༢༠༢༠ལོའི་ལོ་རིམ་དྲུག་པའི་མཐར་ཕྱིན་མཛད་སྒོ།

美友9901895

དམེ་ཤུལ་གྲོང་རྡལ་བཅའ་སྡོད་དཀྱིལ་སྙིང་ཆ་ཚང་སློབ་ཆུང་གི༢༠༢༠ལོའི་ལོ་རིམ་དྲུག་པའི་མཐར་ཕྱིན་མཛད་སྒོ །

ད་ལོར་སློབ་སྟོན་ཁང་ནས་དགེ་སློབ་བདུན་བརྒྱ་ལྷག་གི་མདུན་བསུས་ཏེ་མཐར་ཕྱིན་མཛད་སྒོ་བསྡུ་བའི་རྣམ་པ་སྔར་ལས་རྒྱ་ཆེན་དང་ལྷག་པར་དུ་སློབ་མ་ཡོངས་དང་ས་གནས་ཁྱིམ་བདག་ཡོངས་ལ་སློབ་གསོའི་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་མངོན་ཕྱིར་2020ལོའི་སྤྱི་ཟླ་6ཚེས་23ཉིན་རང་སློབ་གྲྭའི་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་སྤེལ་རྩིས་བྱས་ཡོད་མོད། དབྱར་ཟླ་བཞི་པའི་ནམ་ཟླའི་འགྱུར་ལྡོག་གིས་ཕྱི་རོལ་ནས་མཛད་སྒོ་བསྡུ་བའི་འཆར་གཞི་ལག་བསྟར་བྱེད་མ་ཐུབ་ནའང་ཤག་ཤག་འཇོ་བའི་སྦྲང་ཆར་གྱིས་མེ་ཏོག་ལ་འཛུམ་ཆུང་སྤྲས་ཤིང་ཁོར་ཡུག་ཀུན་ཏུ་མེ་ཏོག་གི་བསུང་ངད་ལྡང་བའི་རྟེན་འབྲེལ་དང་ལྷན་ཅིག་ཟླ་6ཚེས་23ཉིན་གྱི་ཕྱི་དྲོ་རང་སློབ་གྲྭའི་ཞབས་བྲོ་ཁང་དུ་བསྡུས་པ་ཡིན། ཚོགས་ཐོག་ཏུ་ངེད་དཀྱིལ་སྙིང་སློབ་གྲྭའི་སློབ་གཙོ་རྣམ་པ་གསུམ་གཙོ་བྱས་ཏེ་སློབ་སྟོན་ཁང་གི་མི་སྣ་དག་དང་འཛིན་བདག་རྣམ་པ། དེ་མིན་ལོ་རིམ་དྲུག་པ་དང་ལྔ་བའི་སློབ་མ་ཡོངས་དང་མཐར་ཕྱིན་མཛད་སྒོར་ཆེད་དུ་ཞུགས་པའི་སློབ་མའི་ཁྱིམ་བདག་རྣམ་པ་བཅས་འཚང་ག་ཤིག་ཤིག་གིས་ཚོགས་རའི་ནང་ཡོངས་སུ་གཏམས་ཡོད།

དེ་རིང་གི་མཐར་ཕྱིན་སློབ་མར་མཚོན་ན་ལོ་ངོ་དྲུག་གི་སློབ་ཆུང་གི་འཚོ་བ་སྣུམ་པོ་སྟེ་མ་ཡུམ་སློབ་གྲྭའི་རུམ་ཁ་དྲོན་མོ་ནས་བདེ་ལེགས་དང་རྒྱལ་ཁའི་ངང་སློབ་ཆུང་གི་སྦྱང་བྱ་མཐའ་དག་མཇུག་རྫོགས་ཤིང་། ཤེས་རིག་གི་དར་ཆ་མཐོ་རུ་བསྒྲེང་སྟེ་ཡོན་ཏན་གྱི་མཚོ་མོ་གཡང་དུ་འཁྱིལ་འདྲའི་དམའ་འབྲིང་གི་སྒོ་འཕར་ཡངས་པོ། ལས་སྐལ་གྱི་རྡོག་པས་མནན་པའི་སྐལ་བཟང་གི་ཉིན་མོ་རེད།

