དཔེ་སྟོན་སློབ་ཁྲིད་དང་ཉམས་མྱོང་བརྗེ་རེས།

美友8285294

རྩེ་ཆུ་སློབ་གྲྭ
ངེད་རྩེ་ཆུ་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭའི་མགོ་ཁྲིད་རྣམ་པས་དབུ་ཁྲིད་དང་།སློབ་སྟོན་ཁང་གི་བཀོད་སྒྲིག་འོག་རྫོང་རིམ་པའི་བསླབ་བྱ་སོ་སོའི་རྐང་འཛིན་དགེ་རྒན་གདན་དྲངས་ཏེ་༼ལྟ་འཁྲིད་སྦྱོང་སེལ༽གྱི་སློབ་ཁྲིད་བྱེད་ཐབས་གསར་བ་དང་འབྲེལ་ནས་དཔེ་སྟོན་སློབ་ཁྲིད་བྱེད་དུ་བཅུག་པ་མ་ཟད།ད་དུང་ཁྲིད་ཐབས་གསར་བའི་སྐོརགྱི་ཁྲིད་ཡིག་འདེབས་སྟངས་དང་སློབ་གསོ་སློབ་ཁྲིད་ཁྲོད་ཀྱི་ཉམས་མྱོང་བརྗེ་རེས་མཛད་པ་ཡིན།ཐེངས་འདིའི་བྱ་འགུལ་ལས་དགེ་རྒན་ཡོངས་ལ་སློབ་ཁྲིད་བྱེད་ཕྱོགས་དང་ཁྲིད་ཡིག་འདེབས་སྟངས་སྐོར་ནས་ངོས་ཟིན་དང་བློ་བསྐྱེད་ཆེན་པོ་ཐོབ་ཡོད་པ་གདོན་མི་ཟ།

བོན་རྒྱ་དཀྱིལ་སྙིང་སློབ་གྲྭའི་རྫོང་རིམ་པའི་རྩིས་རིག་རྐང་འཛིན་དགེ་རྒན་ཀུན་སྐྱིད་བཟང་མོས་སློབ་ཁྲིེད་བྱེད་བཞིན་པ།

དགེ་རྒན་ཀུན་སྐྱིད་བཟང་མོ་དང་རང་སློབ་གྲྭའི་རྩིས་རིག་དགེ་རྒན་ཚོས་ཉམས་མྱོང་བརྗེ་རེས་ཀྱི་ཚུལ།

ལས་བྱའི་སྐོར་གྱི་ལྟ་ཚུལ་འདོན་པ།

རྩེ་གཞུང་བཅའ་སྡོད་དཀྱིལ་སྙིང་སློབ་གྲྭའི་རྫོང་རིམ་པའི་བོད་ཡིག་རྐང་འཛིན་དགེ་རྒན་འབུམ་པ་རྒྱལ་གྱིས་དཔེ་སྟོན་སློབ་ཁྲིེད་བྱེད་བཞིན་པ།

གསལ་དག་སྙན་གསུམ་གྱི་སྒོ་ནས་སློབ་ཚན་ཀློག་པ།

བོད་ཡིག་ཚན་ཁག་གི་དགེ་རྒན་ཚོ་དང་ལྷན་དུ་ཁྲིད་ཡིག་འདེབས་སྟངས་ཐད་ལ་བགྲོ་གླེང་བགྱི་ཚུལ།

རྩེ་གཞུང་བཅའ་སྡོད་དཀྱིལ་སྙིང་སློབ་གྲྭའི་རྫོང་རིམ་པའི་རྒྱ་ཡིག་དགེ་རྒན་张秀伟ཡིས་དཔེ་སྟོན་སློབ་ཁྲིེད་བྱེད་བཞིན་པ།

སློབ་མ་ཚོས་རང་ནུས་རྩལ་དུ་འདོན་བཞིན་པའི་ཚུལ།

ཁོ་མོ་དང་རྒྱ་ཡིག་དགེ་རྒན་ཚོས་བགྲོ་གླེང་བྱེད་བཞིན་པའི་རྣམ་པ།

ཐེངས་འདིའི་སློབ་གསོའི་ཉམས་མྱོང་བརྗེ་རེས་དང་འབྲེལ་ནས་རང་རེའི་སློབ་གྲྭའི་སློབ་གསོ་མཁའ་ལ་ཉི་མ་ཤར་བ་ཇི་བཞིན་ཇེ་རྒྱས་དང་ཇེ་ལེགས་སུ་འགྲོ་བའི་སྨོན་འདུན་ཞུ།

རྩེ་ཆུ་སློབ་གྲྭའི་སློབ་སྟོན་ཁང་ནས།