཁུལ་གྱི་ཆ་རྐྱེན་དང་བསྟུན་པའི་ལོ་རན་བྱིས་པ་རྣམས་ལ་གོ་རིམ་བཞིན་སློབ་བསྡུའི་མིང་ཐོ་འགོད་རྒྱུ། མིང་ཐོ་འགོད་པའི་ཞིབ་ཆ་ནི་གཤམ་གསལ་ལྟར་ཡིན།

སྐོར་རིམ་དང་པོ། (གྲོང་ཁྱེར་འདིའི་གྲོང་ཁུལ་གྱི་ཁྱིམ་ཐོ་ཡོད་པ་མ་ཟད་ཡུལ་ཁོངས་སུ་གནས་སྡོད་བྱས་ཡོད་པ་ཅན། )

1. ཁང་བ་ཡོད་ལ་ཁྱིམ་ཐོ་ཡོད་པ་ཅན། ལོ་རན་བྱིས་པ་དང་དེའི་ཕ་མ་ལ་ང་ཚོའི་སློབ་གྲྭའི་ཡུལ་ཁོངས་སུ་ཁྱིམ་ཐོ་ཡོད་པ།ཁྱིམ་བདག་ནི་དེའི་ཕའམ་མ་ཡིན་ཞིང་དོན་དངོས་ཀྱི་སྡོད་གནས་(ཁང་བདག་ནི་དེའི་ཕའམ་མ་ཡིན་པ། )ང་ཚོའི་སློབ་གྲྭའི་ཡུལ་ཁོངས་སུ་ཡོད་པ།

2.ཁང་བ་ཡོད་ཀྱང་ཁྱིམ་ཐོ་མེད་པ་ཅན ། ལོ་རན་བྱིས་པ་དང་དེའི་ཕ་མ་ལ་ང་ཚོའི་སློབ་གྲྭའི་ཡུལ་ཁོངས་སུ་ཁྱིམ་ཐོ་ཡོད་པ་དང་། ཁྱིམ་བདག་ནི་ཨ་ཡེ་ཨ་མྱེས་ཡིན་པར་མ་ཟད། དོན་དངོས་ཀྱི་སྡོད་གནས་ནི་ང་ཚོ་སློབ་གྲྭའི་ཡུལ་ཁོངས་སུ་ཡོད་པའམ། ཡང་ན་ལོ་རན་བྱིས་པ་དང་དེའི་ཕ་མའི་ཁྱིམ་ཐོ་ང་ཚོ་སློབ་གྲྭའི་ཡུལ་ཁོངས་སུ་མེད་ཀྱང་། དོན་དངོས་ཀྱི་སྡོད་གནས་ང་ཚོ་སློབ་གྲྭའི་ཡུལ་ཁོངས་སུ་ཡོད་པ།

3.ཁྱིམ་ཐོ་ཡོད་ཀྱང་ཁང་བ་མེད་པ་ཅན ། ལོ་རན་བྱིས་པ་དང་དེའི་ཕ་མ་ལ་ང་ཚོའི་སློབ་གྲྭའི་ཡུལ་ཁོངས་སུ་ཁྱིམ་ཐོ་ཡོད་པ་དང་། དོན་དངོས་ཀྱི་གནས་སྡོད་བྱེད་ས་ནི་གླ་ཁང་ཡིན་པར་མ་ཟད། འདུག་ཡུལ་ང་ཚོ་སློབ་གྲྭའི་ཡུལ་ཁོངས་སུ་ཡོད་པའམ་ལོ་རན་བྱིས་པ་དང་དེའི་ཕ་མའི་ཁྱིམ་ཐོ་སློབ་གྲྭའི་ཡུལ་ཁོངས་སུ་ཡོད་ལ་དོན་དངོས་སྡོད་གནས་ཀྱང་ཡུལ་ཁོངས་སུ་ཡོད་པ།

