རེ་བའི་དཔྱིད་ཟླ་ཐ་ཆུང་ཕར་ལ་བསྐྱལ་ཏེ།སྐྱིད་ཀྱི་དབྱར་ཟླ་ར་བ་ཚུར་དུ་འདྲེན།

Lo

༄༅།།ལུགས་རྙིང་གི་ཟླ་བ་བཞི་པ་དབྱར་གྱི་མགོ་མ་རེད།ཡོད་ཚད་ཀྱིས་རེ་སྒུག་བྱེད་སའི་དུས་ཚིགས་ཤིག ཡོད་ཚད་ལ་དཔལ་ཡོན་རྒྱས།ཡོད་ཚད་ལ་རེ་བ་སྩོལ།

དུས་ཚོད་ནི་བར་མེད་དུ་འགྲོ་བཞིན་ཡོད་པས།གཟའ་འཁོར་གཅིག་ཡང་འདི་ལྟར་བཞུད་ཟིན་པ་རེད།གཟའ་འཁོར་འདིའི་གཟའ་རེས་ལས་ཀར་ཕྱོགས་བསྡོམས་ཤིག་བྱས་ན་འདི་ལྟར་ཏེ།

དགེ་རྒན་དང་སློབ་གྲོགས་རྣམ་པའི་ནམ་རྒྱུན་གྱི་འཚོ་བ་ནི་འདི་ལྟར་ཏེ།ཁྲི་གདུགས་ཉི་མའི་འོད་ཀྱིས་མ་དེད་པས།སྐྱ་རེངས་ཀྱང་མ་ཤར་པའི་གོང་རོལ་ནས་དགེ་སློབ་གཉིས་པོ་མ་བགྲོས་རང་མཐུན་གྱིས་སློབ་ཁང་ནང་དུ་འཛོམས་པ།

སློབ་གྲོགས་རྣམ་པས་དཔེ་ཀློག་གི་སྒྲ་དེ་ནི་ས་སྟེང་འདི་རུ་ཆེས་སྙན་པའི་སྒྲ་དེའོ།།

ཕུགས་བསམ་གང་ཞིག་མངོན་འགྱུར་བྱེད་དགོས་སྙམ་ན་ཐོག་མར་བདེ་ཞིང་ཐང་བའི་ལུས་པོ་ཞིག་ཡོད་དགོས།བདེ་ཞིང་ཐང་བའི་ལུས་པོ་ཞིག་ཡོད་དགོས་བསམས་ན།ལུས་སྦྱོང་རྒྱུན་འཁྱོངས་བྱེད་པར་རག་ལས་སོ།།

གཟའ་ཟླ་བའི་སྔ་དྲོར་ཚོགས་ཐུན་དང་པོ་གྲོལ་རྗེས་དགེ་སློབ་ཡོངས་གོམ་སྟབས་མཉམ་ཞིང་གྲལ་འགྲིག་པའི་ངང་རྩལ་སྦྱོང་ཐང་དུ་ཕེབས་ཏེ།རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས།ལོ་རིམ་གཉིས་པའི་འཛིན་གྲྭ་གཉིས་པའི་སློབ་གྲོགས་རྣམས་ཀྱིས་རྒྱལ་དར་འོག་ཏུ་སྙན་ངག་གྱེར་འདོན་བྱས།

གཟའ་རེས་དགེ་རྒན་རྣམས་ཉིན་གང་བོར་སློབ་གྲོགས་རྣམས་དང་འགྲོགས་ཏེ་སློབ་གྲོགས་རྣམས་ཀྱི་སྒྲིག་ལམ་དང་སློབ་གྲྭ་སྤྱིའི་གཙང་སྦྲ་སོགས་གང་ཅིའི་ཐད་ལ་དག་ཐེར་བྱས་པ་སྟེ།