ཚོགས་འདུའི་ཡུལ་དངོས་ །

སྙན་པའི་ཚིག་སྦྱོར་ངག་ལ་དྲངས་ནས་མདོ་འཛིན་བྱེད་པའི་རྣམ་པ།

གོ་རིམ་དང་པོ ། མཐར་ཕྱིན་འཛིན་གྲྭའི་འཛིན་བདག་འཐུས་ཚབ་པ་དགེན་སྙིང་ལྕགས་རྒྱལ་ནས་གྱེས་ཁའི་གཏམ་བཤད་གནང་བ །

ང་ཚོ་མཉམ་བསྡད་ཀྱི་ལོ་ངོ་དྲུག་ནི། ཁྱོད་ཚོ་རེ་རེ་བཞིན་ནར་སོན་པའི་འོད་སྣང་གི་ལོ་ངོ་དྲུག་ཡིན། ང་ཚོ་མཉམ་བསྡད་ཀྱི་ལོ་ངོ་དྲུག་ནི། ང་ཚོའི་རྔུལ་ཆུ་ལས་ཁྱོད་ཚོར་གཤོག་ཟུང་ཐོགས་པའི་རེ་འབྲས་ཀྱི་ལོ་ངོ་དྲུག་ཡིན། ད་ནི་གྱེས་འགྲོ་སྙམ་ན། སྙིང་ཆུང་གྲི་ཡིས་གཅོད་པ་ལྟ་བའི་ན་ཟུག་སྐྱེ། ད་ནི་གྱེས་འགྲོ་སྙམ་ན། མིག་ཆུ་ཡིས་བྲང་ཁ་བར་མེད་བརླན་ཡོང་། ད་ནི་བྲལ་དགོས་སྙམ་ན། མ་བུ་གསོན་བྲལ་ལྟ་བུའི་སྐྱོ་བ་སྐྱེས་ཡོང་། གཅེས་ཕྲུག་ཚོ། ཞིབ་འདང་རེ་བརྒྱབ་ན། ང་ཚོ་དགེ་སློབ་སུ་ཡིན་ཡང་། སྐྱོ་དགོས་དོན་ཅི་ཡང་ཅི་འདུག ད་ནི་དགའ་ན་འགྲིག རྒྱུ་མཚན། ཁྱོད་ཚོ་བདེ་ཐང་ངང་ནར་སོན་ནས་སྙོམ་ལག་རྒྱས་ཡོད་པ་འདི། ང་ཚོ་སུ་ལ་མཚོན་ན་ཡང་རྒྱལ་ཁ་དང་གྲུབ་འབྲས་ཆེ་ཞིག་ཡིན། ཁྱོད་ཚོ་རེ་རེ་བཞིན། ཤེས་ནུས་ཀྱི་གཤོག་ཟུང་ཐོགས་ཏེ་འཕུར་ལ་ཉེ་བ་འདི། ང་ཚོ་སུ་ལ་མཚོན་ན་ཡང་། རྒྱང་བཞུད་ཀྱི་ལེགས་སྐྱེས་དགའ་ཞིག་ཡིན། ད་དུང་། ཁྱོད་ཚོ་རེ་རེ་བཞིན་རིགས་མི་འདྲ་ཞིང་། ཁ་དོག་མི་གཅིག་པའི་ཕུགས་བསམ་གྱི་རྨི་ལམ་ལ་འཇུས་ཏེ ། མ་འོངས་པའི་ལམ་ཁར་ཐོན་ལ་ཉེ་བ་འདི། ང་ཚོ་སུ་ལ་མཚོན་ན་ཡང་། ཕུགས་བསམ་གྱི་ལམ་ཁར་རྡོག་པ་འཇོག་པའི་རྨང་གཞི་ཡིན།

གོ་རིམ་གཉིས་པ ། མཐར་ཕྱིན་འཛིན་གྲྭའི་བསླབ་བྱའི་དགེ་རྒན་འཐུས་ཚབ་པ་དགེན་གཡང་མོ་སྐྱིད་ནས་གྱེས་ཁའི་སེམས་གཏམ་གླེང་བ །

