༢༠༢༠ལོར་འོད་འབར་བྱ་དགའ་ཐོབ་པའི་མཚོ་ཁའི་སློབ་མ།

白珠

༢༠༢༠ལོའི་འོད་འབར་ན་ཆུང་ཚགས་པར་འདོན་ཐེངས་ལྔ་པའི་སྟེང་གདན་ཞུའི་དཔྱད་འདེམས་པའི་དགེ་རྒན།

༢༠༢༠ལོའི་འོད་འབར་ན་ཆུང་ཚགས་པར་འདོན་ཐེངས་ལྔ་བའི་ཁྲོད་མདོ་དབུས་ཁམས་གསུམ་གྱི་བྱིས་པའི་རྩོམ་ཡིག་ཆིག་ཁྲི་སུམ་སྟོང་ལྷག་ལས་ངེད་སློབ་གྲྭའི་སློབ་མ་གཉིས་ལ་ཕུལ་བྱུང་བྱ་དགའ་ཐོབ།

བྱ་དགའ་ཐོབ་པའི་སློབ་མ་གཉིས།

༼ཕུལ་བྱུང་བྱ་དགའ་ཐོབ་པའི་རྩོམ་ཡིག༽

རྩྭ།

མིག་གི་མཐོང་འོག་ཏུ་འཚོ་བའི་འཇིག་རྟེན་འདིའི་མཛེས་སྡུག་གྲུབ་བྱེད་ཀྱི་རྩྭ་ནི་ཆེས་སྤྱིར་བཏང་ཞིག་མིན་མོད། འོན་ཀྱང་མི་ལ་ལས་མཐོང་ཆུང་བྱེད་ཅིང་། ཐ་ན་དེའི་འགྲན་ཟླ་བྲལ་བའི་སྟོབས་ཤུགས་སོགས་ཡེ་ནས་ཤེས་ཀྱིན་མེད་པ་འདྲ། གལ་ཏེ་རང་བྱུང་ཁམས་འདིར་རྩྭ་མེད་ན་བལ་ཁ་འཇམ་པའི་ལུག་དང་གོམ་འགྲོས་མྱུར་བའི་རྟ། ཞོ་དང་འོ་མས་ཕྱུག་པའི་ནོར་ནག མ་ཟད་མཐོ་སྒང་དུ་གནས་པའི་རི་དྭགས་སོགས་ཀྱང་འཇིག་རྟེན་འདིར་འཚོ་ཐབས་མེད་ཅིང་། འཕེལ་ཁའང་རྒྱས་མི་སྲིད། ད་དུང་རྩྭ་མེད་ན་གཡུ་མདོག་གི་ས་གདན་སྔོ་ལམ་ལམ་ང་ཚོའི་མིག་ལམ་དུ་མངོན་མི་ཐུབ་ལ། ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཉམས་དགའ་བ་ཇི་ལྟར་ལོངས་སུ་སྤྱོད་ཨང་། དབྱར་ཁ་སླེབས་པ་ན། སྤང་ལྗོངས་ཧྲིལ་བོ་སྔོ་ལྗང་ལྗང་དུ་འགྱུར་ཞིང་། དེ་ནི་རྩྭ་ཉག་མ་མང་པོས་གྲུབ་པ་ནི་སྨོས་མ་དགོས་ཏེ། དབྱར་ཁར་རྩྭ་སྔོན་སྐྱེས་པའི་སྤང་ལྗོངས་སྟེང་སོང་ཚེ།སེམས་ལ་བཤད་མི་ཤེས་པའི་བདེ་སྐྱིད་ཀྱི་ཚོར་བ་ཞིག་དབང་མེད་སྟེར་བས། མཚམས་རེར་རྩྭ་ལོའི་གསེང་ལ་གན་རྐྱལ་དུ་ཉལ་ཞོར་དཔེ་ཆ་ཀློག་པ་དང་། རང་སེམས་གསོ་བའི་གླུ་དབྱངས་ཀྱང་ལེན་ཆོག