4.ཁྱིམ་ཐོ་མེད་ལ་ཁང་བའང་མེད་པ་ཅན ། ཁྱིམ་ཐོ་སློབ་གྲྭའི་ཡུལ་ཁོངས་སུ་མེད་ཀྱང་དོན་དངོས་གླ་རིན་སྤྲད་པའི་སྡོད་གནས་སློབ་གྲྭའི་ཡུལ་ཁོངས་སུ་ཡོད་པར་མ་ཟད་ལོ་གཅིག་ཡན་གྱི་དུས་ཡུན་ཡོད་པ།

སྐོར་རིམ་གཉིས་པ། (གཙོས་གྲོང་གི་གྲོང་ཁུལ་ཁྱིམ་ཐོ་མིན་ཡང་སྡོད་གནས་སློབ་གྲྭའི་ཡུལ་ཁོངས་ན་ཡོད་པ་ཅན། )

1.གཙོས་གྲོང་གི་ཁྱིམ་ཐོ་ཡོད་པའི་གྲོང་བསླེབས་ཞོར་ལས་པའི་བུ་ཕྲུག་སྟེ་ལོ་རན་བྱིས་པ་དང་དེའི་ཕ་མའི་ཁྱིམ་ཐོ་སློབ་གྲྭའི་ཡུལ་ཁོངས་སུ་མེད་ཀྱང་རང་སློབ་གྲྭའི་ཡུལ་ཁོངས་སུ་གནས་སྡོད་བྱས་ཡོད་པ།

2.རྫོང་ཁག་གཞན་པའི་ཁྱིམ་ཐོ་ཅན་གྱི་གཞུག་ཁྲིད་བྱིས་པ་ལ་དམིགས་ནས་སློབ་གནས་སྟོང་ཆ་ཡོད་པའི་སྐབས་སུ་ང་ཚོ་སློབ་གྲྭའི་སློབ་བསྡུའི་ཡུལ་ཁོངས་སུ་གནས་སྡོད་བྱས་པའི་གཞུག་ཁྲིད་བྱིས་པས་སློབ་ཞུགས་ཀྱི་རེ་ཞུ་ཕུལ་ཆོག

བདུན། མིང་ཐོ་སྔོན་འགོད་ཀྱི་དུས་ཚོད།

1.སྐོར་རིམ་དང་བོའི་ཆ་རྐྱེན་དང་མཐུན་པའི་ལོ་རན་བྱིས་པའི་ཐོ་འགོད་དུས་ཚོད་ནི2020 ཟླ8པའི་ཚེས1ཉིན་གྱི་ཞོགས་པའི་དུས་ཚོད8:00-11:00དང་ཕྱི་དྲོའི་དུས་ཚོད2:30-5:00བར།

2.སྐོར་རིམ་གཉིས་པའི་ཆ་རྐྱེན་དང་མཐུན་པའི་ལོ་རན་བྱིས་པའི་ཐོ་འགོད་དུས་ཚོད་ནི2020ལོའི་ཟླ8པའི་ཚེས2ཉིན་གྱི་ཞོགས་པའི་དུས་ཚོད8:00-11:00དང་ཕྱི་དྲོའི་དུས་ཚོད 2:30-5:00བར།

གལ་ཏེ་སྐོར་རིམ་དང་བོའི་ཆ་རྐྱེན་དང་མཐུན་པའི་ལོ་རན་བྱིས་པའི་ཁ་གྲངས་སློབ་བསྡུའི་འཆར་གཞིའི་ཁ་གྲངས་ལྟར་འདང་སོང་ན་སྐོར་རིམ་གཉིས་པའི་ཐོ་འགོད་མེད་པ་བྱ་རྒྱུ།

3.སློབ་མ་གསར་བའི་ཆ་འཕྲིན་ལ་བསྐྱར་ཞིབ་བྱེད་པ། 2020ལོའི་ཟླ8པའི་ཚེས3ཉིན་བསྐྱར་ཞིབ་དང་ཚེས3ཉིན་གྱི་ཕྱི་དྲོ་དུས་ཚོད5སྟེང་བོད་རིགས་སློབ་ཆུང་དང་སློབ་ཆུང་ལྔ་བའི་སློབ་གྲྭ་གཉིས་ཀྱིས་སྒོ་ཕྱི་ནས་སློབ་བསྡུའི་ཐོ་འགོད་གནས་ཚུལ་ཁྱབ་བསྒྲགས་བྱ་རྒྱུ།