短短的六年,你们告别了天真,走向了沉稳;脱去了童年的稚气,获得了少年的自信;抛弃了依赖,学会了自理,懂得了自尊,自强;似乎是眨眼之间,白驹过隙。今天,你们即将离开母校,但这不是终点,而是攀登新高度的新起点,在漫漫的人生长路上,你们要牢记童年时老师给予你们的关爱,并把这种关爱传承下去,发扬光大。用真心去爱你们的父母、兄弟、姐妹,爱你们的同学、朋友、老师。你们要保持一颗纯洁的童心,怀着对学习知识的无限的激情,对生活的无限热爱,运用我们已经掌握的学习方法,去投身知识的海洋,去吸取人类文明和智慧的精华,不断地丰富和充实自己,把自己培养成一个高尚的人,一个纯洁的人,一个对社会有用的人。
གོ་རིམ་གསུམ་པ ། རང་སློབ་གྲྭའི་སློབ་གཙོ་གཞོན་པ་པདྨ་རིག་འཛིན་ནས་མཐར་ཕྱིན་སློབ་མ་རྣམ་ལ་གྱེས་ཁའི་སེམས་གཏམ་གླེང་བ །
སློབ་གྲོགས་རྣམ་པ། ངས་དེ་རིང་གི་མཐར་ཕྱིན་མཛད་སྒོའི་གོ་སྐབས་དང་བསྟུན་ཏེ་ཁྱོད་ཅག་རྣམས་ལ་ཞུ་དགོས་པ་གསུམ་ཡོད་དེ། གཅིག་ནི་དུས་ནམ་ཡང་གནས་གང་དུ་སོང་རུང་ཁྱོད་ཚོས་ཕ་ས་དང་ཕ་ཡུལ་བརྗེད་མི་རུང་། གཉིས་ནི་ཁྱོད་ཚོས་རང་གི་ཕྲག་སྟེང་གི་ལས་འགན་དང་འགན་འཁྲི་བརྗེད་མི་རུང་། གསུམ་ནི་ཁྱོད་ཚོས་རང་གི་དགེ་རྒན་དང་ཕ་མའི་བསླབ་བྱ་བརྗེད་མི་རུང་། དེ་དག་ཡོད་ཚད་ནི་ཁྱོད་རང་མི་ཚེའི་འདིའི་དཀའ་སྡུག་གི་གོ་རིམ་བརྒྱུད་པའི་ཁྲོད་ཀྱི་ལམ་གྲོགས་ཡིན། ཡིད་ལ་དམ་པོར་ཟུངས་ཤིག
གོ་རིམ་བཞི་བ ། སློབ་གྲྭའི་མགོ་ཁྲིད་ཚན་ཆུང་གིས་མཐར་ཕྱིན་སློབ་མར་མཐར་ཕྱིན་ལེགས་སྐྱེས་འབུལ་བ །

གོ་རིམ་ལྔ་བ ། སློབ་གྲྭའི་མགོ་ཁྲིད་ཀྱིས་ཕུལ་བྱུང་མཐར་ཕྱིན་སློབ་མར་བྱ་དགའ་གནང་བ །

གོ་རིམ་དྲུག་པ །མཐར་ཕྱིན་སློབ་མ་དང་ཁྱིམ་བདག་འཐུས་ཚབ་པའི་མ་ཡུམ་སློབ་གྲྭ་དང་དགེ་རྒན་རྣམས་ལ་བཀའ་དྲིན་ཞུ་རྟེན་འབུལ་བ་དང་བཀའ་དྲིན་མཚོན་པའི་བཀྲ་ཤིས་པའི་ཁ་བཏགས་འབུལ་བ །

གོ་རིམ་བདུན་པ ། མཐར་ཕྱིན་སློབ་མའི་འཐུས་ཚབ་པ་གཡང་མོ་རྒྱལ་དང་ལྷ་མོ་བྱམས་གཉིས་ནས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་མ་ཡུམ་སློབ་གྲྭ་དང་དགེ་རྒན་རྣམས་ལ་དྲིན་གཟོའི་སེམས་འདུན་བརྗོད་པ།

