桑耶镇完小防溺水安全教育倡议书

བརྩེ་བའི་ཁྱིམ་བདག་ལྷན་རྒྱས།

ཁམས་བཟང་།

ཆར་ཆུ་བབས་ཤུགས་ཆེ་བའི་དུས་ཚིགས་སླེབས་པ་དང་དུས་མཚུངས།སློབ་ཕྲུག་མང་པོས་ཉེན་ཟོན་མེད་པར་ཆུ་རྩེད་ལ་ཞུགས་ནས་ཆུ་ནང་དུ་ལྷུང་ཏེ་ཚེ་སྲོག་ཤོར་བའི་བསམ་ཡུལ་ལས་འདས་པའི་གནས་ཚུལ་སྐྱོ་སྣང་ཅན་མང་པོ་ཐོན་དང་ཐོན་བཞིན་ཡོད། ཆུར་ལྷུང་ནས་སྲོག་ཤོར་བའི་གནད་དོན་ནི་ད་ལྟའི་སྤྱི་ཚོགས་ཐོག་ང་ཚོའི་བུ་ཕྲུག་གི་ཚེ་སྲོག་འཕྲོག་མཁན་ལག་དམར་བ་ཨང་དང་པོར་འགྱུར་ཡོད་པས། ཆུར་ལྷུང་སྔོན་འགོག་བདེ་འཇགས་སློབ་གསོ་ཡུད་ཙམ་ཡང་འགྱངས་མི་རུང་། དེ་བཞིན་བུ་ཕྲུག་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་ཁྱིམ་བདག་ཕྱོགས་ནས་བུ་ཕྲུག་གི་ལྟ་སྐུལ་མི་སྣའི་འགན་ཁྲི་དང་དུ་བླངས་ནས་བུ་ཕྲུག་གི་བདེ་འཇགས་ཨང་དང་པོར་འཛིན་ཏེ་ང་ཚོའི་ལས་ཀར་གཞོགས་འདེགས་གང་ལེགས་ཀྱིས་རང་གི་བུ་ཕྲུག་ལ་བདེ་འཇགས་སློབ་གསོ་གང་མང་གང་ལེགས་གནང་རྒྱུའི་རེ་བ་ཆེན་པོ་བཅངས་བཞིན་ཡོད།

གཤམ་དུ་བུ་ཕྲུག་ཆུར་ལྷུང་ནས་དོན་རྐྱེན་ལྷགས་པའི་གནད་དོན་སྔོན་འགོག་བྱེད་པའི་རྒྱུན་ཤེས་ཁག་གཅིག་དྲན་སྐུལ་ཞུ་རྒྱུ་ལ།

གཅིག་དུས་རྒྱུན་དུ་མཐོང་ཐུབ་པའི་ཆུར་ལྷུང་རྒྱུ་རྐྱེན་གཙོ་བོ་ཁག་གཅིག་

༡ ཆུ་འགྲམ་དུ་རྩེད་མོར་གཡེང་བ། ཆུ་ནང་གི་ཉ་དང་འབུ་སྲིན་དེ་མིན་ཆུ་ནང་གི་དངོས་པོ་གཞན་སོགས་ཡར་འདོན་ཐབས་བྱེད་པ།