མདོར་ན་རྩྭ་ཡིས་ང་ཚོའི་འཚོ་བར་ཡིད་ཆེས་སྤྲོད་ཅིང་། མི་རྣམས་ཀྱི་གདོང་པར་འཛུམ་མདངས་རྐོ་བས། རྩྭ་ལོའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་མ་ཡིན་ནམ། འཚོ་བའི་ཁྲོད་རྩྭ་རྐང་ཉག་མ་རེ་རེར་སྲུང་སྐྱོབ་ལེགས་པོ་བྱེད་དགོས། རྩྭ་ལོ་ཆུང་ཆུང་རེ་རེ་ནི་ང་ཚོ་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་དང་བྱ་དངོས་ཐམས་ཅད་ཀྱི་མ་ཡུམ་ཡིན་ཏེ། གལ་ཏེ་ང་ཚོས་རང་སྣང་གང་དྲན་གྱིས་གནས་སྐབས་ཀྱི་འཚོ་བ་དང་། ལོངས་སྤྱོད་ཁོ་ནའི་ཆེད་ས་བརྐོ་རྡོ་སློག་བྱེད་པ་དང་། ནགས་ཚལ་གཅོད་པ། གཏེར་རྫས་ཐོན་ཁུངས་སྔོག་པ། གང་སར་བཟོ་གྲྭ་སོགས་བཙུགས་ནས་ཁོར་ཡུག་འབག་བཙོག་ཏུ་བསྒྱུར་ན། ང་ཚོ་འགྲོ་བ་མིའི་རིགས་དང་། རྩི་ཤིང་། སྲོག་ཆགས་སྣ་ཚོགས་ལ་གནོད་པ་ཚབས་ཆེན་ཐེབས་ངེས་ཡིན། དེ་བས།ཁོར་ཡུག་ཏུ་མཛེས་པར་བཞད་པའི་རྩྭ་རྐང་ཉག་མ་རེ་རེར་སྲུང་སྐྱོབ་བྱ་རྒྱུ་ནི་ཚང་མའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཡིན།

མདོར་ན། སའི་གོ་ལའི་སྟེང་གི་རྩྭ་ལོ་རེ་རེ་ནི་ཚེ་སྲོག་རེ་རེ་ཡིན་ལ། ཚེ་སྲོག་རེ་རེ་ནི་མི་རྣམས་ཀྱི་ལུས་སེམས་ལ་བདེ་སྐྱིད་བསྐྲུན་པའི་སྙིང་པོ་དང་རྨང་གཞི་ཡིན་པས། རང་བྱུང་ཁམས་ལ་སྙིང་ནས་གཅེས་ཏེ་མ་འོངས་འཚོ་བ་ལྗང་མདོག་ཏུ་བསྒྱུར་རྒྱུ་ཡང་གལ་ཆེན་པོ་ཞིག་ཡིན་ནོ།

ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོ། སློབ་མ་ཉི་མ་རྒྱལ་མཚན།

མཛུབ་སྟོན་དགེ་རྒན། པདྨ་བློ་གྲོས།

སི་ཁྲོན་དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་རེ་བའི་སློབ་ཆུང་།

བྱ་དགའ་ཐོབ་པའི་མྱོང་ཚོར།

སློབ་མ། ཉི་མ་རྒྱལ་མཚན།

ཨེ་མ་བདག་གི་སེམས་པ་དགའ་ལྷང་ལྷང་།།

ད་ཐེངས་གོ་སྐབས་བཟང་བོ་འདི་ཡི་ཁྲོད།།

ཕྲན་ཆུང་བདག་ལ་འོད་འབར་བྱ་དགའ་ཐོབ།།

འདི་ནི་དགེ་རྒན་དམ་པའི་བཀའ་དྲིན་རེད།།

རྒན་གྱི་ཐུགས་རྗེའི་ཉི་ཟེར་འཇམ་པོའི་འོག།

མ་རིག་མུན་པའི་བརྩེགས་རིམ་ཡལ་གྱུར་ཏེ།།

བརྗོད་ཀྱིས་མི་ཟིན་དྲིན་གྱི་ཕུང་བོ་དག།

སློབ་བུ་ང་ཡིས་བརྗེད་པ་ག་ལ་སྲིད།།

བསམ་ཡུལ་འདས་པའི་བྱ་དགའི་གཟེངས་བསྟོད་འདི།།

བདག་གི་མི་ཚེའི་ཁྲོད་ཀྱི་རྒྱན་ཆ་ཡིན།།

བྱ་དགའ་འདི་ཡིས་བདག་ལ་ཡིད་ཆེས་དང་།།

སྔར་མེད་བླ་ན་མཐོ་བའི་སྤོབས་པ་བསྩལ།།

ཡིད་འོང་སློབ་གླིང་སྐྱེད་ཚལ་ཡངས་པོ་རུ།།

ཤེས་བྱའི་མེ་ཏོག་རྣམ་པར་བཞད་པའི་གསེབ།།

འབད་པའི་སྒྲོ་གཤོག་མཉེན་མོས་གར་བསྒྱུར་ཏེ།།

མ་འོངས་མདུན་ལྗོངས་ཡངས་པའི་ལམ་དུ་བསྐྱོད།།

༼ཕུལ་བྱུང་བྱ་དགའ་ཐོབ་པའི་རྩོམ་ཡིག༽

ངའི་ཕ་ཡུལ་གླག་ཐར།

ངའི་ཕ་ཡུལ་གྱི་མིང་ལ་གླག་ཐང་ཟེར་ཞིང་།ཡུལ་དེ་ནི་རྩྭ་ཆུ་འཛོམས་ཤིང་ནོར་ལུག་མང་བའི་འབྲོག་ས་ཞིག་ཡིན།ངའི་ཕ་ཡུལ་གྱི་ཤར་ཕྱོགས་སུ་མཐོ་ཞིང་ཆེ་ལ་ཧ་ཅང་བརྗིད་ཉམས་ལྡན་པའི་བྲག་རི་ཞིག་ཡོད་པ་དེའི་མིང་ལ་གདོང་མ་སྣ་བུག་ཟེར་ཞིང་།བྲག་རི་གདོང་མ་སྣ་བུག་གི་ཉེ་འདབས་སུ་རི་དྭགས་སྣ་ཚོགས་བག་ཕེབས་ཀྱིས་གནས་ཡོད་པར་མ་ཟད།ནུབ་ཕྱོགས་སུ་མཛེས་སྡུག་ལྡན་པའི་ནགས་ཚལ་གྱིས་ཁེངས་ཡོད།རི་དྭགས་རྣམས་རྒྱུན་དུ་རྩྭ་ཆུ་འཛོམས་པའི་སྤང་ལྗོངས་སུ་ཡོང་སྟེ།བག་ཕེབས་ཀྱིས་རྩྭ་ཆུར་རོལ་བཞིན་ཡོད་པར་མ་ཟད།ད་