དགེ་རྒན་ལགས།ཁྱེད་ཀྱིས་ང་ཚོའི་ཆེད་དུ་ཟས་དྲོན་མོ་ཞིག་བག་ལྷོད་ལྷོད་ངང་ཟས་མ་མྱོང་ལ། ཁྱེད་ཀྱིས་ང་ཚོའི་ཆེད་དུ་གཉིད་ཞིམ་པོ་ཞིག་སེམས་བདེ་བདེ་ངང་གཉིད་མ་མྱོང་། ཡིན་ནའང་།རྣམ་གཡེང་དང་རྩེད་དགོད་ལ་དགའ་བའི་སློབ་བུ་ང་ཚོས་དེ་དག་ཡེ་ནས་མ་ཚོར་བར་ཁྱེད་ལ་དཀའ་ལས་དང་པྲ་ཚགས་གང་མང་བཟོས་སོང་།

དགེ་རྒན་ལགས། ཁྱེད་ཀྱིས་ངོ་མ་དཀའ་ལས་མྱངས་སོང་། ད་ནི་ང་ཚོ་ལ་གཉོམ་ལག་རྒྱས་ཟིན། ཡིན་ཡང་ང་ཚོས་དྲིན་ཆེན་གྱི་དགེ་རྒན་ཁྱོད་ཚོའི་བཀའ་དྲིན་གཞན་མི་ནུས་མོད། ང་ཚོས་ཁྱེད་ཀྱི་བསླབ་བྱ་སེམས་ལ་བཟུང་ནས་མུ་མཐུད་དུ་སློབ་གྲྭ་ཆེ་འབྲིང་རྒྱུད་དེ་མ་འོངས་པར་དགེ་རྒན་ཁྱེད་ཅག་ལྟ་བུ་རེ་འུ་འཁྱོངས་འབད་པ་བྱེད་ངེས་ཡིན།

དགེ་རྒན་ཚོ། སློབ་གྲོགས་ཚོ།མ་ཡུམ་སློབ་གྲྭ་འདི་ནས་ལོ་དྲུག་གི་རིང་ང་ཚོ་མཉམ་སྡོད་བྱས་ཏེ་དུས་འདིར་སླེབས་དུས་ང་ཚོ་རང་སར་མི་འགྲོ་ཀ་མེད་བྱུང་སོང་།མཚམས་འདིར་སླེབས་དུས་ངས་མང་པོ་མང་པོ་ཞིག་བཤད་འདོད་མོད། གང་ལྟར་ང་ཚོ་བྲེལ་བའི་དུས་ལ་སླེབས་བྱུང་བས། ང་མཐར་ཕྱིན་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་ཁྱེད་ཅག་ལ་བཀའ་དྲིན་སྙིང་ནས་ཞུ་རྒྱུ་ལས་ཅང་མེད།

ཚོགས་ཐོག་ཏུ་དགེ་རྒན་གྱི་འཐུས་ཚབ་མི་སྣ་དང་སློབ་མའི་འཐུས་ཚབ་མི་སྣ་། ཁྱིམ་བདག་གི་འཐུས་ཚབ་མི་སྣ་བཅས་ཀྱིས་སེམས་གྱི་བརྩེ་བ་དང་ན་ཟུག་ཡོད་ཚད་གྱེས་ཁའི་མིག་ཆུ་རུ་བརྫུས་ཏེ་དྲིན་གཟོའི་ཚིག་དང་སེམས་ཀྱི་གཏམ་སོགས་ལྷོད་ཀྱིས་གྱེར་ཞིང་ཤུགས་ཀྱིས་གླེང་བས་ཚོགས་རའི་ཡུལ་ངོས་རེ་ཞིག་དལ་ཅག་གེར་གྱུར་སོང་ལ། སེམས་འགུལ་དང་ཡིད་འགུགས་ཀྱི་ཚོར་བ་སྐྱེན་པོས་སློབ་མ་ཡོངས་ཀྱི་ལྗིད་ཏིག་ཏིག་གི་མགོ་བོ་སྨད་དུ་དཔྱངས་ཤིང་མ་མཆུ་སྡོམ་ཞོར་མིག་ཆུ་འབྱིད་ཞོར་སྣ་ཆུ་རྔུབ་པའི་སྒྲ་ཙམ་མ་གཏོགས་ཡོད་ཚད་ལྷིང་འཇགས་སུ་གནས་བའི་ངང་ཚུལ་ལ་དཔྱད་ན་སློབ་གསོའི་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་འཐེབས་བྱུང་སྙམ་པས་དགའ་བ་སྐྱེས་བྱུང་།