4.ཐོ་འགོད་གཏན་འཁེལ། 2020ལོའི་ཟླ8པའི་ཚེས4ཉིན་གྱི་སྔ་དྲོ་དུས་ཚོད9ནས12བར་ཁྱིམ་བདག་ཚོས་གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་དང་སློབ་ཆུང་ལྔ་བའི་སློབ་གྲྭའི་སྒོ་ཁ་ནས་སློབ་མའི་སློབ་ཞུགས་བརྡ་ཐོ་ལེན་དགོས།

བརྒྱད། མིང་ཐོ་སྔོན་འགོད་ཀྱི་ས་གནས།

གཙོས་བོད་རིགས་སློབ་ཆུང་གི་ཐོ་འགོད་ཀྱི་ས་གནས། གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་ནུས་མང་ཁང་རྩེག་གི་སྒོ་ཁྱམས།

སློབ་ཆུང་ལྔ་བའི་ཐོ་འགོད་ཀྱི་ས་གནས། གཙོས་གྲོང་ཁྱེར་སློབ་ཆུང་ལྔ་བའི་མདུན་ར།

དགུ། བློ་དཀར་གསལ་འདེབས།

1. ཁྱིམ་བདག་གིས་མིང་འགོད་བྱེད་དུས་རང་སྒེར་གྱིས་ཡིག་ཚགས་ཁུག་མ་ཉོས་ནས་ཡོང་དགོས་པ་དང་འབྲེལ་ཡོད་ཡིག་ཆའི་མ་ཡིག་དང་བསྐྱར་དཔར་ངེས་པར་ཁུག་མའི་ནང་བསྡུ་དགོས་པ་མ་ཟད་ཡིག་ཆའི་ཞིབ་ཐོ་གསལ་བོར་འགོད་དགོས། སློབ་བསྡུའི་ཆ་རྐྱེན་དང་འཚམ་པའི་བྱིས་པས་མིང་ཐོ་འགོད་སྐབས་ཀྱི་ཡིག་ཆ་རྣམས་མིང་ཐོ་བཀོད་པའི་རྗེས་སུ་སློབ་གྲྭར་ཡར་སྤྲོད་བྱས་ནས་བདག་ཉར་བྱེད་དགོས་ཤིང་སློབ་བསྡུའི་བྱ་བ་མཇུག་རྫོགས་རྗེས་ཕྱིར་ཁྱིམ་བདག་ལ་སྤྲོད་རྒྱུ་ཡིན།

2. མིང་ཐོ་སྔོན་འགོད་ཀྱི་སྐབས་སུ་འདོན་སྤྲོད་བྱས་པའི་ཡིག་ཆ་རྣམས་ངེས་པར་བདེན་པ་ཡིན་དགོས། གལ་ཏེ་རྫུན་བཟོའི་གནས་ཚུལ་ཡོད་ཚེ་ཐད་ཀར་མིང་ཐོ་འགོད་པའི་ཐོབ་ཐང་མེད་པ་བྱ་རྒྱུ།

3.སྤྱི་ཁྱབ་སློབ་གྲྭས་སློབ་མ་བསྡུ་བའི་གྲངས་ཚད་འདང་སོང་ན་ལྷག་འཕྲོའི་སློབ་མ་ཁ་ཤས་ཡན་ལག་སློབ་གྲྭའི་ནང་དུ་བགོ་བཤའ་རྒྱག་རྒྱུ།

4.མིང་ཐོ་སྔོན་འགོད་ཀྱི་གོ་རིམ་དང་དངོས་སུ་མིང་ཐོ་འགོད་པའི་གོ་རིམ་ལ་འབྲེལ་བ་ཅི་ཡང་མེད་པས་ཁྱིམ་བདག་རྣམས་གཏན་འཁེལ་གྱི་དུས་བཅད་ནང་མིང་ཐོ་འགོད་དུ་ཡོང་དགོས་པ་ལས། སློབ་རའི་ཕྱི་ནང་དུ་མང་བོ་མཉམ་འདུས་ཀྱིས་གྲལ་བསྒྲིགས་པ་སོགས་བྱེད་མི་ཆོག