ཉལ་ཁང་གི་གཙང་སྦྲ་དང་དངོས་པོའི་སྒྲིག་འཇོག་སོགས་ལ་ལྟ་བ།

ཞོགས་ཟས་དགུང་ཇ་གང་ཡིན་རུང་གཟའ་རེས་དགེ་རྒན་རྣམས་སློབ་མའི་ཟ་ཁང་དུ་སློབ་གྲོགས་རྣམས་ཀྱི་དཀྱིལ་དུ་ཀྲོང་ངེར་ལངས་ནས་ཟ་བཞིན་ཡོད་པ་མཐོང་།དེ་ནི་སློབ་གྲོགས་རྣམས་ཀྱིས་ཟ་མ་འཕྲོ་བརླག་མི་བྱེད་པ་དང་།ཟ་ཁང་གི་གཙང་སྦྲར་རྒྱུན་འཁྱོངས་ཡོང་བའི་དོན་དུ་ཡིན།

སློབ་གྲོགས་རྣམས་ཟ་མ་སོགས་ལེན་པའི་དུས་སུ་སྔོན་ལ་ལག་པ་བཀྲུས་ནས་གྲལ་འགྲིག་པོའི་ངང་བཀའ་དྲིན་སྙིང་བཅངས་ཀྱིས་ཁ་ནས་༼ བཀའ་དྲིན་ཆེའམ་ཁ་དྲོ་ ༽ རེ་ཟེར་ནས་བླངས།

སློབ་གསེང་གི་དུས་ཡུན་ལ་རང་མོས་ཀྱིས་སློབ་སྦྱོང་ལ་འབད་པའི་སློབ་མ་དང་།སློབ་གསེང་གི་དུས་ཡུན་ཡང་སློབ་མ་དང་མཉམ་དུ་གནས་པའི་དགེ་རྒན་ནི་ཇི་འདྲའི་ཡིད་འོང་ཞིག་ཨང་།

བྱིས་སློབ་ཁང་གི་དགེ་རྒན་རྣམ་པས་འཐུས་ཚང་ཞིང་ཁྱད་མཚར་ཆེ་བའི་སྤྱི་བསྒྲགས་སློབ་ཁྲིད་བྱེད་བཞིན་པ་དང་སློབ་གྲྭའི་མགོ་ཁྲིད་རྣམ་པས་འཁྲིད་དཔྱད་བྱེད་པའི་རྣམ་པ།

སློབ་རའི་མཛེས་སྡུག་དང་གཙང་སྦྲ་ནི་ཀུན་པོ་ལ་རག་ལས་ཡོད།

དགེ་རྒན་ནི་ཕ་མ་གཉིས་པ་ཞེས་པ་ཅིའི་མ་བདེན།

ལོ་གཅིག་དུས་གཅིག་གི་དྲུག་གཅིག་སླེབ་ལ་ཉེ་བས་དགེ་རྒན་རྣམས་ཀྱིས་བྱིས་པ་ཚོ་ཉིན་དེར་སྤྲོ་པོ་ཞིག་ཡོང་བར་དམིགས་ནས་སྟ་གོན་འདི་ལྟར་བྱེད་ཀྱིན་འདུག

སློབ་གྲྭ་འདི་ལ་འཁོར་བའི་ཡོད་ཚད་ནས་ཡོད་ཚད་ལ་བཀའ་དྲིན་ཞུ་འོས།སྨྲ་བརྗོད་ཉུང་ཞིང་བློས་གཏོང་བྱེད་མཁན་གྱི་མི་བུ་ལ་དེ་བས་ཀྱང་བཀའ་དྲིན་ཞུ་འོས།

མདོར་ན་གཟའ་འཁོར་འདི་མགོར་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པར་སྒྲིལ་སོང་།རྣམ་པ་ཚོས་ཡག་ས་དེ་རྒྱུན་འཁྱོངས་དང་མི་འདང་ས་དེ་དོར་བར་བྱེད་པ་གལ།

མཐར་དགེ་སློབ་ཀུན་པོའི་སྐུ་ལུས་ལ་ནག་ནོག་གི་དྲི་མས་མ་གོས་ཤིང་དགོངས་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཤོག 🙏💪