གོ་རིམ་བརྒྱད་པ ། མཐར་ཕྱིན་སློབ་མའི་ཁྱིམ་བདག་འཐུས་ཚབ་པའི་སེམས་གཏམ་གླེང་བ །

ང་ཚོའི་ཁྱིམ་བདག་མང་ཆེ་བར་མཚོན་ན་སྔོན་ཆད་སློབ་གསོ་བརྒྱུད་མ་མྱངས་བའམ་བརྒྱུད་པའི་གོ་སྐབས་མ་བྱུང་བ་དག་ཡིན་པས་ཁ་ནས་བཀའ་དྲིན་ཙམ་ཞུ་རྒྱུ་མ་གཏོགས་སློབ་གསོའི་ཕྱོགས་ཀྱི་དགེ་མཚན་མང་པོ་ཞིག་བརྗོད་མི་ཤེས་ལ། ཡིན་ཡང་རིག་གནས་མེད་པའི་དཀའ་སྡུག་གི་འཚོ་བ་ང་ཚོའི་ཁྱིམ་བདག་སུས་ཀྱང་བརྒྱུད་མྱངས་ཡོད་པས། ད་ལྟ་ང་ཚོས་སྒྲུབ་ཐུབ་པ་ཞིག་ནི། བྱིས་པ་འདི་དག་མ་མཐའ་ཡང་རང་ཉིད་ལྟ་བུའི་རྗེས་སུ་མི་འབྲང་བར། མུ་མཐུད་དུ་སློབ་གྲྭར་མངག་ཏེ་སློབ་གསོ་མྱོངས་དུ་འཇུག་རྒྱུ་དེ་ཡིན་ལ། རང་གི་བྱིས་པའི་འབྱུང་འགྱུར་གྱི་འཚོ་བར་བདེ་སྐྱིད་ལྡན་རྒྱུ་ནི་ང་ཚོའི་ཕ་མ་ཡོངས་ཀྱི་དམིགས་འདུན་ཡིན་ལ། ས་གནས་སློབ་གསོ་དང་མི་རིགས་ལས་དོན་།རྒྱལ་ཁབ་ཀྱི་དོན་ཆེན་སྒྲུབ་ནུས་པའི་མི་སྣ་འཇོན་ཐང་ཅན་ཞིག་སྐྱེད་སྲིང་བྱ་ཐུབ་པ་བྱུང་ཚེ་དེ་ནི་ང་ཚོའི་ཐུན་མོང་གི་རེ་འདུན་ཡིན་པ་མ་ཟད། ལྷག་པར་དུ་དགེ་རྒན་དག་གིས་ད་བར་དུ་གཉོར་སྐྱོང་བྱས་པའི་བཀའ་དྲིན་གྱི་དྲིན་གཟོ་དངོས་ཀྱང་མཚོན་ཡོད། དེ་བས་ང་ཚོས་ནམ་ཡང་སློབ་གྲྭར་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་དགོས་ལ་འདི་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་གྱང་ཡིན།
གོ་རིམ་དགུ་བ །རང་སློབ་གྲྭའི་སློབ་གཙོ་སྐལ་བཟང་བཀྲ་ཤིས་ནས་མཇུག་མཐའི་སེམས་གཏམ་གླེང་བ་དང་ཚོགས་འདུ་མཇུག་བསྡུ་བ །