དུང་། རྩྭ་ཐང་དུ་རྟ་ནོར་ལུག་གསུམ་སྐར་ཚོགས་བཞིན་ཧ་ཅང་མང་། ངའི་ཕ་ཡུལ་ནི་ཧ་ཅང་མཛེས་སྡུག་ལྡན་ཞིང་ས་ཆ་གཞན་དང་འགྲན་ཟླ་མེད་པའི་ཐང་ཆེན་ཞིག་ཡིན་ཏེ།ང་རང་ཆུང་དུས་ནས་ཕ་ཡུལ་གྱི་པང་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་ཧ་ཅང་དགའ།ངའི་ཕ་ཡུལ་ནི་མཛེས་སྡུག་ལྡན་པའི་ཐང་ཆེན་ཞིག་ཡིན་པར་མ་ཟད།འགྲོ་བ་སེམས་ཅན་མང་པོའི་འཚོ་གནས་ཁྱད་པར་བ་ཞིག་ཏུ་གྱུར་ཡོད།ད་སྐབས་ངའི་ཕ་ཡུལ་ནི་རྫོང་རིམ་པའི་ཡུལ་སྐོར་ལྗོངས་རྒྱུར་འགྲོ་སའི་གནས་ཤིག་ཏུ་ངོས་འཛིན་ཡོད་པས། དུས་རྒྱུན་རྒྱལ་ཕྱི་ནང་གི་ལྟ་སྐོར་བ་མང་པོ་རྒྱུན་མི་ཆད་པར་སླེབས་ཡོང་བ་དང་། ཁོ་ཚོས་སྤང་ཐང་དུ་གུར་ཕུབ་ནས་ཉིན་འགའ་རེར་ཕ་ཡུལ་གྱི་མཛེས་ལྗོངས་ཉམས་སུ་མྱོང་བར་མ་ཟད། བལྟས་པ་ཉིད་ལ། ཁོ་ཚོའི་ངོ་གདོང་ལས་ཕྱིར་ལོག་མི་འདོད་པའི་བརྩེ་དུང་ཟབ་མོས་ཁེངས་ཡོད་པ་ཤེས་ཐུབ། ལྟ་སྐོར་བ་འགའ་ངའི་ཁྱིམ་དུ་མགྲོན་པོར་ཡོང་བ་ན། དེ་ཚོ་ཧ་ལས་པའི་ངང་ནས་ངའི་ཕ་མ་གཉིས་ལ་ས་ཆ་འདི་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཟེར། ང་ཚོའི་ཕ་ཡུལ་ཡང་འདི་འདྲ་ཞིག་ཡིན་ན་ཅི་མ་རུང་ཟེར་ཞོར་པར་མང་པོ་བླངས་ནས་དྲན་རྟེན་དུ་འཁྱེར་བཞིན་ཡོད། ད་ལྟ་ང་རང་སློབ་ཆུང་ལོ་རིམ་དྲུག་པའི་སློབ་མ་ཞིག་ཡིན་པས། དུས་རྒྱུན་ཚགས་པར་ལྟ་བར་ཧ་ཅང་དགའ། རྒྱུན་དུ་ཚགས་པར་མང་པོར་བལྟ་ཐེངས་རེར། གངས་རྒྱན་ན་ཆུང་ཚགས་པར་གྱི་ངོས་སུ་ངའི་ཕ་ཡུལ་དང་འབྲེལ་བའི་རྩོམ་མང་པོ་བྲིས་འདུག་པ་མཐོང་ཡོང་། དེ་བས་ང་རང་ཚགས་པར་བལྟ་བར་དགའ་བའི་མི་ཞིག་ཏུ་ཡང་གྱུར་མགོ་བརྩམས། ངའི་ཕ་ཡུལ་ནི་གཞན་གྱི་མིག་དབང་འཕྲོག་ཐུབ་པའི་གནས་མཆོག་ཁྱད་པར་བ་ཞིག་ཡིན་པ་སྨོས་ག་ལ་དགོས། གང་ལྟར་ངས་ཕ་ཡུལ་གྱི་རི་ཆུའི་མཛེས་སྡུག་མཐའ་དག་ནམ་ཡང་ཉམས་པ་མེད་པའི་སྨོན་ལམ་ཞུའོ།།

ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོ། སློབ་མ་ཚེ་རིང་སྒྲོལ་མ།

མཛུབ་སྟོན་དགེ་རྒན། པདྨ་བློ་གྲོས།

སི་ཁྲོན་དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་རེ་བའི་སློབ་ཆུང་།

ཕུལ་བྱུང་བྱ་དགའ་ཐོབ་པའི་མྱོང་ཚོར།

སློབ་མ། ཚེ་རིང་སྒྲོལ་མ།

ཐོག་མར་འོད་འབར་ན་ཆུང་ཚགས་པར་གྱི་རྩོམ་སྒྲིག་པས་ང་ཚོ་བྱིས་པ་ཚོར་འདི་འདྲའི་གོ་སྐབས་བཟང་བོ་ཞིག་བསྐྲུན་པར་སྙིང་ནས་བཀའ་དྲིན་ཆེ་ཞུ། ང་ནི་ལོ་རིམ་དྲུག་པའི་སློབ་མ་ཞིག་ཡིན། ནམ་རྒྱུན་བོད་ཡིག་དགེ་རྒན་གྱིས་ང་ཚོ་སློབ་མ་ཚོ་ལ་རྩོམ་མང་པོ་འབྲི་རུ་བཅུག་པ་དེ་ནི་རྒྱུན་ལྡན་གྱི་ལས་བྱ་ལྟ་བུར་ཆགས་ཡོད། སློབ་སྐབས་སྔོན་མར་དགེ་རྒན་གྱིས་ངེད་སློབ་གྲྭའི་སློབ་མའི་རང་རང་གིས་བྲིས་པའི་རྩོམ་ཡིག་ཚང་མ་མཉམ་དུ་བསྡུས་ནས་འོད་འབར་ན་ཆུང་ཚགས་པའི་རྩོམ་སྒྲིག་པར་བསྐུར་ཡོད་གསུངས་བྱུང་། མ་བསམ་ས་ནས་ངས་བྲིས་པའི་རྩོམ་ཡིག་ཕ་ཡུལ་གླག་ཐར་ཟེར་བ་དེར་ཕུལ་བྱུང་བྱ་དགའ་ཐོབ་འདུག སློབ་སྐབས་འདིར་བྱ་དགའི་དཔང་ཡིག་བཅས་ལག་ཏུ་འབྱོར་སོང་ལ། དགེ་རྒན་གྱིས་སློབ་མ་ཚང་མའི་མདུན་དུ་ང་ལ་གཟེངས་བསྟོད་ཡང་ཡང་བྱེད་ཞོར་བྱ་དགའ་བྱིན་སོང་། དེའི་སྐབས་སུ་ང་རང་གི་མི་ཚེ་གང་བོའི་ཆེས་དགའ་བའི་ཕུགས་བསམ་དེ་ལེགས་འགྲུབ་བྱུང་སོང་བར་ལྟ་བུའི་སྤྲོ་སྣང་ཆེན་པོ་ཞིག་གིས་ཁེངས་ཤིང་། འདི་ནི་ངའི་ཆེས་ཐོག་མའི་རྩོམ་ཡིག་བྲིས་པར་ཕུལ་བྱུང་བྱ་དགའ་ཐོབ་པ་མ་ཟད། མི་ཚེ་གང་བོར་བརྗེད་དཀའ་བའི་དོན་བཟང་ཞིག་ཀྱང་ཡིན།

དེ་རིང་ནས་བཟུང་མུ་མཐུད་དུ་རྩོམ་མང་པོ་བྲིས་ཏེ། མ་འོངས་པར་རྩོམ་ཡིག་གི་ཐོག་ནས་བྱ་དགའ་ཆེན་པོ་ཞིག་ལེན་རྒྱུའི་དམ་བཅའ་བཞག་པ་ཡིན།

༢༠༢༠ལོའི་ཟླ༦པའི་ཟླ༡༦ཉིན་འོད་འབར་ན་ཆུང་ཚགས་པར་འདོན་ཐེངས་ལྔ་བ་འབྱོར་མ་ཐག་ཏུ། ངེད་སློབ་གྲྭའི་རྩོམ་རིག་ལ་དགའ་ཞེན་ཡོད་པའི་དགེ་རྒན་སྐོར་ཞིག་མཉམ་དུ་འདུས་ཏེ། ཐེངས་འདིའི་འོད་འབར་ན་ཆུང་ཚགས་པར་གྱི་ཕུལ་བྱུང་བྱ་དགའ་ཐོབ་པའི་རང་སློབ་གྲྭའི་སློབ་བུ་གཉིས་ལ་རྟེན་འབྲེལ་ཡང་ཡང་ཞུས་ཐོག ཚགས་པར་གྱི་ནང་དོན་དང་སྒྲིག་སྟངས། ཚོན་ཁ་སྡེབ་ལུགས་སོགས་ཀྱི་ཐད་བསམ་བློ་བརྗེ་རེས་བྱས་པར་མ་ཟད། རྗེས་མར་སློབ་རའི་རྩོམ་པ་པོ་ཆུང་ཆུང་མང་པོ་སྐྱེད་སྲིང་བྱེད་པའི་ཐད་ལ་ཤུགས་རྒྱག་དགོས་པའི་རྣམ་འགྱུར་དྲག་ཏུ་བསྟན་པ་ཡིན།

ངེད་སློབ་གྲྭའི་སློབ་གཙོ་གཞོན་པ་རྒན་མགོན་པོ་ལགས་ཀྱིས་སློབ་མའི་རྩོམ་ཡིག་ལ་གདེང་འཇོག་བྲིས་པ།

