གཟའ་འཁོར་བཅོ་ལྔ་པ་སྟེ།

སློབ་དུས་འདིའི་ཆེས་མཐའ་མཇུག་གི་གཟའ་རེས་ཤིག

ཕན་ཚུན་གྱེས་ཚིག་དང་བདེ་མོར་འཇོག་པའི་དུས་ཚིགས་ཤིག

གཟའ་ཉི་མའི་སྔ་དྲོར་ལོ་རིམ་གསུམ་པ་དང་ལོ་རིམ་བཞི་པའི་སློབ་གྲོགས་དག་ཁྱིམ་དུ་མངགས།

འཛིན་གྲྭ་ཁག་གི་འཛིན་བདག་གིས་སློབ་གྲྭ་དང་ཁ་བྲལ་བའི་གྲོས་ཆིངས་སོགས་ལ་ཐེལ་དང་མིང་རྟགས་འགོད་དུ་འཇུག་པ།བདེ་འཇགས་དང་དབྱར་གནང་གི་ལས་བྱའི་ཐད་ལ་ཡང་ནན་བྱེད།

ལོ་རིམ་ལྔ་པ་དང་ལོ་རིམ་དྲུག་པའི་སློབ་གྲོགས་དག་རྒྱུགས་ལ་ཞུགས་པ།

རྒྱུགས་སྤྲད་པ་དེ་སློབ་སྦྱོང་གི་དོན་དུ་ཡིན་མོད།

སློབ་སྦྱོང་དེ་རྒྱུགས་སྤྲད་པའི་ཆེད་དུ་ག་ལ་ཡིན།

བགྲང་བྱ་དུ་མའི་ཡུན་གྱི་དཀའ་སྡུག་ལས་གྲུབ་འབྲས་མི་དམན་པ་རེ་ལོན་པར་སྨོན།

ཁྱིམ་ཚང་དབུལ་བའི་སློབ་མར་ཁ་མིན་དོན་གྱིས་སེམས་ཁུར་བྱེད་ཆེད༢༠༢༠ལོའི་ཟླ༧པའི་ཚེས༢༠ཉིན་སློབ་གྲྭའི་སྲིད་འཛིན་མི་སྣ་དག་གིས་འབྲས་དང་ཟན་སྣུམ་སོགས་ཁྱེར་ཏེ་སློབ་མའི་ཁྱིམ་བདག་ལ་འཚམས་འདྲི་ཞུས་པ།

ཁོ་ཚོར་དངོས་པོའི་སྟེང་ནས་སེམས་ཁུར་བྱེད་པ་ཙམ་མ་ཡིན་པར་དེ་ལས་ཀྱང་གཙིགས་སུ་བཟུང་བ་དེ་བསམ་པའི་སྐུལ་སློང་དེ་ཡིན་ནོ།།

སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱི་ཚོགས་འདུ་སྟེང་རང་རང་གི་ལས་ཀ་ལ་ཕྱོགས་བསྡོམས་བྱེད་པ།

ལོ་རིམ་དྲུག་པའི་སློབ་གྲོགས་ཚོས་མ་ཡུམ་སློབ་གྲྭ་དང་ཁ་གྱེས་ཁར་མ་ཡུམ་སློབ་གྲྭར་དྲིན་གཟོ་ཕྱིར་ཆེས་ཡིད་དུ་འོང་བའི་ལག་རྟགས་ཤིག་བཞག་ཡོད་པ་ནི།མ་སྐུལ་དང་བླངས་ཀྱིས་སློབ་ཁང་དང་ཟ་ཁང་།གསང་སྤྱོད་ཁང་།ལུས་རྩལ་ར་བ་སོགས་ལ་གཙང་སྦྲ་བྱེད་པ།

མི་ཞིག་ལ་ཇི་འདྲའི་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཤིག་ཐོབ་རུང་།རང་གི་འཚར་ལོངས་ལ་དང་ཐོག་གི་ས་བོན་སུས་བཏབ་པ་ཡིན་པ་ཡིད་ལ་ངེས་དགོས་ཤིང་།ཆུ་འཐུང་དུས་ཆུ་མགོ་དྲན་དགོས་ཞེས་པའི་དཔེ་བཞིན་ནོ།།👍👍👍

ང་ཚོ་འདི་རུ་འཛོམས་པ་དེ་སྔོན་བསགས་ཀྱི་ལས་སྨོན་ཞིག་སྟེ།

ཡང་འདི་ནས་གྱེས་དགོས་ཐུག་པ་དེ་ཡང་ཆོས་ཉིད་ཅིག་ཅི་ལ་མིན།

ཕན་ཚུན་བརྗོད་མི་ཐུབ་པའི་སྐད་ཆ།

འབྲལ་མི་ཕོད་པའི་བརྩེ་བ།

ད་རུང་ཡིད་སྐྱོ་བ།

བློ་ཕམ་པ།

བརྗེད་པ་མེད་པའི་འགྱོད་སེམས་སོགས་གང་མང་མང་ཞིག་ཁྱེར་ཏེ་སློབ་ཆུང་གི་འཚོ་བ་ལ་རྫོགས་ཚིག་འགོད་རན་པ་ཡིན་མོད།ང་ཚོས་ཕན་ཚུན་བར་ལྷད་མེད་ཀྱི་བརྩེ་སེམས་དེ་ནམ་ཡང་སེམས་པའི་གཏིང་རིམ་ལ་ཉར་ཏེ་རང་རང་གི་ས་ནས་རེ་བ་དང་སྨོན་འདུན་བཅས་སླར་འཛོམ་གྱི་ཉི་མ་ཞིག་ལ་རེ་སྒུག་བྱེད་ཆོག 💞

མཇུག་ཏུ་དགེ་རྒན་རྣམས་ཀྱི་སྐུ་གཟུགས་བདེ་ཐང་དང་།བྱ་བ་ལམ་འགྲོ་ཡོང་བ།

སློབ་གྲོགས་རྣམས་ཀྱི་མ་འོངས་མདུན་ལམ་རིང་མོར་བདེ་སྐྱིད་འོད་ཀྱིས་ཁེངས་ཤོག🙏🙏🙏

ང་ཚོའི་གཟའ་རེས་ལས་ཀ་ཡང་འདི་ནས་མཇུག་གྲིལ་སོང་།

ད་ཚང་མ་བདེ་མོར་བྱོས།🤔🤔😜