༢ ཆུ་རྐྱལ་བརྒྱབ་དུས་ལུས་པོ་རྩྭ་ཆུད་པ།

༣ རྐྱལ་བརྒྱབ་མི་ཆོག་པའི་ཆུ་གཏིང་རིང་སར་རྐྱལ་བརྒྱབ་པ།

༤ ཆུ་ནང་དུ་རྩེད་མོར་རོལ་བ།

༥ འཚབ་འཚུབ་ངང་ཆུར་མཆོངས་ནས་མི་གཞན་སྐྱོབ་ཐབས་བྱེད་པ།

གཉིས་ ཆུར་ལྷུང་རྗེས་རང་སྲོག་རང་སྐྱོབ་བྱེད་པའི་ཐབས་ཇུས་།

༡ གལ་ཏེ་རང་གིས་ཆུ་རྐྱལ་མི་ཤེས་ན་ཆུ་ནང་ལྷུང་རྗེས་མགྱོགས་པོ་ལུས་གན་རྐྱལ་དུ་སྡོད་དགོས། དེ་ལྟར་མགོ་བོ་དང་། ཁ། སྣ། མིག་བཅས་ཆུ་ཁར་ཐོན་པ་བྱེད་པ་ལས་རྐང་འཁྲབ་ལག་འཁྲབ་བྱེད་མི་རུང་། དེ་ནས་ལུས་སྟེང་གི་དངོས་པོ་ལྗིད་པོ་རྣམས་མར་ཕབ་ཏེ་ལུས་ཡང་དུ་གཏོང་དགོས་ལ། ལུས་ཐོག་གི་གོས་རྣམས་ཕུད་མི་རུང་བ་སྟེ། གྱོན་གོས་ཁག་གཅིག་གིས་རང་ཉིད་ཆུ་ཁར་འཕྱོ་ཐུབ་པས་སོ། གལ་ཏེ་གཞན་གྱིས་ཆུར་མཆོངས་ནས་སྐྱོབ་པར་ཡོང་ཚེ་འཚབ་འཚུབ་ངང་རང་ཉིད་སྐྱོབ་མཁན་ལ་དམ་པོར་འཁྱུད་དེ་འཐམས་མི་རུང་བར་ མཉམ་དུ་ཆུ་ཁར་ཐོན་ཐུབ་པའི་བྱ་ཐབས་སྤྱོད་དགོས་།

༢ ཆུ་ནང་དུ་ལུས་རྩྭ་ཆུད་སྐབས་རང་སྲོག་རང་སྐྱོབ་བྱེད་པའི་ཐབས་ཇུས་།

ཆུ་རྐྱལ་རྒྱག་སྐབས་ལུས་རྩྭ་་ཆུད་པའི་གནས་ཚུལ་ཐོན་ཚེ་འཚབ་འཚུབ་དང་ཞེད་སྣང་གཏན་ནས་བྱེད་མི་རུང་བར་དེ་བས་སེམས་ལྷོད་ལྷོད་ངང་གཟུགས་པོ་ཆུ་ནང་དུ་གན་རྐྱལ་སློག་ནས་དབུགས་གཏོང་ཐུབ་པ་བྱས་རྗེས་གང་མགྱོགས་ཆུ་ཁར་ཐོན་ཐུབ་པ་བྱེད་དགོས།

གསུམ་ གྲོགས་པོ་ཆུང་ཆུང་ཆུར་ལྷུང་ཚེ་ང་ཚོས་ཇི་ལྟར་བྱེད་དགོས་སམ།

སྐད་རྒྱག་པ།

རང་གི་གྲོགས་པོ་ཆུང་ཆུང་ཆུར་ལྷུང་པའི་གནས་ཚུལ་ཐོན་མ་ཐག་ཏུ་སྐད་ཆེན་པོས་སྲོག་སྐྱོབ་དང་ཞེས་འབོད་དགོས་། དེ་ལྟར་ཉེ་འཁོར་གྱི་མི་རྒན་པ་རྣམས་ཀྱི་རོགས་རམ་ཐོབ་པ་བྱས་རྗེས་ ༡༡༠ལ་ཁ་པར་བཏང་ནས་ཉེན་ཁ་ལས་སྐྱོབ་ཐུབ་པ་བྱེད་དགོས་པ་ལས་ རང་ཉིད་བྲེལ་འཚུབ་ཀྱིས་ཆུར་མཆོངས་ནས་མི་གཞན་སྐྱོབ་པར་འགྲོ་མི་རུང་།

ཤིང་དུམ།

ཉེ་འཁོར་དུ་ཤིང་དུམ་སྐམ་རིང་སོགས་བཙལ་ཏེ་ཆུར་ལྷུང་བའི་མི་ལ་སྤྲད་རྗེས་དང་ཐོག་རང་ཉིད་ཆུ་ཁའི་སྐམ་སར་ཉལ་ནས་མཉམ་དུ་ཆུ་ནང་དུ་མི་ལྷུང་བའི་སྔོན་འགོག་ནན་ཏན་བྱས་ཏེ་སྐྱོབ་ཐབས་བྱེད་དགོས།

ཆུ་ཁར་འཕྱོ་ཐུབ་པའི་དངོས་པོ།

གལ་སྲིད་ཉེ་འཁོར་དུ་ཤིང་དུམ་དང་། འགྱིག་སོབ། སྲོག་སྐྱོབ་ཐག་པ་སོགས་བཙལ་ཐུབ་ན་དེ་དག་ཆུར་ལྷུངས་བའི་མི་དེར་སྤྲོད་དགོས། དེས་ན་ཆུ་ཁར་འཕྱོ་ཐུབ།

གོས་མཐུད་ཐག་པ།

གལ་སྲིད་ཤིང་དུམ་དང་ཆུའི་ཁར་འཕྱོ་ཐུབ་པའི་དངོས་པོ་གཞན་མ་རྙེད་ཚེ་ལུས་སྟེང་གི་གོས་རྣམས་ཕུད་ནས་མཐུད་ན་ཐག་པ་རིང་པོ་ཞིག་གི་ཚབ་བྱས་ཏེ་ཆུར་ལྷུང་བའི་མི་དེ་ཆུ་ཁར་འཐེན་ཐུབ།

