སློབ་མ་ནི་མ་འོངས་པའི་རེ་བ་དང་བདག་པོ་ཡིན་ལ།སློབ་གསོའི་དམིགས་འབེན་གཙོ་བོ་ཡང་སློབ་མ་ཡག་པོ་ཞིག་སྐྱེད་སྲིང་བྱེད་དགོས་པ་དེ་ཡིན་ཏེ།སློབ་སྒྲུབ་བྱ་བའི་གནད་ཚིག་ཏུའང“ཡོད་ཚད་སློབ་མའི་ཆེད་དུ། སློབ་མ་ཡོད་ཚད་ཀྱི་ཆེད་དུ”ཞེས་བརྗོད་པ་ནང་བཞིན་རེད།

མི་སུ་དང་སུ་ཞིག་ཡིན་ཡང་མི་གཤིས་བཟང་པོ་ཞིག་མེད་ན་སྤྱི་ཚོགས་ལ་ཕན་མི་ཐོགས། མིའི་རིན་ཐང་ནི་མ་གཞི་ནས་མིའི་རང་གཤིས་ཀྱི་སྟེང་ནས་མགོ་བརྩམས་ཏེ་མངོན་འགྱུར་བྱེད་དགོས་པ་ཡིན། དེ་བས་ངེད་སྡོམ་མདའ་སློབ་ཆུང་གིས་ཡང་སློབ་མའི་མི་གཤིས་ལེགས་བསྒྱུར་བྱེད་པ་གཞི་རྩར་བཟུང་སྟེ་དེ་ཐོག་ལ་ཤུགས་སྣོན་བྱེད་བཞིན་ཡོད།

སྤྱི་ལོ༢༠༢༠ལོའི་ཟླ༦པའི་ཚེས༢༢ཉིན་གྱི་སློབ་གསེང་རྩལ་སྦྱོང་མཇུག་རྫོགས་རྗེས་ངེད་སྡོམ་མདའ་གྲོང་རྡལ་ལྟེ་གནས་བཅའ་སྡོད་སློབ་གྲྭའི་དགེ་སློབ་ཡོངས་རྩལ་སྦྱོང་རྭ་བའི་ནང་དུ་ཚོགས་ཏེ་སློབ་གཙོ་གངས་ཤེས་ཕྱིན་གཙོ་བྱས་པའི་གོང་རིམ་འགོ་ཁྲིད་ཡོངས་ཀྱི་རྩ་འཛུགས་འོག་མི་བཟང་དོན་བཟང་བསྒྲུབ་མཁན་ལོ་རིམ་གཉིས་པ་འཛིན་གྲྭ་གསུམ་པའི་སློབ་མ་ཡེ་ཤེས་སྒྲོལ་མར་གཟེངས་བསྟོད་བྱ་དགའ་གནངས་སྟེ་མི་ཤིས་བཟང་པོ་ཆགས་རྒྱུ་སྐུ་འདེད་ཞུས།ད་དུང་སློབ་མ་ཡོངས་ལ་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་ཆགས་དགོས་པ།ཀྲུང་ཧྭ་མི་རིགས་དང་བོད་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སྙིང་སྟོབས་དར་སྤེལ་བྱེད་པ་དང་།དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་ཕ་མར་ཞབས་ཏོག་བསྒྲུབ་པ།མི་བཟང་དོན་བཟང་གི་བྱ་བ་སྒྲུབ་པ།སློབ་མའི་ཡིད་རྟོན་དང་ཁ་དན་ཚིག་གནས་ཀྱི་མི་གཤིས་དང་སྤུས་ཀ་ཡག་པོ་སྐྱེད་སྲིང་བྱ་རྒྱུའི་རེ་བ་བཏོན།

为生活中这些满满的正能量点赞👍