༄༅།།རྩོམ་ཡིག་བྱ་དགའི་འཕྲིན་བཟང་གིས། སློབ་གྲོགས་མང་པོར་སྐུལ་སློང་བྱེད།

rebusan✍️

འོད་འབར་ན་ཆུང་ཚགས་པར།

ཁ་བ་ཅན་གྱི་བྱིས་དུས་ལ་བཞག་པའི་འོད་ཀྱི་གོང་བུ།

གངས་རིའི་ལྗོངས་ཀྱི་ན་ཆུང་བྱིས་པའི་ལམ་སྟོན་གྱི་སྒྲོན་མེ།

འོད་འབར་ན་ཆུང་ཚགས་པར།

ན་ཆུང་བྱིས་པ་ནི་ཡིད་འོང་གི་སྐྱེད་ཚལ་གྱི་མེ་ཏོག་ཚོམ་བུ་དེ་ཡིན་ཞིང་།

འོད་འབར་ཚགས་པར་ནི་མེ་ཏོག་གསོ་བའི་ལྡུམ་ར་ཉག་ཅིག་ཡིན།

བདག་གི་དཔེ་ཁུག་ཆུང་ཆུང་།

ལྕགས་མོ་སྐྱིད།

བདག་ལ་མཛེས་ཤིང་ལྟ་ན་སྡུག་པ་དང་ཡིད་དབང་འཕྲོག་པའི་དཔེ་ཁུག་ཅིག་ཡོད། ངའི་ཨ་མས་སྐུད་པ་མདོག་མི་འདྲ་བ་སྣ་ཚོགས་ཀྱིས་བཟོས་པ་ཡིན་ལ། དེ་ནི་རྨ་བྱ་ཞིག་དང་འདྲ་བར་ག་ས་གང་དུ་དར་ཚོན་སྣ་ལྔས་བརྒྱན་ཡོད།

དཔེ་ཁུག་ཐོག་ཏུ་འཇའ་ཚོན་ཞིག་ང་ཚོའི་ཕྱོགས་སུ་འཕུར་ཡོང་བའི་རི་མོ་ཞིག་བྲིས་ཡོད་པ་དང་། ང་རང་རྒྱུན་དུ་སློབ་གྲྭར་སོང་བའི་རྗེས་སུ། ་སློབ་གྲོགས་ཚང་མས་རུབ་ནས་ངའི་སྙིང་རྗེ་བའི་དཔེ་ཁུག་ལ་ཡང་དང་ཡང་དུ་ལྟ་བཞིན་འདུག། ཁོ་ཚོས་ཁྱོད་ཀྱི་དཔེ་ཁུག་དེ་གང་ནས་ཉོས་པ་ཡིན་ཞེས་ང་ལ་བཤད། ངས་དཔེ་ཁུག་འདི་ནི་ངའི་ཨ་མས་བཟོས་པ་ཡིན་ཞེས་བཤད་པ་ན། ཚང་མ་ཧ་ལས་པར་གྱུར།

ང་རང་ཕྱིར་ཕ་ཡུལ་ལ་སོང་ནས་ཨ་མ་ལ་བཤད་པ་ན། ཨ་མ་དགའ་ནས་ཁ་མི་ཟུམ་པར་གྱུར། ངས་དཔེ་ཁུག་འདི་ལ་གཅེས་སྤྲས་བྱས་ནས་ལོ་རིམ་དྲུག་པའི་བར་དུ་སོ་མ་བྱེད་དུ་འཇུག་རྒྱུ་ཡིན། ངའི་དཔེ་ཁུག་གི་ནང་དུ་དཔེ་ཆ་གསར་བ་མང་པོ་བསྡུས་པ་དང་དཔེ་ཁུག་འགྲམ་གྱི་ཁུག་མ་དེའི་ནང་དུ་ང་ལ་དགའ་བའི་ཇ་ཕོར་ཡག་པོ་ཞིག་བཅུག་ཡོད།

ངས་ད་ནས་བཟུང་དཔེ་ཁུག་འདི་ལ་གཅེས་སྤྲས་བྱེད་དགོས་པར་མ་ཟད། ཨ་མས་ང་ལ་དཔེ་ཁུག་འདི་བཟོ་དོན་ནི་ངས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པ་དང་། རྒྱུགས་འབྲས་བཟང་བོ་ཞིག་ལོན་དགོས་པ་དེ་ཡིན།

