རེ་བའི་རྨི་ལམ་རུམ་ནས་སློབ་གྲྭར་ཡོང་བཞིན་པའི་གྲོགས་པོ་ཆུང་ཆུང་ཚོའི་རྣམ་པ་དང་།

དགེ་རྒན་གྱིས་གྲོགས་པོ་ཆུང་ཆུང་ཚོར་ལུས་དྲོད་འཇལ་བཞིན་པ་དང་དུག་སེལ་བྱེད་བཞིན་པ།

དེ་རྗེས་འཛིན་གྲྭའི་ནང་དུ་ཡོང་ནས་དགེ་རྒན་གྱིས་ཡང་བསྐྱར་ཞོགས་པར་ལུས་ཕུང་ཞིབ་བཤེར་དང་སློབ་ཁང་དུ་གཙང་སྦྲ་དང་དུག་སེལ་བྱེད་བཞིན་ཡོད་པ་སོགས།

དེ་རྗེས་གཅེས་ཕྲུག་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ཏེ་དེ་རིང་གི་བྱ་འགུལ་དང་པོ་སྟེ།

ཞོགས་པའི་བྱ་འགུལ་ལ་ཞུགས་པ།༼གནའ་གཏམ༽

དེ་ནས་གྲོགས་པོ་ཆུང་ཆུང་ཚོ་བརྩེ་བའི་འཛུམ་བརྒྱ་

གྲོལ་ཏེ་མངར་བཅུད་ལྡན་པའི་ཞོགས་ཟས་ལ་རོལ་

བཞིན་པ།

དེ་རྗེས་གྲོགས་པོ་ཆུང་ཆུང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་དེ་རིང་གི་སློབ་ཐུན་དང་པོ་འགོ་བརྩམས་བྱུང་།

དེ་རྗེས་གྲོགས་པོ་ཆུང་ཆུང་ཚོ་སློབ་ཐུན་གྱི་བར་གླགས་སུ་སློབ་གསེང་ལུས་རྩལ་ལ་སྤྲོ་བས་འཇུག་བཞིན་པ།

གྲོགས་པོ་ཆུང་ཆུང་ཚོ་སློབ་གསེང་ལུས་རྩལ་སྦྱངས་རྗེས་ཕྱི་རོལ་དུ་རོལ་རྩེད་འདྲ་མིན་བྱེད་བཞིན་པའི་སྣང་བརྙན།

དེ་རྗེས་རིམ་བཞིན་དེ་རིང་གི་སློབ་ཐུན་གཉིས་བར་ཞུགས་ནས་བྱིས་པ་རང་འགུལ་གྱིས་༼བཤད་པ་སྣ་ཚོགས་དང་གཏམ་དཔེ་སོགས་བཤད་དུ་བཅུག་པ།༽

ཟ་མ་མ་ཟས་སྔོན་ལ་ལག་པ་བཀྲུ་སྟངས་རིམ་པ་བདུན་ལྟར་ལག་པ་བཀྲུས་ནས་གོང་ཟས་ཟ་རྒྱུར་གྲ་སྒྲིག་བྱེད་པ།

སྙིང་ཉེ་བས་ན་ཆུང་གཅེས་གྲོགས་ཚོའི་འཚོ་བཅུད་ལྡན་པའི་གོང་ཟས་རོལ་བཞིན་པ།

གྲོགས་པོ་ཆུང་ཆུང་ཚོ་ཉིན་གོང་གཉིད་ལོག་པ།

གྲོགས་པོ་ཆུང་ཆུང་ཚོ་མལ་ལས་ལངས་རྗེས་ཕྱི་རོལ་གྱི་ཟས་སྣོན་རོལ་པ། ༼ཕྱི་དྲོ༽

གྲོགས་པོ་ཆུང་ཆུང་ཚོའི་ཕྱི་དྲོའི་༼ཕྱི་རོལ་གྱི་རོལ་རྩེད་༽སྤེལ་བ།

ཕྱི་དྲོའི་བྱ་འགུལ་གཉིས་བ་སྟེ་གྲོགས་པོ་ཆུང་ཆུང་ཚོ་ཆུང་དུས་ནས་དཔེ་ཆ་བལྟ་རྒྱུར་དགའ་བའི་གོམས་

གཤིས་བཟང་བོ་ཞིག་གསོ་སྐྱོང་བྱེད་པ།

གྲོགས་པོ་ཆུང་ཆུང་ཚོའི་དེ་རིང་གི་ཆེས་མཇུག་མཐའི་བྱ་འགུལ་སྟེ་༼ཡུལ་ལ་ལོག་རྒྱུར་གྲ་སྒྲིག་བྱེད་པ།༽

མཐར་རྣམ་རིག་རྒོད་ཅིང་མིག་འབྲས་དྭངས་བའི་བྱིས་པ་རྣམས་ནི་ཕ་མ་ཡོད་ཚད་ཀྱི་སྙིང་གི་གཅེས་ནོར་དང་སེམས་འབུ་ཕྲ་མོ་རེད།

ཁོ་ཚོར་མཚར་སྡུག་གི་བྱིས་དུས་ཤིག་དང་ངོ་མཚར་བའི་འཇིག་རྟེན་ཞིག་གནང་རྒྱུ་ནི་ཕ་མར་དང་དགེ་རྒན་རྣམས་ཀྱི་འོས་འགན་ཡིན་ལ།

དགེ་རྒན་དུ་འཆེས་བ་རྣམས་ཀྱི་འགན་ཁུར་དུ་སེམས་སོ།། མཐར་གཅེས་ཕྲུག་རྣམས་ཀྱི་ལུས་སེམས་བདེ་ཐང་དང་མི་ཚེ་འོད་སྟོང་ལྡན་པའི་སྨོན་འདུན་ཞུ།

མེ་ཏོག་གངས་ལྷ་བྱིས་སྐྱོང་ཁང་ནས།

༢༠༢༠ལོའི་ཟླ༦ཚེས༢༣ཉིན།