པར་ལེན་པ ཞོགས་པའི་ཉི་འོད།———☞摄影师 清晨的阳光

摄影师 阳光

རྟ་རྒོད་པོ།

རྟ་རྒོད་པོ།

བལྟས་ཀི་དྲུག་ཞེང་ཁྱོད་ལ་ཆེ།

རྒྱུག་གི་བང་རྩལ་ཁྱོད་ལ་འདུག

རྟ་ཕོ་ཡ།བང་རྩལ་ངོམས།

སྐྱི་སེར་རླུང་བུ་ཁྱོད་ཀྱི་རྒྱུག་ཡ་རེད།

ཡུལ་ལྷ་གཞི་བདག་ཁྱེད་ཀྱི་དཔུང་རོགས་རེད།

རྟ་ཕོ་ཡ།བང་རྩལ་ངོམས།

ཀི་རྐྱང་གཅིག་གི་ཁྱོད་རང་གཞུག་མ་རེད།

རྟ་རྒོད་པོ།

གསེར་སྒ་གསེར་སྲབ་ཁྱོད་ལ་ལྡན།

འབྲས་དཀར་གསོལ་ཆས་ཁྱོད་ལ་བྱིན།

རྟ་ཕོ་ཡ།བང་རྩལ་ངོམས།

རི་སྤྱང་སྔོན་མོ་ཁྱོད་ཀྱི་འདུར་ཡ་རེད།

དགྲ་ལྷ་ཝེར་མ་ཁྱེད་ཀྱི་དཔུང་རོགས་རེད།

རྟ་ཕོ་ཡ།བང་རྩལ་ངོམས།

མཐོང་ཚད་གཅིག་གི་ཁྱོད་རང་གཞུག་མ་རེད།

རྟ་རྒོད་པོ།

དབྱངས་ཚིག རྡོ་རེད།

ལེན་མཁན། རྡོ་རེད།