སློབ་མགོ་རྩོམ་པའི་འཆར་སྣང་།

འབྲུག་མོ་མཁར་ཆེ་བོ།

དེ་རིང་ང་ཚོའི་སློབ་གྲྭའི་སློབ་མགོ་རྩོམ་པའི་ཉི་མ་ཡིན་པས། ང་རང་དགའ་ནས་གཉིད་འདོད་མེད་པར་ཞོགས་པ་སྔ་མོར་ཡར་ལ་ལངས་ཏེ་སློབ་གྲྭར་འགྲོ་བར་གྲ་སྒྲིག་བྱས་པ་ཡིན།

ཉི་མས་ཁུ་བོ་ལྕི་མོ་ཞིག་འཁུར་ནས་དལ་གྱིས་མཁའ་ལ་འཕགས་ཤིང་། ནམ་མཁའ་རུ་སྤྲིན་དཀར་ཕང་ཕུང་ལྡང་བ་དང་། བྱེའུ་རྣམས་ཀྱིས་སྙན་ཞིང་འཇེབས་པའི་གླུ་ལེན་བཞིན་ཡོད། དེ་ནས་ཨ་ཕས་ང་ཚོ་སློབ་གྲྭར་སྐྱེལ་བ་དང་། ལམ་བར་དུ་སློབ་གྲྭའི་ནང་ནས་དགེ་རྒན་གྱི་ཁ་ལེན་ཚིག་བརྩི་དང་། སློབ་གྲོགས་བར་ལ་མཐུན་སྒྲིལ་བྱེད་དགོས་ཟེར་བ་དེ་ངའི་སེམས་སུ་རྡོ་བརྐོས་རི་མོ་ཇི་བཞིན་ནམ་ཡང་བརྗེད་ཐབས་མེད།

ང་ཚོ་སློབ་གྲྭའི་སྒོ་ཁར་སླེབས་པ་ན། སྡོང་བོས་ང་ཚོ་ལ་ལག་གཡུག་བྱེད་བཞིན་ཡོད་པ་དང་འདྲ་ཞིང་། མེ་ཏོག་དཀར་དམར་སེར་གསུམ་ཁྲ་ཆིལ་ལེར་བཞད་ཡོད། སློབ་གྲོགས་རྣམས་ནི་དགའ་བའི་འཛུམ་མདངས་ངོམ་ཞིང་གནམ་ལྡིང་ས་ལྡིང་བྱེད་ཀྱིན་འདུག། གང་ས་གང་དུ་མེ་ཏོག་གི་དྲི་ཞིམ་འཐུལ་བ་དང་། རྐང་དྲུག་སྦྲང་མ་རྣམས་དང་ཕྱེ་མ་ལེབ་ཀྱིས་ཟིལ་མངར་ལེན་བཞིན་རྐང་འཁྲབ་ལག་འཁྲབ་བྱེད་པ་ནི་དགེ་སློབ་ཚང་མར་དགའ་བསུ་ཞུ་བ་དང་ཨ་ན་མ་ན་རེད།

དེ་ནས་ང་རང་དགེ་རྒན་གྱི་མདུན་དུ་མིང་ཐོ་འགོད་པར་སོང་བ་དང་། དགེ་རྒན་གྱིས་ལས་བྱར་བལྟས་ནས་ལས་བྱ་བསྒྲུབས་པ་བཟང་ཞེས་ང་ལ་གཟེངས་བསྟོད་བྱས་པས། ང་རང་དགའ་ནས་སློབ་སྦྱོང་ལ་སྔར་བས་འབད་པ་བྱ་རྒྱུའི་འདུན་པ་དྲག་པོ་སྐྱེས། ཨ་ཕས་ང་ལ་ད་ནས་བཟུང་སྟེ་སློབ་སྦྱོང་ལ་ཧུར་བརྩོན་བྱེད་དགོས། ང་ཚོས་ཁྱོད་ལ་ཅི་ཞིག་དགོས་ན་ཚང་མ་ཁྱོད་ཀྱི་བསམ་ཐོག་ཏུ་འཇོག་བཞིན་ཡོད་པས། སློབ་སྦྱོང་བཟང་བོ་བྱེད་རྒྱུ་གལ་ཆེ་ཟེར་བ་དེ་ངའི་སེམས་ལ་དམ་པོར་བཟུང་ཡོད།

