མ་སྐུལ་དང་བླངས་ཀྱིས་ཕ་ཡུལ་ལ་ཞབས་ཞུ་སྒྲུབ་བཞིན་པ།

ཡོད་ཚད་ཀུན་གྱི་ཆེད་དུ།ཐམས་ཅད་ཚེ་སྲོག་དོན་དུ།

དྭངས་གཙང་གི་གཞིས་ཁྱིམ་དང་བདེ་སྐྱིད་ཀྱི་འཚོ་བའི་ཆེད།ང་ཚོ་མཉམ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ལ་འབད་འབུངས་བྱེད།

དགའ་འོས་པའི་མཐུན་ཚོགས་ཤིག

ཐོག་མར་སྙིང་ཁུང་རུས་པའི་གཏིང་ནས་ཁྱེད་རྣམ་པ་ཡོངས་ལ་བཀའ་དྲིན་ཞུ།

ཁོར་ཡུག་ལ་གཅེས་སྐྱོང་དང་གཙང་སྦྲ་བྱེད་པ་ནི་ཆོས་འཇིག་རྟེན་གང་ལ་གཞིགས་ན་གལ་ཆེ་བའི་རང་བཞིན་ཅན་ཡིན་ལ།

སངས་རྒྱས་ཀྱིས་མདོ་ལས་ཁོར་ཡུག་གཙང་སྦྲ་བྱི་དོར་བྱས་པའི་ཕན་ཡོན་ལྔ་སྟེ།

༡རྒྱུན་དུ་ཕྱག་དར་དང་གཙང་སྦྲ་ཡག་པོ་བྱས་ན་རང་གི་སེམས་ཁམས་དང་བ།

༢གཞན་སེམས་སྤྲོ་བར་འཇུག་ཐུབ་པ།

༣ལྷ་རྣམས་ཀྱང་དེ་ལ་དགའ་བ།

༤བསོད་ནམས་ཀྱི་ལས་བསགས་པ།

༥ཁ་ལས་རླུང་རྟ་དར་བ་དང་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོ”ཞེས་གསུངས་སོ།།

མ་སྐུལ་དང་བླངས་ཀྱིས་རང་བྱུང་གི་ཁོར་ཡུག་དང་དྭངས་གཙང་གི་ཆུ་བོ་དག་ལ་གཅེས་སྐྱོང་གཙང་སྦྲའི་ལས་འགུལ་སྤེལ་བ་ནི།ད་ལྟ་འཚོ་སྡོད་བྱེད་བཞིན་པའི་མི་དང་གཙོས་སེམས་ཅན་མང་པོ་ཞིག་ལ་ལུས་ཁམས་དང་ཚེ་སྲོག་གསོ་བའི་སླད་དུ་སྨན་བཟང་པོ་ཞིག་ཕུལ་བ་དང་གཉིས་སུ་མེད།མ་འོངས་ཕ་ཁྱིམ་གྱི་བདག་པོའི་བུ་རབས་ཚ་རྒྱུད་དག་ལ་ཡིད་འོང་དྭངས་གཙང་གི་གཞིས་ཁྱིམ་ཞིག་ཀྱང་བསྐྲུན་པ་ལགས་པས།ཅིས་ཀྱང་ཁོར་ཡུག་གཙང་སྦྲ་བྱེད་པའི་ལས་ཀ་འདི་དང་འདིའི་རིགས་ལ་རང་ཉིད་ཀྱང་བླ་ན་མེད་པའི་ཡི་རང་དང་སྤྲོ་བ་ཡོད་པར་མ་ཟད།ལྷག་པར་དུ་མུ་མཐུད་རྒྱུན་འཁྱོངས་བྱེད་པའི་སྤོབས་པ་དང་སྙིང་རུས་མ་ཞུམ་ན་མ་འོངས་ཀྱི་དུས་ལ་རེ་བའི་ཉི་གཞོན་འཆར་བར་ངེས།དེ་བས་མུ་མཐུད་རྒྱུན་འཁྱོངས་བྱེད་རོགས་ཞེས་རེ་བ་ཡང་ཞུས་པ་ཡིན་ནོ།།

ཚེ་སྲོག་གཅེས་སྐྱོང་རང་གི་འོས།།

ཁོར་ཡུག་སྲུང་སྐྱོབ་ཀུན་གྱི་འགན།།

ཕ་ཁྱིམ་ཡུན་དུ་གནས་པའི་ཆེད།།

ཁོར་ཡུག་གཙང་སྦྲ་ལས་ལ་རེམ།།

མགར་རབ་གསལ་དུ་འབོད་པས།

ཕ་ཡུལ་གྱི་ཁོར་སྲུང་དང་བླངས་རུ་ཁག་ལ་སྙིང་ནས་ཕུལ་བ།