2020ལོའི་ཟླ་6ཚེས་18ཉིན་དྲན་ཆེན་བྱིས་སྐྱོང་གླིང་གིས་དགེ་རྒན་གསར་པར་སློབ་དུས་གསར་པའི་ལས་ཞུགས་གོང་གི་གསོ་སྦྱོང་བྱས་པ་རེད།དམིགས་ཡུལ་ནི་དགེ་རྒན་ཚོའི་སློབ་གསོའི་འདུ་ཤེས་དང་།དགེ་རྒན་གྱི་ལས་རིགས་བྱང་ཚད།དགེ་རྒན་གྱི་ཆེད་ལས་རྩལ་ནུས་ཆེ་རུ་གཏོང་རྒྱུ་དེ་རེད།ང་ཚོའི་འཚོ་བ་ཉིན་རེ་བཞིན་དང་ཟླ་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད་ཅིང་།སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་སློབ་གསོའི་འདུ་ཤེས་ཀྱང་རྒྱུན་ཆད་མེད་པར་གསར་བརྗེས་བྱེད་བཞིན་ཡོད།བྱིས་པ་ཚོའི་ཤེས་བྱ་སྦྱོང་བའི་དགོས་མཁོ་དང་བསྟུན་ཆེད།ང་ཚོས་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ཏེ།རང་ཉིད་ཀྱི་ནུས་པ་ཁ་གསབ་བྱས་ནས་རང་ཉིད་ལ་གློག་གསོག་དགོས།

2020年6月18日,珍秦幼儿园对新教师进行了新学期岗前培训。目的是为了提升老师们的教育理念和教师职业素养及教师专业技能。

我们的生活日新月异,随着社会的不断发展,教育理念也在不断更新。为了适应孩子的求知需求,我们要不断学习,随时补充自己的能量,给自己充电。

གཅིག གླིང་གཙོས་རོགས་སྐྱོར་དགེ་རྒན་གསུམ་ལ་རེ་བ་ནན་མོ་བཏོན་ཡོད་པས།དགེ་རྒན་རྣམས་ཀྱིས་རང་གི་ལས་གནས་ཀྱི་འགན་འཁྲི་ལ་ནན་ཏན་གྱིས་ལྟ་ཚུལ་བཟུང་ནས།རང་གི་ལས་གནས་ཀྱི་འགན་འཁྲི་ལག་བསྟར་དང་སློབ་སྐྱོར་ལ་བློ་རྩེ་གཏད་པའི་སློབ་མ་ཡོངས་ལ་ལྟ་དགོས་པའི་རེ་བ་བཏོན།

གཉིས།སློབ་ཞུགས་གོང་གི་སློབ་གསོའི་ལས་དོན་ཚང་མ་དྲིལ་བསྒྲགས་ཡག་པོ་བྱེད་དགོས།བྱིས་པ་ཚང་མས་སློབ་ཞུགས་གོང་གི་སློབ་གསོ་དང་ལེན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།

གསུམ། སློབ་སྟོན་འགན་འཛིན་གྱིས་སློབ་སྐྱོར་དགེ་རྒན་གསུམ་ལ་སློབ་ཁྲིད་སྐོར་གྱི་གཞི་རྩའི་ནང་དོན་སློབ་ཁྲིད་བྱས་པ་དང་དེ་བཞིན་རྒྱུན་གཏན་གྱི་ལས་ཀའི་བརྒྱུད་རིམ་གཙོ་བོ་བརྗོད་ཡོད་པས་ཁོང་ཚོས་དྲན་ཆེན་སློབ་ཁུལ་དུ་ཐུན་མོང་ཐོག་གྲུབ་འབྲས་བཟང་པོ་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད།

一、园长对三名支教老师提出了严格的要求,希望老师们认真对待自己的岗位职责,履行自己的岗位职责和用心对待支教的所有学生。

二、要把学前教育的所有工作要宣传到位。力争让每一位幼儿能接受这个学前教育。

三、教务主任主要给三名支教老师讲述了一些关于授课的基本内容和上课以及常规工作的主要流程,希望他们以后会对珍秦学区共创佳绩。

ད་ཐེངས་ཀྱི་དགེ་རྒན་གསོ་སྦྱོང་མཇུག་འགྲིལ་ཟིན་ཞིང་།ད་ཐེངས་ཀྱི་གསོ་སྦྱོང་ལ་ཕུན་སུམ་ཚོགས་ལ་དོན་སྙིང་ཆེན་པོ་ལྡན་ཡོད་པས་ང་ཚོར་ཕན་པ་ཆེན་པོ་ཐོབ་ནས་ང་ཚོར་མྱུ་གུ་བཞིན་དུ་གསོ་བཅུད་ཐོབ་ཡོད།

这次的教师培训已经结束,这次的培训充实而富有意义,使我们受益匪浅,让我们如幼苗般得到了滋养!!!