རིག་པ་ནང་པར་འཆི་ཡང་བསླབ།།

ཚེ་འདིར་མཁས་པར་མ་གྱུར་ཀྱང་།།

སྐྱེ་བ་ཕྱི་མར་བཅོལ་བ་ཡི།།

ནོར་ལ་རང་ཉིད་ལེན་པ་འདྲ།།

གཟའ་ཟླ་བ་ཉིན་རྒྱུན་ལྡན་ལྟར་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་དང་།ལོ་རིམ་གསུམ་པའི་སློབ་མ་ཁག་གཅིག་གིས་བོད་ཡིག་གི<ཞོགས་པའི་དཔེ་ཀློག>ཞེས་པའི་སློབ་ཚན་གྱེར་འདོན་བྱས།གཟའ་རེས་དགེ་རྒན་གྱིས་གཙང་སྦྲ་དང་འཚོ་བ།སློབ་སྦྱང་།སྒྲིག་ལམ་སོགས་ཕྱོགས་ཡོངས་ནས་འཆར་གཞི་བཀོད་སྒྲིག་བྱས།

དགེ་རྒན་རྣམ་པས་རང་དཔེ་གཞན་སྟོན་གྱིས་སྣེ་ཁྲིད་དེ་གཙང་སྦྲ་དང་དུག་སེལ་གྱི་བྱ་བ་མཐོང་ཆེན་དུ་བྱེད་བཞིན་པ།སློབ་གྲྭའི་གྲུ་ཟུར་ན་ཚོམ་ཚོ་དུ་བཞད་པའི་མེ་ཏོག

སི་ཁྲོན་ཞིང་ཆེན་ཁྱེར་འཕྲིན་ཀུང་སི་ཡི་མི་སྣ་དང་།ཉག་རོང་རྫོང་འབྲེལ་ཡོད་སྡེ་ཚན་གྱི་མི་སྣ་སོགས་ང་ཚོ་སློབ་གྲྭ་རུ་ལྟ་སྐོར་དུ་ཕེབས་ནས་དགེན་སློབ་ཡོངས་ལ་འཚམ་འདྲི་གནང་བ།ཉག་རོང་རྫོང་སློབ་གསོའི་ཁོངས་གཏོགས་ཀྱི་ཁྲིམས་སྐྱོང་སློབ་གྲྭར་བསྐྱོད་པ་དང་། སློབ་གསོའི་དམངས་ཕན་སྲིད་ཇུས་དྲིལ་སྒྲག་བྱེད་པ།

ང་ཚོས་སྦྱོང་བརྡར་སྤྲད་ནས་བདེ་ཐང་ངང་འཚར་ལོངས་བྱུང་བ།

དཀར་མཛེས་ཁུལ་གྱི་གཅིག་གྱུར་རྒྱུགས་ལེན་ལ་ཉེ་བས་དགེན་སློབ་རྣམ་པ་སྐྱར་སྦྱང་གི་བྱ་བ་ལ་བྲེལ་བཞིན་པ། གཟའ་འཇུག་རྒྱ་ཡིག་ཚན་ཆུང་གི་དགེ་རྒན་ཚོས་གསབ་ཁྲིད་དང་སློབ་མ་ཚོའི་སྐྲ་དང་རྐང་ལག་བཀྲུ་བ་སོགས་ཀྱི་འགན་བཞེས།

གཟའ་འཁོར་འདིར་ལོ་རིམ་གསུམ་པ་ལ་སྒྲིག་ལམ་གྱི་འཁོར་རྒྱུག་དར་དམར་ཐོབ་པ་དང།ལོ་རིམ་དང་པོ་ལ་གཙང་སྦྲ་ཡི་འཁོར་རྒྱུག་དར་དམར་ཐོབ།སྡོད་ཁང་གཙང་སྦྲ་ཡི་འཁོར་རྒྱུག་དར་དམར་སྒོ་རྟགས་༢-༥–གཉིས་ལ་ཐོབ།གཟའ་རེས་དགེ་རྒན་གྱིས་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་ནས་གཟའ་འཁོར་འདི་མཇུག་སྒྲིལ་བ་ཡིན།།