སྤྱན་ཁྱེར་སློབ་མའི་དཔེ་ཀློག་མཉམ་རོལ།༼༡༽,夺眸学生读书分享一1—

美友80190306

ཉི་མ་ཤར་ན་ས་གཞི་གསལ། དཔེ་ཆ་བཏོན་ན་རིག་པ་གསལ།

ལྷག་བསམ་གྱི་འོ་མཚོར་མཁའ་ལ་འཕྱུར་བའི་དགེ་རྒན་རྣམ་པ་དང་། སློབ་སྦྱོང་གི་འཁྱུག་རྩལ་ལ་ཉམས་པ་མེད་པའི་སློབ་གྲོགས་ལྷན་རྒྱས།

དཔེ་ཀློག་གིས་རྒྱལ་ཁམས་གསལ་ཞིང་དཔེ་ཀློག་གིས་རིག་པ་བསྐྱེད་ཐུབ། དཔེ་ཀློག་ལ་བརྟེན་ཏེ་གནམ་ས་ཁ་ལོ་བསྒྱུར་བའི་ཤེས་ཡོན་པའི་སྡེ་བྱུང་ཞིང་། འཛམ་གླིང་ན་འགྲན་ཟླ་བྲལ་བའི་རླབས་ཆེན་མི་སྣ་དག་ཀྱང་དཔེ་ཀློག་ལས་བྱུང་བ་ཡིན་པས།ང་ཚོར་ཆུང་དུས་ནས་དཔེ་ཆ་ཀློག་པའི་སྤྲོ་སྣང་སྐྱེད་སྲིང་གི་ཆེད་དང་དཔེ་ཆ་ཀློག་པའི་གོམས་གཤིས་བཟང་བོ་ཞིག་ཆགས་ཕྱིར་ང་ཚོའི་ལོ་རིམ་དྲུག་པའི་འཛིན་གྲྭ་གསུམ་པ་ནས་མགོ་བཙུགས་ཏེ་དཔེ་ཀློག་མཉམ་རོལ་གྱི་བྱ་འགུལ་དངོས་སུ་སྤེལ་བར་བྱ།

ཐེངས་འདིའི་དཔེ་ཀློག་མཉམ་རོལ་བྱེད་མཁན་ནི་ངེད་དྲུག་གསུམ་འཛིན་གྲྭའི་སློབ་གྲོགས་བསྟན་འཛིན་སྒྲོལ་མ་དང་བསྟན་འཛིན་ཡིད་དགའ་གཉིས་ཡིན་ལ།བསྟན་འཛིན་སྒྲོལ་མ་ནི་སློབ་སྦྱོང་དང་སྒྲིག་ལམ།མཐུན་སྒྲིལ།སྤྱོད་ལམ་སོགས་ཕྱོགས་གང་ཐད་ནས་ཕུལ་དུ་བས་ང་ཚོའི་འཛིན་གྲྭའི་སློབ་གྲོགས་ཚོའི་མིག་དཔེ་རུ་གྱུར་ཡོད།ཁོ་མོར་ཐུན་མིན་གྱི་དགའ་ཕྱོགས་ཤིག་ཡོད་པ་ནི་སློབ་གསེང་གི་དུས་ཚོད་དུ་དཔེ་ཆ་བཀླག་རྒྱུར་ཤིན་ཏུ་སྤྲོ་བོ་ཡོད་པ་དེ་རེད།ཐོག་མར་སློབ་གྲོགས་བསྟན་འཛིན་སྒྲོལ་མས་སློབ་ཆུང་ལོ་ངོ་དྲུག་གི་རིང་ལ་དཔེ་ཆ་གང་དག་བཀླགས་པ་དང་།དེ་ལས་རང་ལ་བག་ཆགས་ཆེས་ཟབ་པའི་དཔེ་ཆ་ནི་གང་དག་ཡིན་པའི་ཕྱོགས་ནས་རགས་ཙམ་བཤད་རྒྱུ་ཡིན་པས་ཞིབ་ཏུ་གསན་རོགས།

མཚམས་འདི་ནས་དཔེ་ཀློག་མཉམ་རོལ་བྱེད་མཁན་ནི་སློབ་གྲོགས་བསྟན་འཛིན་ཡིད་དགའ་ཡིན་ལ།ཁོ་མོ་ཡང་སློབ་སྦྱོང་དང་སྒྲིག་ལམ།མཐུན་སྒྲིལ་སོགས་ཕྱོགས་གང་ནས་ཕུལ་བྱུང་ཡིན་པར་མ་ཟད།སློབ་གྲོགས་བསྟན་འཛིན་སྒྲོལ་མ་ནང་བཞིན་སློབ་གསེང་གི་དུས་ཚོད་དུ་དཔེ་ཆ་བཀླག་རྒྱུར་དགའ།ཁོ་མོས་རང་ཉིད་ཀྱིས་བཀླགས་པའི་དཔེ་ཆ་ལས་རང་ལ་བག་ཆགས་དང་ཤུགས་རྐྱེན་ཆེས་ཟབ་ཤོས་ཀྱི་དཔེ་ཆ་གང་ཡིན་པ་དེ་དམིགས་སུ་བཟུང་ནས་བཤད་རྒྱུ་ཡིན་པས་སྤྲོ་བས་གསན་རོགས།

གོང་གི་དཔེ་ཀློག་མཉམ་རོལ་ལས་ང་ཚོ་ལ་སྔ་ན་མེད་པའི་བློ་བསྐྱེད་དང་ངེས་ཤེས་བསྩལ་ཅིང་། དཔེ་ཀློག་གིས་དབུལ་ཕྱུག་དང་བཙན་གཉོམ་གྱི་དབྱེ་བ་མེད་པར་ཐུན་མོང་ལ་བསམ་བློའི་རྒྱགས་ཕྱེ་དང་དགོས་མཁོ་སྩོལ་བཞིན་པ་ནི་ཇི་འདྲའི་བླ་ན་མེད་པ་ཞིག་རེད་ཨང་། དེར་བརྟེན་དཔེ་ཀློག་མཉམ་རོལ་གྱི་ཁྱབ་རྒྱ་ཆེ་ནས་ཆེ་རུ་བསྐྱེད་དེ་བོད་ཁམས་ཀྱི་སློབ་གྲྭ་ཡོངས་ལ་མུ་ནས་མུ་རུ་དར་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།

རང་རེའི་སློབ་གྲྭའི་སློབ་མའི་དཔེ་ཀློག་མཉམ་རོལ་སྐབས་དང་བོ་ད་ལྟ་ཡོངས་སུ་མཇུག་རྫོགས་པ་ཡིན།མཐར་བཀྲ་ཤིས་བདེ་ལེགས།

སྤྱི་ཁྱབ་ལྟ་སྐུལ་བ། སྒྲོལ་མ་སྐྱིད།

རྒྱུ་ཆ་མཁོ་འདོན། དྲུག་གསུམ་འཛིན་གྲྭ།

ཇུས་འགོད། བན་དེ་སྐྱིད་བོད་ཡིག་ལས་ཤག