བཞི་ ཆུར་ལྷུང་བའི་མི་སྐྱོབ་སྐབས་གཏན་ནས་བྱ་མི་རུང་བ་ཁག་གཅིག་

༡ ཐད་ཀར་ཆུ་ནང་དུ་མཆོངས་ཏེ་མི་གཞན་སྐྱོབ་ཐབས་བྱེད་པ།

༢ རང་ཉིད་ཀྱིས་ལག་པས་འཐེན་ཐབས་བྱེད་པ།

༣ གྲོགས་པོ་ཆུང་ཆུང་ཆུ་ནང་དུ་ལྷུང་ཚེ་ བྲེལ་འཚུབ་ཆེན་པོས་ལག་པ་བརྐྱངས་བ་དང་ཡང་ན་ཐད་ཀར་ཆུ་ནང་དུ་མཆོངས་བ། དེ་མིན་ཕྲུ་གུ་ཁ་ཤས་ལག་གདང་སྦྲེལ་བ་སོགས་བྱས་ནས་སྐྱོབ་ཐབས་བྱེད་པ་ནི་ང་ཚོའི་ལྷན་སྐྱེས་ཀྱི་ནུས་པ་ཞིག་ཡིན་རུང་དེ་ནི་ཧ་ཅང་གི་ཉེན་ཁ་ཆེ་བའི་ཐབས་ཤེས་ཙམ་ཡིན་པས། སྣང་བ་གཡེང་བའི་སྒོ་ནས་ཆུ་ནང་དུ་ལྷུང་བའི་མི་དེ་དང་མཉམ་དུ་ཚེ་སྲོག་ཤོར་ཉེན་ཆེ་ལ་མི་མང་པོ་མཉམ་དུ་ཆུར་ལྷུང་ཏེ་ཤི་བའི་གནས་ཚུལ་ཡང་ཐོན་ངེས། ཆུ་ནང་དུ་ལྷངས་བའི་མི་རྣམས་ལ་རང་ཉིད་སྲོག་ཐོན་པའི་ཆེད་དུ་དེའི་ལྷན་སྐྱེས་ཀྱི་ནུས་ཤུགས་ཧ་ཅང་ཆེ་བས་སྲོག་སྐྱོབ་མཁན་དེ་ཡང་ཆུ་ནང་དུ་འཐེན་པའི་ཉེན་ཁ་ཧ་ཅང་ཆེ་བ་མ་ཟད་ཆུ་ནང་དུ་མི་རྣམས་ཀྱི་ལག་པ་རློན་པ་ཆགས་ནས་འདྲེད་སླ་བས་ལག་གདང་སྦྲེལ་ཏེ་སྐྱོབ་ཐབས་བྱེད་པ་ནི་རང་གཞན་ཐམས་ཅད་ཆུ་ནང་དུ་ལྷུང་ཏེ་ཤི་རྨས་དེ་བས་མང་བ་ཡོང་ཉེན་ཆེ་བའི་ཐབས་སྐྱོ་པོ་ཞིག་ལས་མ་འདས་སོ།

ལྔ་ ཚེ་སྲོག་ལ་གཅེས་སྤྲས་དང་ཆུར་ལྷུང་སྔོན་འགོག་ཡོང་ཆེད་ང་ཚོས་མཐའ་གཅིག་ཏུ་བྱེད་མི་རུང་བ་བདུན་ཡོད་པ་སྟེ་

༡ རང་ཉིད་གཅིག་པུར་ཆུ་རྐྱལ་རྒྱག་པར་འགྲོ་མི་རུང་།

༢ ཁྱིམ་བདག་སོགས་མི་རྒན་པའི་ལྟ་སྐུལ་གང་ཡང་མེད་པར་སློབ་གྲོགས་མཉམ་དུ་ཆུ་རྐྱལ་རྒྱག་མི་རུང་།

༣ ཆ་རྒྱུས་མེད་པའི་ཆུ་རྫིང་སོགས་ལ་ཆུ་རྐྱལ་རྒྱག་པར་འགྲོ་མི་རུང་།

༤ རང་ཉིད་རྐྱལ་རྩལ་མི་བྱང་བར་མི་གཞན་ཆུ་ནང་ནས་སྐྱོབ་པར་བསྐྱོད་མི་རུང་།

༥ ཁྱིམ་བདག་དང་དགེ་རྒན་སོགས་ཀྱི་ལྟ་སྐུལ་མེད་པར་རང་མཚམས་ཀྱིས་ཆུ་རྐྱལ་རྒྱག་མི་རུང་།

༦ བདེ་སྲུང་ཡོ་ཆས་དང་སྲོག་སྐྱོབ་མི་སྣ། བདེ་འཇགས་འགན་ལེན་བཅས་མེད་པའི་ཆུ་ཁར་ཆུ་རྐྱལ་རྒྱག་མི་རུང་།