དེ་རིང་ནས་བཟུང་ངས་དྲིན་ཆེན་ཕ་མའི་རེ་བ་སྟོང་ཟད་མི་གཏོང་བར། སློབ་གྲྭའི་ནང་ནས་དགེ་རྒན་གྱི་ཁ་ལེན་ཚིག་བརྩི་བྱས་ནས་ཡ་རབས་ཚུལ་ལྡན་གྱི་སློབ་མ་བཟང་བོ་ཞིག་བྱེད་པ་དང་། སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན།

ཤིང་སློང་དུས་ཆེན།

ཏིང་འཛིན་སྐྱིད།

ཤིང་སློང་དུས་ཆེན་གྱི་སྐབས་སུ་ཧ་ཅང་སྐྱིད་ལ། དེ་ནི་སྤྲོ་སྐྱིད་ལྡན་པའི་དབྱར་ཁ་ལ་རོལ་བའི་དུས་ཆེན་ཞིག་ཡིན།

ཉིན་འདིའི་ཉིན་གུང་ང་རང་སྤང་ཐང་དུ་འཆམ་འཆམ་བྱེད་དུ་སོང་བ་དང་། རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ཏེ་དྲི་ཞིམ་བཅུད་ལྡན་གྱི་རྩ་ཆུར་ལོངས་སུ་སྤྱོད་བཞིན་ཡོད། འདབ་ལྡན་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་པ་ནི་ནམ་མཁའི་སྐར་ཚོགས་ཐང་ལ་བབས་པ་དང་གཉིས་སུ་མ་མཆིས།

མི་རྣམས་ཀྱིས་སྤང་ཐང་དུ་རྟ་རྒྱུགས་འགྲན་སྡུར་དང་སྦེ་ག་འགྲན་པ་སོགས་འགྲན་སྡུར་སྣ་ཚོགས་སྤེལ་བཞིན་ཡོད། སྔོ་ཞིང་བསངས་པའི་སྤང་ཐང་ནི་གཡུ་ཡི་མེ་ལོང་ཆེན་པོ་ཞིག་བཏིངས་ཡོད་པ་དང་འདྲ་ལ། དེ་ནི་རྟ་ནོར་ལུག་གསུམ་གྱི་ཁ་ཟས་ཡིན་པས་དེ་ནི་ཁོ་ཚོའི་གཅེས་ནོར་ཡིན། བྱ་བྱེའུ་རྣམས་ཀྱིས་ནགས་ཚལ་དུ་གླུ་དབྱངས་ཅི་དགར་སྒྲོག་བཞིན་ཡོད་པ་ནི། ཤིང་སློང་དུས་ཆེན་སླེབས་པ་ལ་རྟེན་འབྲེལ་ཞུ་བ་དང་ཀུན་ནས་མཚུངས།

ཉིན་གུང་ཆུ་ཚོད་གཉིས་ཡས་མས་ཀྱི་དུས་སུ། ང་ཚོ་བྱིས་པ་རྣམས་ཀྱིས་གླུ་ལེན་གར་རྩེད་བྱས་ནས་ཁྱིམ་བདག་རྣམས་ཀྱིས་ང་ཚོ་ལ་བྱ་དགའ་སྟེར་བ་དང་། ང་ཚོས་ཧ་ཅང་མཛེས་པའི་བྲོ་ལྭ་གྱོན་ནས་སྔོ་ཞིང་ལྗང་བའི་སྤང་ཐང་དུ། རང་གི་ངོས་ཐད་ནས་ཉམས་འགྱུར་ལྡན་པའི་ཞབས་བྲོ་འཁྲབ་པ་ཡིན། ད་དུང་ཡུལ་མི་རྣམས་དགའ་སྤྲོས་ཁེངས་རྣམ་པ་དང་། སྙན་པའི་དབྱངས་ལ་བཀུག་པའི་གླུ་སྐད་དང་ཆུ་བོ་ལྷུང་ལྷུང་བཞུར་བའི་སྒྲ་གཉིས་མཉམ་གཅིག་ཏུ་བསྡེབས་ནས་ཧ་ཅང་སྙན་པའི་སྒྲ་ཞིག་ཏུ་གྱུར་བ་རེད།

