ངེད་མེ་ཏོག་གངས་ལྷ་བྱིས་སྐྱོང་ནི་མཚོ་ལྷོ་ཁུལ་གསེར་ཆེན་འཚོ་བའི་འགྲམ་དུ་ཡོད་ཅིང་། དམངས་གཉེར་མཉམ་སྐྲུན་བྱེད་པའི་སྐད་གཉིས་བྱིས་སྐྱོང་ཁང་ཞིག་ཡིན།ད་ལྟའི་བར་ལོ་ངོ་༡༤ལྷག་གི་སློབ་གཉེར་གྱི་མཉམ་མྱོང་ཡོད་དེ། མི་རིགས་སྣ་འདུས་ཀྱི་བྱིས་སྐྱོང་ཁང་ཞིག་ཡིན་པས། དབྱི་སི་ལན་རིགས་ཀྱི་བྱིས་པར་ཆེད་དུ་གཡོ་སྐོལ་བྱེད་སའི་གསོལ་ཐབས་བཙུགས་ཡོད།

དེ་མིན་ཁྱིམ་བདག་རྣམས་ལ་སྟབས་བདེ་སྐྲུན་ཆེད།ཆེད་དུ་བྱིས་པ་བསུ་སྐྱེལ་ཀྱི་རླངས་འཁོར་ཀྱང་སྡེབ་སྒྲིག་བྱས་ཡོད་དོ། ང་ཚོའི་སློབ་རའི་ཁོར་ཡུག་ནི་མཛེས་ཤིང་སྒྲིག་བཀོད་ཆ་ཚང་ཡིན་ཞིང་།བརྩོན་སེམས་དང་བརྩེ་སེམས་ཀྱིས་ཁེངས་བའི་དགེ་རྒན་གྱི་དཔུང་སྡེ་ཁག་ཅིག་ཡོད་པས།

འདི་ནི་གྲོགས་པོ་ཆུང་ཆུང་ཚོའི་མ་འོངས་བའི་ཕུགས་འདུན་གྱི་གཤོག་ཟུང་བརྐྱངས་སའི་གར་སྟེགས་ཆེན་པོ་ཞིག་ཡིན།

ང་ཚོའི་སློབ་རའི་ནང་དུ་སློབ་གསོའི་ལས་དོན་ལ་དགའ་ཞིང་བརྩེ་སེམས་ཀྱིས་ཁེངས་པའི་དགེ་རྒན་གྱི་དཔུང་སྡེ་ཁག་ཅིག་ཡོད།

དེ་མིན་ང་ཚོའི་སློབ་རའི་ནང་གི་བྱིས་པ་ཚོའི་ཆེ་བཀུར་ཆུང་བྱམས་བྱེད་ཤེས་པ་དང་དགེ་རྒན་ལ་དགའ་ཞིང་སློབ་གྲོགས་ཕན་ཚུན་བར་ལ་མཐུན་སྒྲིལ་བྱེད་ཤེས།

ངེད་སློབ་གྲྭའི་བྱིས་པ་ཚོ་གོ་སྐབས་དང་གར་སྟེགས་འདོན་སྤྲོད་བྱས་ནས་ཁོ་ཚོ་རང་རང་གི་དགའ་ཕྱོགས་ལྟར་བྱ་འགུལ་སྤེལ་བ་དང་གཞན་བྱིས་པ་ཚོ་རྫོང་རིམ་པའི་འགྲན་ཚོགས་ལ་ཞུགས་ནས་བྱ་དགའ་ཐོབ་པ།

ཁྱིམ་བདག་དང་བྱིས་པ་ཚོ་མཉམ་དུ་ཕ་བུའི་བྱ་

འགུལ་སྤེལ་བར་གོ་སྐབས་སྐྲུན་ནས་ཐུན་མོང་གི་བྱ་འགུལ་སྤེལ་པ།

གཟའ་འཁོར་རེར་སློབ་གྲྭའི་དགེ་རྒན་ཚང་མ་བྱིས་སྐྱོང་སློབ་གསོའི་ཐད་ལ་སློབ་སྦྱོང་བྱེད་པ།

གྲོགས་པོ་ཆུང་ཆུང་ཚོ་བརྩེ་བའི་འཛུམ་བརྒྱ་གྲོལ་ཏེ་མངར་བཅུད་ལྡན་པའི་ཟས་མཆོག་རེ་རེ་ལ་རོལ་མྱོང་བྱེད་པ།

ཁྱིམ་བདག་རྣམས་ལ་སྟབས་བདེ་སྐྲུན་ཆེད། ངེད་སློབ་གྲྭའི་ཆེད་དུ་བྱིས་པ་བསུ་སྐྱེལ་ཀྱི་རླངས་འཁོར་ཀྱང་སྡེབ་སྒྲིག་བྱས་ཡོད་དོ།

ད་ལྟ་ངེད་བྱིས་སྐྱོང་ཁང་གིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་སློབ་ཞུགས་མ་ལོངས་པའི་བྱིས་པ་བསྡུ་ལེན་བྱེད་བཞིན་ཡོད།

སློབ་བསྡུ་གཏན་ཡོད། ལོ༤ནས༦ཡིན།

ཐོ་འགོད་དུས་ཚོད།

དེ་རིང་ནས་བཟུང་ཐོ་འགོད་བྱེད་པ།

ཐོ་འགོད་ས་གནས།

མེ་ཏོག་གངས་ལྷ་བྱིས་སྐྱོང་ཁང་།

འབྲེལ་གཏུགས་ཁ་པར།

༼གླིང་གཙོ། ༽13897340555

༼གླིང་གཙོ་གཞོན་པ༽14718903442