༧ གཙང་པོ་དང་མཚོ། མཚེའུ། ཆུ་བོ། ཆུ་མཛོད། ཆུ་རྫིང་སོགས་ཉེན་ཁ་ཆེ་བའི་ཆུ་ཁར་རྩེད་མོ་རྩེད་མི་རུང་།

བརྩེ་བའི་ཁྱིམ་བདག་རྣམས་ལ་མཇུག་ཏུ་སླར་ཡང་རེ་སྐུལ་ཞུ་རྒྱུར། བུ་ཕྲུག་གི་ཚེ་སྲོག་ལ་འགན་ལེན་བྱས་ཏེ་བུ་ཕྲུག་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་སློབ་གྲྭ་དང་སྤྱི་ཚོགས་ ཁྱིམ་ཚང་བཅས་ཀྱི་ཐུན་མོང་གི་འགན་ཁྲི་ཞིག་ཡིན་པས་ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་སྔོན་འགོག་གཙོ་བོ་དང་བདེ་འཇགས་ཨང་དང་པོར་འཛིན་དགོས་ཞེས་པའི་འདུ་ཤེས་དམ་པོར་བཅངས་ཏེ་སྣང་ཆུང་གི་བསམ་བློ་ཡོངས་སུ་དོར་ནས་བུ་ཕྲུག་གི་བདེ་འཇགས་སློབ་གསོར་འགན་ལེན་དང་ལྟ་སྐྱོང་བྱ་རྒྱུར་མཐོང་ཆེན་ཤུགས་ཆེར་བྱས་ཏེ་ང་ཚོའི་བུ་ཕྲུག་རྣམས་ཀྱི་སེམས་སུ་བདེ་འཇགས་ཀྱི་འགན་སྲུང་འཛིང་རགས་སྲ་ཞིང་བརྟན་པ་ཞིག་བསྐྲུན་ནས་བུ་ཕྲུག་རྣམས་བདེ་ཐང་དང་སྤྲོ་སྣང་ལྡན་པའི་སྒོ་ནས་འཚར་ལོངས་ཡོང་བར་འབད་དགོས།

桑耶镇完小防溺水安全教育倡议书

亲爱的各位家长:

您们好!

随着雨季的到来,因青少年儿童冒险玩水导致溺水身亡的惨痛事故时有发生。溺水,已是孩子的头号杀手,防溺水教育已刻不容缓。为了孩子的健康成长,我们迫切希望各位家长积极配合,履行孩子的监护人职责,不论你有多忙,时刻把孩子的安全教育放到首位,认真做好安全教育工作。现将有关知识提醒如下:

1.水边玩耍,下水摸鱼虾,捡落入水中的物品。

2.游泳时抽筋。

3.在非游泳区游泳。

4.在水中打闹。

5.贸然下水救人。

二溺水自救秘籍

1.如果你不习水性

应迅速把头向后仰,口向上,尽量使口鼻露出水面,不能将手上举或挣扎,以免使身体下沉。及时甩掉鞋子和口袋里的重物,但不要脱掉衣服,因为它会产生一定的浮力,对你有很大帮助。如果有人跳水相救,千万不可死死抱住救助者不放,而应尽量放松,配合救助者把你带到岸边。

2.水中抽筋自救法

游泳时发生抽筋,千万不要惊慌,一定要保持镇静,停止游动,先吸一口气,仰面浮于水面,并用手握住痉挛肢体的远端,反复做屈伸运动。抽过筋后,改用别种游泳姿势游回岸边。

3.珍爱生命,预防溺水

坚决做到“七不”

1.不私自下水游泳;

2.不擅自与同学结伴游泳;

3.不到不熟悉的水域游泳;

4.不盲目下水施救;

5.不在无家长或老师带领的情况下游泳;

6.不到无安全设施、无救护人员、无安全保障的水域游泳;

7.不到江河、湖海、水塘、水库、水坑等危险水域边畔玩耍嬉戏。

亲爱的家长朋友,保障孩子健康成长,关爱孩子的生命,是学校、社会和家庭共同的责任,让我们携起手来,克服麻痹侥幸的心理,牢固树立“安全第一、预防为主”的忧患意识,重视对孩子的安全教育与监护,在孩子的心中筑起一道安全防线,让您的孩子健康快乐成长。