རྩྭ་ཞེས་པའི་རྩོམ་འདི་ནི་སློབ་ཆུང་སློབ་མ་ཉི་མ་རྒྱལ་མཚན་གྱིས་སློབ་དེབ་ངོས་ཀྱི་ས་བོན་གྱི་སྟོབས་ཤུགས་ཞེས་པའི་སློབ་ཚན་ཁྲིད་པ་དང་སྦྲགས་ཏེ་ལད་འབྲི་བྱས་ནས་བྲིས་པའི་རྩོམ་ཐུང་ཞིག་རེད་སྙམ། ཡག་པོ་འདུག

ཁོས་མིའི་རིགས་ཀྱིས་རྩྭ་ལ་བཟུང་བའི་ལྟ་སྟངས་ཞན་ས་ནས་དབུ་བརྩམས་ཏེ་རྩྭ་དང་འབྲལ་ཐབས་མེད་པའི་བྱ་དངོས་ཁ་ཤས་དཔེར་དྲངས་ཤིང་། རང་ཉིད་ཀྱིས་རྩྭ་གསེབ་ནས་དཔེ་ཀློག་བྱས་པའི་བྱིས་དུས་ཀྱི་འཚོ་བ་གླེང་སྟེ་རྩྭ་ལ་དུངས་པ་བརྗོད་པ་དང་། དེ་ནས་རྩྭ་སོགས་ཀྱིས་གྲུབ་པའི་ཁོར་ཡུག་ལ་གཏོར་བརླག་མི་བྱེད་པར་སྲུང་སྐྱོབ་བྱེད་རྒྱུར་སྐུལ་ཡོད། དེའི་བར་ནས་གདོང་པར་འཛུམ་མདངས་རྐོ་བ་ཞེས་པའི་ཚིག་རྒྱན་དེ་སློབ་ཆུང་སློབ་མ་ཞིག་གི་སྣང་ངོར་ཅུང་ཙམ་ཤོང་དཀའ་བས་རྒན་གྱིས་བཅོས་ཚུལ་ཤུགས་དྲགས་པར་འདོད། མཇུག་ཏུ་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་རྩྭ་སོགས་ཀྱི་རང་བྱུང་ཁམས་ལ་བདག་སྐྱོང་བྱེད་དགོས་པར་རེ་བ་བཅིངས་ཡོད་པས། བརྒྱུད་རིམ་ལྡན་ཞིང་འབྲེལ་ཆགས་པ་དང་བརྗོད་དོན་གོ་སླ་བས་ངོ་སྤྲད་་ཡོད་རྐྱེན་ཧ་ཅང་ལེགས།

ཕྲན་པས་རང་སློབ་གྲྭའི་སློབ་བུ་འདི་གཉིས་ཀྱི་བྲིས་རྩོམ་ཐེངས་འགར་ཞིབ་ཏུ་བཀླགས་པ་ན། སེམས་ཀྱི་ག་ལ་བ་དེར་བརྗོད་མི་ཤེས་པའི་ཚོར་བས་ཡོངས་སུ་ཁེངས་སོང་། རྩོམ་ཡིག་འདི་གཉིས་ཀྱི་བརྗོད་བྱའི་དོན་ཟབ་ཅིང་། རྗོད་བྱེད་ཚིག་སྙན་ཆས་བརྟས་པ། གཞན་ཚིག་སྔ་ཕྱིའི་ལྷུ་རྐང་འཕྲོད་ལ། བབ་ཆགས་པའི་ཡིག་འབྲུ་རེ་རེའི་གསེང་ན་རྩོམ་པ་པོའི་དུངས་པ་རྣལ་མ་ཆུ་ལ་ཆུ་བཞག་ཏུ་མངོན་ཡོད་སྟབས། གལ་སྲིད་ཉིན་རེའི་སློབ་སྦྱོང་གི་གོ་རིམ་ཁྲོད་དུ། ཕ་སྐད་ཀྱི་རྒྱལ་མཚན་མཁའ་རུ་མཆོད་པའི་སྐད་ཡིག་དགེ་རྒན་རྣམས་ཀྱིས་རང་འཁྲིའི་འོས་འགན་ལེགས་པར་འཁུར་ཏེ། སློབ་མ་རྣམས་ལ་མང་པོ་འབྲི་རུ་བཅུག་སྟེ། མང་པོ་བཀླགས་སུ་བཅུག་ན། མ་འོངས་པར་རྩོམ་པ་པོ་ཞིག་ཏུ་འགྱུར་བའི་གདེང་དང་ཡིད་ཆེས་ཅིས་ཀྱང་ཡོད་ངེས་སྙམ་བྱུང་། དེ་དང་སྦྲགས་ནས།ཐེངས་འདིའི་༢༠༢༠ལོའི་འོད་འབར་ཚགས་པར་གྱི་ཕུལ་བྱུང་བྱ་དགའི་གཟེངས་ཐོབ་ཅིང་། སློབ་རའི་རྒྱན་དུ་གྱུར་བའི་རྩོམ་པ་པོ་ཆུང་ཆུང་འདི་གཉིས་ལའང་ཁ་མིན་སྙིང་ནས་རྟེན་འབྲེལ་ཞུས་པ་ཡིན་ནོ།།