5.སློབ་མ་གསར་བའི་མིང་ཐོ་འགོད་སྐབས་ཁྱིམ་བདག་གིས་ཁ་ཐུམ་བརྒྱག་དགོས་པ་དང་། ཕན་ཚུན་བར་ལ་སྨི་གཅིག་གི་བར་ཐག་བཞག་ནས་གྲལ་སྒྲིག་དགོས། ཚ་གྲང་ཚད་ལེན་དང་དུག་སེལ་སོགས་ཀྱི་བྱ་བར་གཞོགས་འདེགས་བྱེད་དགོས། གལ་ཏེ་ཚ་གྲང་མཐོ་བ་དང་ལུད་པ་སོགས་ཀྱི་གནས་ཚུལ་ཡོད་ན་མིང་ཐོ་འགོད་དུ་ཡོང་མི་ཉན།

གཙོས་བོད་རིགས་སློབ་ཆུང་གི་བློ་འདྲིའི་ཁ་པར་ཨང་གྲངས།

སྒྲོལ་མ་སྐྱིད། 15349013333

བན་དེ་སྐྱིད། 15349028383

སློབ་ཆུང་ལྔ་བའི་བློ་འདྲིའི་ཁ་པར་ཨང་གྲངས།

རིན་ཆེན་རྡོ་རྗེ། 13909412022

འཇིགས་བྱེད་འཚོ། 15593072002

གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་། གཙོས་སློབ་ཆུང་ལྔ་བ།

2020ལོའི་ཟླ7པའི་ཚེས27ཉིན།

尊敬的各位家长:

根据合作市教育局关于2020年秋季招生工作安排,按照就近入学的原则,现将合作市藏小与市五小一体化办学2020年秋季新生招生预登记公告如下:

一、招生原则

1.免试就近入学原则。总校(市藏小)与分校(市五小)2020年新生招生坚持“免试入学,相对划片,就近入学,兼顾户籍”。

2.公开公平公正原则。招生政策公开,所有环节公示,招生过程邀请教育局包校干事全程参与,切实加强招生监管,规范招生行为。

3.批次登记录取原则。按照“拥有本市城区户籍且居住在片区内”和“非本市城区户籍且居住地在片区内”两个批次,先后进行招生。优先保证合作市生源地的适龄儿童入学(优先保证城市户籍的儿童),其次在招生学位有空余的前提下,招录外县籍学生。

二、招生对象

年满6周岁即2014年8月31日前出生的适龄儿童。(以户口薄为准)

三、招生名额

按照计划,今年总校(市藏小)与分校(市五小)共招收一年级新生 405人,9个教学班。总校招收一年级新生6个教学班270人,其中双语类4个教学班180人,普通类2个教学班90人;分校招收一年级新生3个教学班135人,其中双语类2个教学班90人,普通类1个教学班45人。

四、招生范围

依据“免试入学、相对划片、就近入学、兼顾户籍”的招生原则,按照合作市2020年秋季学期城区小学招生区域划分安排,总校和分校在优先保证片区内本市城区户籍的适龄儿童入学,其次在招生学位有空余的前提下招收片区内进城务工子女适龄儿童入学。具体如下:

1.总校(市藏小)双语类:合作城区四个街道办及周边那吾镇的适龄儿童。(以户籍为准)

2.总校(市藏小)普通类:合作市玛曲东路(东四路)、玛曲西路(西三路)以南至腊子口路以北的适龄儿童。(以房产证和户籍为准)

3.分校(市五小)双语类:市区周边(城乡结合部)、外来务工子女均可报名。(以户籍为准)

4.分校(市五小)普通类:合作市腊子口路一线以南,知合玛路南段沿线(团结新村、裕佳苑等),多河路(316国道)沿线各村及外来务工子女均可报名。(以户籍为准)

五、需提供证件

符合第一批次要求,拥有本市户籍适龄儿童入学时,须提供以下资料原件及复印件:

