བྱིས་པ་ནི།

བརྩེ་དུང་གི་ཕྲེང་ཐག་ལ་སྟར་བའི་ཕྲེང་རྡོག་རེ་རེ་ཡིན་ལ།

འདུན་པ་དང་སེམས་རྟེན་དྲོན་མོའི་བཟློ་དབྱངས་རེ་རེ་ཡང་ཡིན།

སྤྱི་ལོ་༡༩༢༥ལོའི་སྐྱོ་གར་གྱི་འཁྲབ་སྟོན་ལས་བསྐྱེད་པའི།

བཀྲ་ཤིས་དོན་ལྡན་གྱི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཉིན་མོ་དེ་ནི།

བྱིས་པའི་སེམས་ངོགས་སུ་བཞད་པའི་མཛེས་སྡུག་གི་མེ་ཏོག་རེ་རེ་དང་།

དྲིན་ཕ་མའི་སེམས་ཁོང་ནས་ཕྱུང་བའི་མཛུམས་མདངས་ཀྱི་གླུ་ཆུང་རེ་རེ་ཡིན།

དུས་རབས་ཀྱི་སྙིང་རྩའི་འཕར་ལྡིང་དྲག་ཏུ་འཕྱོ་བའི་དེང་གི་དུས་ན།

ཤེས་རབ་དང་ཀུན་སྤྱོད་ནི་དོན་ལྡན་མི་ཚེའི་མ་འོངས་ཀྱི་ཁ་ཕྱོགས་དང་།

ཤེས་རིག་སྒོ་མོ་འབྱེད་པའི་གསེར་གྱི་ལྡེའུ་མིག་རྣལ་མ་དེ་ལགས་པས།

བརྩོན་འགྲུས་ཀྱི་རྟ་ཕོར་ཆིབས་ཏེ་ཤེས་བྱའི་ནམ་འཕང་བཅད་གྱུར་ཅིག

ཁྱེད་ཚོའི་དགོད་སྒྲ་ནི་ང་ཡི་རྣ་བའི་གཏད་ས་ཡིན་ལ།

ཁྱེད་ཚོའི་མཛུམ་མདངས་ནི་ངའི་མིག་གིས་འཚོལ་ས་ཡིན།

མདུན་བསྐྱོད་ལམ་བུའི་ཁྲོད་ཁྱེད་ཅག་གི་ཅི་བསམ་དོན་འགྲུབ།