དགེ་མིང་འཛིན་པ་ཞོ་ར་བསམ་འགྲུབ་རྒྱལ་གྱིས། ༢༠༢༠ལོའི་ཟླ༦པའི་ཚེས༡༧ཉིན་ཕུལ།

སློབ་མ་ཉི་མ་རྒྱལ་མཚན་གྱིསརང་་བྱུང་ཁམས་ལ་མཛེས་སྡུག་དང་ལྗང་མདོག་གི་རྨི་ལམ་སྐྲུན་མཁན་ནི་རྩྭ་རྐང་རེ་རེ་ཡིན་པར་བཤད་དེ་རྩྭ་ལ་བཅངས་པའི་བརྩེ་བ་ཟབ་མོ་ཞིག་ཕྱིར་མངོན་འདུག

སློབ་མ་ཚེ་རིང་སྒྲོལ་མས་རང་ཉིད་འཚར་ལོངས་བྱུང་སའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་ཕྱིར་དྲན་དང་དེ་ལས་བྱུང་བའི་ཕུགས་འདུན་མངོན་འགྱུར་འབྱུང་བར་རེ་བས་ཁེངས་འདུག

—ཨ་སྐལ་རྒྱམ།

མ་གཞིར།

ཁོ་ཚོ་རྩོམ་ཡིག་ཀློག་རྒྱུར་དགའ་བ་དེ།

དུས་རབས་གསར་པ་འདིའི་འགྱུར་ཁུགས་ལ་ཉེ་བར་བརྒྱུས་པའི་མཛེས་སྡུག་གི་ཆེད་ཡིན་ལ།

ཁོ་ཚོ་རྩོམ་ཡིག་འབྲི་རྒྱུར་མོས་པ་དེ།

བསམ་གཞིག་གི་ཀློང་ནས་རང་གི་མི་ཚེ་ལ་འོད་སྣང་སྤྲོ་བའི་ཕྱིར་དུ་ལགས།

ཁོ་ཚོས་རྩོམ་རིག་ལ་འབད་པ་དེ།

ཡང་སྙིང་།

མི་ཚེའི་ཟས་རིན་དུ་འཇོག་པའི་ལེགས་སྐྱེས་ཀྱི་སླད་དུ་ཡིན།

ཁོ་ཚོས་ད་དུང་།

བདེ་སྐྱིད་དང་དགོད་སྒྲའི་བར་ནས་སྙན་ངག་འཚོལ་གྱིན་ཡོད།

ཁོ་ཚོས་ད་དུང་།

སྡུག་བསྔལ་དང་མིག་ཆུའི་ཁྲོད་ནས་མ་འོངས་པ་འཚོལ་གྱིན་ཡོད་ཨང་།

༢༠༢༠ལོའི་ཟླ་༦པའི་ཚེས༡༧ཉིན་པདྨ་བློ་གྲོས༼སྨྱུག་དགའ༽ནས།

༢༠༡༩ལོའི་འོད་འབར་ན་ཆུང་ཚགས་པར་འདོན་ཐེངས་བཞི་བའི་ཁྲོད་ངེད་སློབ་གྲྭའི་སློབ་མ་ཟླ་བ་ཚེ་རིང་ལ་ཕུལ་བྱུང་བྱ་དགའ་ཐོབ།

