མཉམ་དུ་སློབ་སྦྱོང་དང་མཉམ་དུ་ཡར་ཐོན།

洛小藏文组工作动态

སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་སློབ་གསོ་ལ་བརྟེན་དགོས་པ་དང་སློབ་གསོ་འཕེལ་རྒྱས་ནི་དགེ་རྒན་ལ་རགས་ལས་ཡོད་པ་གཞིར་བཟུང་སྟེ་ངེད་བོད་ཡིག་ཚན་ཁག་གིས་སློབ་ཁང་སློབ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་དང་ན་གཞོན་དགེ་རྒན་དག་སློབ་གསོའི་ལས་དོན་ཁྲོད་སྔར་ལས་མགྱོགས་མྱུར་ངང་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད།རང་སློབ་གྲྭའི་དབུ་ཁྲིད་ཀྱི་དགོངས་དོན་དང་རྩ་འཛུགས་ལྟར་ཟླ་༥པའི་ཚེས༡༡་ནས་ཟླ་༥པའི་ཚེས་༡༧་བར་ན་གཞོན་དགེ་རྒན་དག་ལ་དུས་རིམ་དང་པོའི་སློབ་ཁྲིད་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་རེད།

ན་གཞོན་དགེ་རྒན་ཚུལ་གཡང་མཚོ་ཡིས་ལོ་རིམ་གསུམ་པའི་སློབ་ཚན་༼༥ ཟམ་པ་སྐྲུན་མཁན་གྱི་དམ་བཅའ༽ སློབ་ཁྲིད་བྱེད་བཞིན་པ།

ན་གཞོན་དགེ་རྒན་བདྨ་ཆོས་བཟང་གིས་ལོ་རིམ་བཞི་བའི་སློབ་ཚན་༼༨ ནོར ༽ སློབ་ཁྲིད་བྱེད་བཞིན་པ།

ན་གཞོན་དགེ་རྒན་ཐུབ་བསྟན་གཡང་མཚོ་ཡིས་ལོ་རིམ་ལྔ་བའི་སློབ་ཚན་༼༡༡ ཁུག་རྟ ༽སློབ་ཁྲིད་བྱེད་བཞིན་པ།

ན་གཞོན་དགེ་རྒན་མཚོ་སྒྲོན་གྱིས་ལོ་རིམ་བཞི་བའི་སློབ་ཚན་༼༨ ནོར ༽ སློབ་ཁྲིད་བྱེད་བཞིན་པ།

ན་གཞོན་དགེ་རྒན་ངག་དབང་ཆོས་སྒྲོན་གྱིས་ལོ་རིམ་ལྔ་བའི་སློབ་ཚན་༼༡༠ ཟླ་བའི་འོད་དབྱངས༽སློབ་ཁྲིད་བྱེད་བཞིན་པ།

ན་གཞོན་དགེ་རྒན་ཚུལ་ཁྲིམས་མཚོ་ཡིས་ལོ་རིམ་དྲུག་པའི་སློབ་ཚན་༼༡༤མཛུབ་མོ ༽ སློབ་ཁྲིད་བྱེད་བཞིན་པ།

ན་གཞོན་དགེ་རྒན་ཚུལ་སྒྲོན་གྱིས་ལོ་རིམ་བཞི་བའི་སློབ་ཚན་༼༡ མཐུན་པ་སྤུན་བཞི ༽ སློབ་ཁྲིད་བྱེད་བཞིན་པ།

ན་གཞོན་དགེ་རྒན་སྲིད་ཐར་ལྷ་མོས་ལོ་རིམ་དང་པོའི་སློབ་ཚན་༼༡༥ བོང་ཤ་བཙོངས་བ༽ སློབ་ཁྲིད་བྱེད་བཞིན་པ།

ན་གཞོན་དགེ་རྒན་ཐུབ་བསྟན་དབང་མོས་ལོ་རིམ་གསུམ་པའི་སློབ་ཚན་༼༩ དཔྱིད་དཔལ༽སློབ་ཁྲིད་བྱེད་བཞིན་པ།

ན་གཞོན་དགེ་རྒན་བཀྲ་ཤིས་དཔལ་མོས་ལོ་རིམ་གཉིས་པའི་སློབ་ཚན་༼༡༠ བརྩོན་འགྲུས༽སློབ་ཁྲིད་བྱེད་བཞིན་པ།

སློབ་ཁྲིད་དང་ཁྲིད་བཤད་ཀྱི་རྗེས་སུ་དཔྱད་འདེམས་དགེ་རྒན་འཇམ་བསྟན་འཛིན་དང་སྙིང་བྱམས་ཚེ་རིང་། དབྱངས་ཅན་དབང་མོ། ད་དུང་སློབ་ཁྲིད་ལ་ཉན་མཁན་གྱི་དགེ་རྒན་རེ་ཟུང་གིས་ན་ཆུང་དགེ་རྒན་དག་གི་སློབ་ཁྲིད་ཁྲོད་མི་འདང་ས་དང་མཉམ་འཇོག་བྱེད་དགོས་པའི་ཐད་ལ་མཛུབ་སྟོན་དང་དཔྱད་བརྗོད་བྱས་པ་རེད།