ཁྱེད་རྣམས་ཀྱིས་ཐག་འཐེན་འགྲན་སྡུར་དང་། ལྒང་ལི་འགྲན་སྡུར། སྦེ་ག་དང་རྟ་རྒྱུགས་འགྲན་སྡུར་སོགས་སྤེལ་བཞིན་ཡོད་པ་དེ་ནི་ཇི་འདྲའི་སྐྱིད་པ་ལ་ཨང་། བུད་མེད་རྣམས་ཀྱིས་གླུ་ལེན་གར་རྩེ་དང་ཞབས་བྲོ་འཁྲབ་པ་སོགས་བྱེད་བཞིན་ཡོད་ལ། ང་ཚོའི་སྡེ་བ་བརྒྱུད་ནས་འགྲོ་བའི་ལམ་འགྲོ་བ་ཚོས་ང་ཚོའི་སྡེ་བའི་ཤིང་སློང་རོལ་སྟངས་ལ་ཡིད་སྨོན་འཆོར་ཞིང་ཁོ་ཚོ་འགྲོ་མི་འདོད། བྱེའུ་རྣམས་ཀྱིས་སྡོང་བོའི་ཡལ་གའི་སྟེང་དུ་བསྡད་ནས་ང་ཚོས་རྩེད་མོ་རྩེ་བཞིན་པ་ལ་ལྟ་བཞིན་ཡོད། ཆུ་བོས་གླུ་དབྱངས་ལེན་པ་དང་མེ་ཏོག་འཐུ་བཞིན་རྒྱང་རིང་དུ་བཞུར་བ་རེད།

ཤིང་སློང་དུས་ཆེན་ནི་ལོ་གསར་གྱི་དུས་ཆེན་དང་འདྲ་བར་ཧ་ཅང་སྐྱིད་པ་དང་། ད་དུང་ཉིན་འགའི་ཉིན་འདི་སེམས་ནས་བརྗེད་ཐབས་བྲལ་བ་ཞིག་རེད། ང་རང་ཕ་ཡུལ་གྱི་དབྱར་ཁ་ལ་དགའ་ཞིང་དབྱར་དུས་ཀྱི་ཤིང་སློང་དུས་ཆེན་ལ་ལྷག་ཏུ་དགའ་འོ།།

བདག་གི་དཔེ་ཁུག་ཆུང་ཆུང་།

ཏིང་འཛིན་སྐྱིད།

བདག་ལ་དཔེ་ཁུག་ཆུང་ཆུང་ཞིག་ཡོད་པས་དེ་ནི་ཨ་མས་ང་ལ་ལོ་རིམ་གསུམ་པའི་སྐབས་སུ་བདག་ལ་ཉོས་པ་ཡིན།

དཔེ་ཁུག་འདིའི་ཐོག་ཏུ་ཞི་ལ་ཆུང་ཆུང་ཞིག་གིས་གོན་པ་ཧ་ཅང་ཡག་པོ་ཞིག་གྱོན་ཡོད་ལ། ལྕེ་ཡིས་སྡེར་མོར་ལྡག་བཞིན་ཡོད། རྒྱབ་ངོས་སུ་ཅོག་ཙེ་ཞིག་བཞག་ཡོད་པ་དང་། ཅོག་ཙེའི་ཐོག་ཏུ་སྡེར་མ་ཞིག་བཞག་ཡོད་ཅིང་། དེའི་ནང་དུ་སིལ་ཏོག་ངང་ལག་དང་ཀུ་ཤུ། ཁམ་བུ་སོགས་སིལ་ཏོག་མང་པོ་བཞག་ཡོད། དཔེ་ཁུག་འདིའི་མདོག་ནི་སྔོན་པོ་ཞིག་ཡིན། དཔེ་ཁུག་འདིའི་ནང་ལ་ང་ལ་དགོས་པའི་སློབ་དེབ་ཡང་འཇོག་གི་ཡོད། ངས་གཟའ་པ་སངས་དང་གཟའ་ཉི་མར་ངས་རྒྱུན་པར་དཔེ་ཁུག་འཁུར་ནས། དགའ་དགའ་སྤྲོ་སྤྲོའི་ངང་ནས་སློབ་གྲྭར་འགྲོ་བཞིན་ཡོད། དཔེ་ཁུག་དེ་ནི་བདག་གི་ལུས་དང་གྲིབ་མ་བཞིན་དུ་ང་དང་འབྲལ་ཐབས་མེད།