བློ་ཡུལ་ལས་འདས་པའི་དོན་དག་ཅིག

ང་རང་སློབ་གྲྭ་འདིར་འོངས་ནས་ལོ་ངོ་ཧྲིལ་བོ་བཞི་ལྷག་འགོར་མོད། དེའི་རིང་ཆེས་བློ་ཡུལ་ལས་འདས་པའི་དོན་དག་དམིགས་བསལ་འདྲ་ཅི་ཡང་བྱུང་མྱོང་མེད། ཡིན་ནའང་། ངེད་ཚང་གི་ཁྱིམ་ནང་དུ་གློ་བུར་དུ་བློ་ཡུལ་ལས་འདས་པའི་དོན་དག་ཅིག་བྱུང་མྱོང་། དེ་ནི་ངའི་ཨ་ཕ་གློ་བུར་དུ་ངེད་ཁྱིམ་ནང་དང་ཁ་བྲལ་ཏེ་ས་ཆ་གཞན་ཏུ་བུད་སོང་བ་ཡིན། ངེད་བཟའ་མི་ཚང་མས་ཁོ་ག་སར་བཙལ་རུང་མ་རྙེད་ལ། ངེད་ཁྱིམ་མི་དག་གིས་ཨ་ཕ་ཁོ་ཤི་གསོན་གྱི་གནས་ཚུལ་གང་ཡང་གོ་མ་མྱོང་།

སྔོན་ཆད་ངའི་ཨ་ཕ་ཁྱིམ་ནང་དུ་ཡོད་དུས་ཁོས་ང་རང་ཤིན་ཏུ་གཅེས་པ་དང་ང་རང་ཡང་ཨ་ཕ་ལ་ཤིན་ཏུ་དགའ་བ་མ་ཟད། ཨ་ཕ་ས་ཆ་གང་ལ་འགྲོ་དགོས་ཐུག་ཀྱང་། ཁོས་ང་རང་ཁྲིད་དེ་ཨ་ཕ་ངེད་གཉིས་མཉམ་དུ་འགྲོ་བ་རེད། དེ་དུས་ང་རང་ཧ་ཅང་བྱིས་པ་སྐྱིད་པོ་ཞིག་ཡིན། ཨ་ཕ་ཁྱིམ་ནང་དུ་མེད་པའི་ཉིན་མོ་ནས་བཟུང་ང་ཉལ་རུང་བསྡད་རུང་ཨ་ཕ་དྲན་ཞིང་དྲན་ནས་སེམས་པ་ཧ་ཅང་སྐྱོ།

ངེད་ཚང་གི་བཟའ་མི་ཚོས་ཀྱང་ཨ་ཕ་ཁོའི་ཆེད་དུ་ལྷ་བླ་མ་ལ་སྨོན་ལམ་དང་སྐྱབས་འཇུག་ཡང་ཡང་ཞུ་ཡི་ཡོད་ལ། ངས་ཀྱང་ནམ་ཞིག་ཨ་ཕ་ཁོ་ཕྱིར་རང་ཁྱིམ་དུ་ཡོང་ནས་ང་ཚོ་དང་ལྷན་དུ་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པ་དང་། ངས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་མ་འོངས་པ་ཨ་ཕ་ལ་ཞབས་ཞུ་ཡག་པོ་ཞིག་བསྒྲུབ་ཐུབ་པར་སྨོན།

སློབ་མ། ཟླ་བ་ཚེ་རིང་།

ལོ་རིམ་བཞི་བའི་འཛིན་གྲྭ་དང་པོ།

མཛུབ་སྟོན་དགེ་རྒན། སྐལ་རྒྱམ།

སློབ་གྲྭ། དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་རེ་བའི་སློབ་ཆུང་།

སློབ་མའི་རྣམ་ཤེས་ཕྲ་མོ་ཚགས་པར་གྱི་སྟེང་དུ་འཁོར་ཡོད།