(1) 适龄儿童及监护人户口簿;

(2) 适龄儿童的父母(法定监护人)双方或一方在我市的房产证(或购房合同等相关凭证)原件及复印件;

(3)医院验印盖章的预防接种证;

(4)适龄儿童近期免冠1寸彩色照片两张。

2.符合第二批次要求,进城务工人员及外县随迁子女须提供以下资料原件及复印件

(1)适龄儿童及监护人户口簿;

(2)适龄儿童的父母(法定监护人)双方或一方在我市的居住证(居住证办理时间不得晚于2020年4月10日)和房产证(购房租赁证明),务工单位提供住宿的需提供单位相关证明;

(3)适龄儿童父母(法定监护人)双方或一方在我市合法就业并与用人单位签订的劳动合同或工商部门办理的营业执照;

(4)适龄儿童的父母(法定监护人)在我市连续居住满一年或以上;

(5)适龄儿童的父母双方或一方因工作调动、借调等原因在我市上班还未办理我市户籍的随迁子女,监护人需提供相关单位证明;(视为第5项的学生不需要提供前2-4项)

(6)医院验印盖章的预防接种证。

(7)适龄儿童近期免冠1寸彩色照片两张。

六、预登记办法

本次招生采取先摸底预登记,再分批次招生报名的办法,即按照符合条件的顺序依次录取片区内的适龄儿童,具体报名办法如下:

第一批次(拥有本市城区户籍且居住在片区内)

1.有房有户。适龄儿童及其父母户籍在我校片区内,户主为其父或母,且实际居住地(房屋产权所有人为其父或母)位于我校片区内;

2.有房无户。适龄儿童及其父母户籍不在我校片区内,但实际居住在我校片区内;(户主为其祖父母或外祖父母,且实际居住地位于我校片区内)

3.有户无房。适龄儿童及其父母户籍在我校片区内,实际居住地为租房,且位于我校片区内;

4.无户无房。户籍在片区外,但实际居住地租住在片区内达一年以上。

第二批次(非本市城区户籍且居住地在片区内)

1.具有本市户籍的进城务工子女。适龄儿童及其父母户籍不在学校片区内,但居住在我校片区内。

2.具有外县户籍的随迁子女。在有学位空额时,招生居住地址在我校招生片区内的申请入学的外县随迁子女。

七、预登记时间

1.第一批次时间:符合第一批次条件的适龄儿童报名预登记时间为2020年8月1日上午8点至11点,下午2点30分至5点;

2.第二批次时间:符合第二批次条件的适龄儿童报名预登记时间为2020年8月2日上午8点至11点,下午2点30分至5点;

若第一批次预登记人数超过招生计划人数,将不再进行第二批次预登记。

3.核实、回访时间:2020年8月3日。下午5点在总校和分校门口对外公布学位登记情况。

4.报名确认:2020年8月4日,请已录取的学生家长于上午9点至12点在市藏小和市五小门口领取入学通知单。

八、预登记地点

总校预登记地点:合作市藏族小学多功能楼门厅

分校预登记地点:合作市第五小学前院

九、注意事项

1.家长前来登记时将所需资料原件、复印件自行装入透明档案袋并列好材料清单,符合招收条件的儿童报名资料在预登记结束后返还原件;

2.在预登记时所提供材料必须真实有效,若提供弄虚资料,经核实,将直接取消报名资格;

3.总校计划招生名额已满,其余部分往分校分配;

4.预登记顺序与报名顺序无关,望各位家长抽空在规定时间内前来登记,且不可在校内外集中排队。

5.疫情防控注意事项:必须佩戴口罩,排队间隔保持1米以上,配合工作人员的测温、消毒工作;如有发热、咳嗽症状,或近期从中、高风险区返合的人员暂不要来学校报名。

总校(市藏小)咨询电话:

15349013333 卓么吉(副校长)

15349028383 万代吉(教导主任)

分校(市五小)咨询电话:

13909412022 仁青道吉(副校长)

15593072002 久西草(教导主任)

合作市藏族小学 合作市第五小学

2020年7月27日