དཔེ་ཁུག་ཆུང་ཆུང་དེ་ལོ་རིམ་གསུམ་པའི་སྐབས་སུ་ཉོས་པ་ཡིན་ཡང་། ད་ལྟ་ལོ་རིམ་ལྔ་བར་སླེབས་ཡོད་ཀྱང་ད་དུང་སོ་མ་བྱེད་ཡོད། ངས་དཔེ་ཁུག་གི་ནང་ལ་སྐད་ཡིག་དཔེ་ཆ་དང་། རྒྱ་ཡིག། དབྱིན་ཡིག། གྲངས་རིག་སོགས་ཀྱི་དཔེ་ཆ་མང་པོ་སྡུད་བཞིན་ཡོད། ད་ལྟ་ལོ་རིམ་ཇེ་མཐོ་ནས་ཇེ་མཐོར་སོང་བས་དཔེ་ཆ་ཡང་ཇེ་མང་དུ་སོང་སྟབས། ངས་མཚམས་མཚམས་ལ་ཅད་ནས་དབུགས་ཀྱང་འབྱིན་རྔུབ་བྱེད་དཀའ།

བདག་དང་དཔེ་ཁང་ཆུང་ཆུང་གི་གཏམ་རྒྱུད་ནི་བཤད་མི་ཚར་བ་ཞིག་ཡིན། འདི་འདྲའི་དོན་དག་མང་པོ་ཞིག་སྒྲུབ་ཐུབ་པ་མ་ཟད། དཔེ་ཁུག་ཆུང་ཆུང་འདི་ཇི་འདྲའི་མཛེས་པ་ཞིག་རེད་ཨང་། ང་རང་བདག་གི་དཔེ་ཁུག་ཆུང་ཆུང་འདི་ལ་ཧ་ཅང་དགའ།

༄༅།།རྩོམ་ཡིག་ནི་སློབ་མས་སྤྱི་ཚོགས་འཚོ་བ་དངོས་ལ་ཟབ་ཞུགས་བྱེད་པའི་སྣ་འཛོམས་རང་བཞིན་གྱི་ནུས་པ་མཐོར་འདེགས་གཏོང་བྱེད་ཅིག་དང་། སློབ་མའི་ཤེས་ཡོན་གྱི་ཆུ་ཚད་མཚོན་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་ཀྱང་ཡིན། སློབ་མ་ཏིང་འཛིན་སྐྱིད་ཀྱི་དགེ་རྒན་དང་ཁྱིམ་བདག་ཚང་མ་ཧ་ཅང་དགའ་ཡོད། རྨ་ཆུའི་ན་ཆུང་ཚགས་པར་གྱི་རྩོམ་སྒྲིག་པར་ཐུགས་རྗེ་ཆེ་ཞུ།

སྤྱི་ལོ་༢༠༢༠ལོའི་སློབ་གྲྭའི་རྫི་རླུང་གསར་བའི་ལོ་དེབ་ཀྱི་རྩོམ་པ་བོ་དང་ཐེངས་འདིར་བྱ་དགའ་ཐོབ་པའི་སློབ་གྲོགས་ཚོའི་མཉམ་པར།

འོད་འབར་ན་ཆུང་ཚགས་པར་བལྟམས་པ་ཡིས།།

ཆོལ་གསུམ་ན་ཆུང་སློབ་མས་བརྗོད་འདོད་ཀྱི།།

རྩོམ་གྱི་གང་བུ་ཐང་མར་བརྡལ་བ་འདིས།།

མ་འོངས་གངས་ལྗོངས་མཛེས་པའི་རྒྱན་དུ་སྤུད།།

སྤྱིའི་ལྟ་སྐུལ་བ། རྟ་མགྲིན་རྡོ་རྗེ།

རྩོམ་སྒྲིག་འགན་ཁུར་བ། སངས་རྒྱས་མཁར།

རྩོམ་སྒྲིག་པ། སངས་རྒྱས་མཁར།