关注

གནམ་གཤིས་རིམ་བཞིན་ཚ་བ་ཆེ་བ་དང་བསྟུན་ནས་ཆུར་ལྷུང་བའི་དོན་རྐྱེན་བྱུང་བའི་དུས་སུ་སླེབས།བསྡོམས་རྩིས་བྱས་པ་ལྟར་ན།ལོ་རེར་བྱིས་པ་ཁྲི་གཉིས་ཙམ་ཆུར་ལྷུང་བའི་དོན་རྐྱེན་ལས་ཤི་བ་རེད།ཆུར་ལྷུང་བའི་དོན་རྐྱེན་འདི་དག་སློབ་གྲྭའི་ཕྱི་ནས་བྱུང་བ་དང་།བྱིས་པ་ལོ་ན་ཆུང་བས་རང་སྐྱོབས་བྱེད་ཐབས་མེད།ཁྱིམ་བདག་གིས་དོགས་ཟོན་གྱི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན།

随着天气逐渐炎热,又到了溺水事故的高发期。据统计,每年有近二万名儿童死于溺水事故,而这些溺水事故多发生在校外,幼儿太年幼无法自救,因此家长做好防范工作十分重要。

མཛའ་བརྩེ་ལྡན་པའི་ཁྱིམ་བདག་རྣམས་པ་ཁྱེད་རང་གི་ལྟ་སྐུལ་དང་དོ་དམ་སློབ་གསོ་གལ་འགངས་ཤིན་ཏུ་ཆེ་།

亲爱的家长,预防孩子溺水,您的监管和教育至关重要。

མཛའ་བརྩེ་ལྡན་པའི་ཁྱིམ་བདག་ཕྱོགས་ཁམས་བཟང་།

གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པ་དང་བསྟུན་ནས་ཆུར་མི་ལྷུང་བའི་བདེ་འཇགས་ལས་དོན་དེ་ངེས་བྱིས་གསོ་ཁང་དང་ཁྱིམ་བདག་གིས་དོ་ཁུར་བྱ་ཡུལ་གཙོ་བོར་གྱུར་ཡོད། བྱིས་པ་ཆུར་ལྷུང་བའི་དོན་རྐྱེན་སྔོན་འགོག་ནུས་ལྡན་བྱེད་ཆེད།འདི་ནས་ཁྱེད་ཀྱིས་བདེ་འཇགས་དོན་རྐྱེན་གྱི་དོགས་ཟོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་བྱིས་གསོ་ཁང་གི་བདེ་འཇགས་སློབ་གསོའི་བྱ་འགུལ་ལ་གཞོགས་འདེགས་བྱེད་བའི་རེ་བ་ཡོད།བྱིས་པའི་སྔོན་འགོག་སློབ་གསོའི་བྱེད་སྒོ་དེ་བས་གཏིང་གཟབ་ཡོང་བ་བྱེད་དགོས།

亲爱的家长朋友:

您好!

随着天气逐渐转热,防溺水安全工作已成为幼儿园和家长关注的焦点。为有效预防幼儿溺水事故的发生,在此也希望您增强对安全事故的防范意识,配合幼儿园的安全教育活动,将幼儿防溺水教育活动做得更扎实有效。

ངེས་པར་དུ་ལྟ་སྐྱོང་མཁན་གྱི་འགན་འཁྲི་འཁུར་དགོས་པ་དང་། རང་རྟོགས་ཀྱིས་རང་ཉིད་ཀྱི་འགན་འཁྲི་བསྒྲུབ་དགོས། རང་ཉིད་ཀྱི་ཕྲུ་གུ་དོ་དམ་ཡག་པོ་བྱེད་པར་རང་ཉིད་ཀྱི་བདེ་འཇགས་འདུ་ཤེས་དང་ལྟ་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་དགོས། ལྷག་པར་དུ་དབྱར་ཁའི་གུང་གསེང་དང་གཟའ་མཇུག་དུས་ཚོད་བཅས་སློབ་གྲྭ་གྲོལ་རྗེས་བྱིས་པའི་བདེ་འཇགས་སློབ་གསོ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཆུར་ནུབ་པ་སོགས་བདེ་འཇགས་དོན་རྐྱེན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས།