སློབ་གྲོགས་རྣམས་པ་ལགས། འུ་ཅག་འདི་ལྟར་འབྲལ་དགོས་བྱུང་། ས་གང་དུ་སོང་ཡང་གནས་གང་དུ་བསྡད་ཀྱང་མ་ཡུམ་སློབ་གྲྭའི་ནང་སྒོའི་ངོས་སུ་བཀོད་པའི༼ སློབ་སྦྱོང་བྱེད་པའི་སྡུག་བསྔལ་ནི་ཡུད་ཙམ་ཡིན་ལ་རིག་གནས་མེད་པའི་སྡུག་བསྔལ་ནི་ཚེ་གང་ཡིན༽ཞེས་པའི་ལེགས་བཤད་འདི་ཡིད་ལ་དམ་པོར་བཟུང་ནས་སློབ་མཚམས་ནམ་ཡང་འཇོག་མི་རུང་། སློབ་གྲྭར་སོང་ན་ད་བཟོད་མི་ཚེ་ལ་དོན་སྙིང་ལྡན་ལ།འཚོ་བར་བྲོ་བ་ལྡན། དེ་རིང་གི་དཔེ་ཀློག་ནི་སང་ཉིན་གྱི་འཇོན་ནུས་ཡིན། དེ་རིང་གི་བརྩོན་འགྲུས་ནི་སང་ཉིན་གྱི་རྒྱལ་ཁ་ཡིན། ཤེས་རིག་གིས་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ ། ཨ་རིའི་མི་ནག་མ་ཊན་ལུང་ཀིན་གྱིས༼ འཕུར་མི་ཐུབ་ན་རྒྱུགས། རྒྱུགས་མི་ཐུབ་ན་གོམ་པ་རྒྱོབས། གོམ་པ་རྒྱག་མི་ཐུབ་ན་གོག་བགྲོད་བྱོས། གང་ལྟར་ཁྱོད་རང་ངེས་པར་དུ་མདུན་དུ་བསྐྱོད་དགོས ༽ཞེས་གསུངས་པ་བཞིན་ཕམ་ཁ་དང་བར་ཆད་ལ་གཏན་ནས་མགོ་བོ་སྒུར་མི་རུང་། སློབ་སྦྱོང་ལ་ཞུམ་པ་མེད་པར་མདུན་དུ་བསྐྱོད་དགོས།

མཇུག་མཐར་སློབ་གཙོ་སྐལ་བཟང་བཀྲ་ཤིས་ལགས་ནས་སེམས་ཀྱི་ཟབ་ས་ནས་ཡིད་ཀྱི་སྨོན་སར་ཁ་གཡང་ཁྲི་ཕྲག་གི་ཤིས་ཚིག་བསྣམས་ཏེ་སྤྱི་བསྡོམས་ཞིབ་མོ་བྱས་པར་མ་ཟད། སྔོན་ཆད་བླངས་ཟིན་པའི་དགེ་སློབ་དག་གི་བྱ་བའི་གྲུབ་འབྲས་རེ་རེར་གཟེངས་བསྟོད་དང་རྗེས་ཕྱོགས་མུ་མཐུད་དུ་བྱ་བར་སྔར་ལས་ལྷག་པའི་ཤུགས་སྣོན་བྱ་དགོས་པའི་སྐུལ་འདེད་ཡང་ཡང་གནང་སོང་ལ། ལྷག་པར་དུ་མཐར་ཕྱིན་འཛིན་གྲྭ་གཉིས་ནས་ཁུལ་དང་རྫོང་རིམ་པ་ནས་བསླབ་འབྲས་ཨང་དང་པོ་དང་གཉིས་པ་སོགས་བླངས་མྱོང་བ་འདིས་ས་གནས་ཀྱི་སློབ་གསོ་ལ་གཤོག་ཟུང་སྤྲད་ཅིང་སློབ་གསོའི་ལས་རྐང་དུ་གནས་པའི་དགེ་རྒན་ཡོངས་ལ་མཚན་སྙན་དང་ལ་རྒྱ་སྩལ་པས་རྗེས་སུ་ཡི་རང་དང་བཅས་བཀའ་དྲིན་ཞུས་སོང་། དེ་དང་ཆབས་ཅིག་སློབ་མའི་ཁྱིམ་བདག་ཡོངས་ལའང་སློབ་མ་མུ་མཐུད་དུ་སློབ་གྲྭར་མངག་དགོས་པའི་སྐུལ་སློང་དང་བཅས་ཐེངས་འདིའི་མཐར་ཕྱིན་མཛད་སྒོ་རྒྱལ་ཁའི་ངང་མཇུག་རྫོགས་པ་ཡིན།

你们

关爱

纯洁

童年

无限

知识

白驹过隙

老师

学习

童心