必须承担起监护人责任,自觉履行自己的职责,管好自己的孩子,要切实增强自己的安全意识和监护意识,特别要在暑期、节假日、周末和放学后加强对孩子的安全教育和监管,坚决避免溺水等安全事故的发生。

ཁྱིམ་བདག་གིས་ངེས་པར་དུ་བྱིས་པའི་ཆུ་རྐྱལ་(ཆུ་རྩེད་)བདེ་འཇགས་སློབ་གསོ་ལ་མཐོང་ཆེན་བྱེད་དགོས་པ་སྟེ། བྱིས་པ་རང་དགར་ཆུར་རྐྱལ་མི་ཆོག་པ་དང་། བྱིས་པ་རང་དགར་གཙང་པོ་དང་། ཆུ་རྫིང་། ཆུ་ཡུར་སོགས་ཉེན་ཁ་ཆེ་བའི་ས་ཆར་རྩེད་མོ་རྩེ་བར་གཏན་འགོག་བྱ་དགོས།

གསུམ། མི་རྒན་པ་རོགས་པར་མེད་པའི་འོག་རང་མཚམས་ཀྱིས་གྲུ་གཏོང་བར་གཏན་འགོག་བྱ་དགོས། སྤྱི་གླིང་དུ་གྲུ་གཏོང་བའམ་ཡང་ན་གྲུ་ལ་སྡོད་སྐབས་ངེས་པར་དུ་ཡག་པོ་སྡོད་དགོས། ཉེན་ཁ་མི་ཡོང་བའི་ཆེད་དུ་གྲུ་ཐོག་ཏུ་གང་བྱུང་དུ་རྒྱུག་པ་དང་། གྲུ་ཁར་ལག་པ་བཀྲུ་བ་དང་རྐང་པ་བཀྲུ་མི་རུང་། 家长务必要重视孩子游泳(玩水)安全教育:禁止孩子私自下水游泳;禁止幼儿擅自到河流、山塘、水沟等危险地方玩耍。

三、在没有大人陪同下,严禁私自去划船。到公园划船,或乘坐船时必须要坐好,不要在船上乱跑,或在船舷边洗手、洗脚,以免发生危险。

སྙིང་ཉེ་བའི་ཁྱིམ་བདག་རྣམ་པ་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་འགན་སྲུང་དང་ བྱིས་པའི་ཚེ་སྲོག་ལ་གཅེས་སྐྱོང་ནི་།བུ་བཅོལ་ཁང་དང་སྤྱི་ཚོགས།ཁྱིམ་ཚང་བཅས་ཐུན་མོང་གི་འགན་འཁྲི་ཡིན་པས།ང་ཚོས་ལག་གདང་གཅིག་ཏུ་སྦྲེལ་ནས་བདེ་འཇགས་ཨང་དང་པོར་འཇོག་པ་དང་སྔོན་འགོག་གཙོ་བོར་འཛིན་པའི་”འདུ་ཤེས་བརྟན་པོ་འཛུགས་པ་དང་། ཕྲུ་གུར་བདེ་འཇགས་སློབ་གསོ་དང་ལྟ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱ་དགོས།ཕྲུ་གུའི་སེམས་ནང་བདེ་འཇགས་ཀྱི་འགོག་སྲུང་བྱེད་ལུགས་ཤིག་བསྐྲུན་ནས་ཁྱེད་ཀྱི་ཕྲུ་གུ་བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་བ་བྱེད་དགོས།

亲爱的家长朋友,保障孩子健康成长,关爱孩子的生命,是幼儿园、社会和家庭共同的责任,让我们携起手来,克服麻痹侥幸的心理,牢固树立“安全第一、预防为主”的忧患意识,重视对孩子的安全教育与监护,在孩子的心中筑起一道安全防线,让您的孩子健康快乐成长。