ལོ་རིམ་བཞི་བ་དང་ལྔ་བའི་སྙན་ངག་གྱེར་འདོན་འགྲན་བསྡུར། 四、五年级藏文诗朗诵比赛

校园文化传媒

༢༠༢༠ལོའི་ཟླ༥བའི་ཚེས༡༥ཉིན་གྱི་ཕྱི་དྲོ་ངེད་སློབ་གྲྭའི་ལོ་རིམ་བཞི་བ་དང་ལྔ་བས་གཙོ་སྒྲུབ་བྱས་པའི་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་སྤེལ།

སྤྱིར་མི་རིགས་ཞིག་ལ་མཚོན་ན་སྐད་དང་ཡི་གེ་སྲུང་སྐྱོབ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་བྱ་བ་ཞིག་ཡིན་པས། བོད་ཀྱི་རིག་གནས་ལ་ཤ་ཚ་ཞིང་བོད་ཀྱི་མི་རིགས་ལ་བློ་སེམས་དཀར་བའི་ཤེས་ལྡན་མང་བོས་ཀྱང་འདིའི་ཕྱོགས་ལ་འབད་དང་འབུངས་བཞིན་ཡོད། མི་རིགས་ཤིག་གི་འཕེལ་རྒྱས་ནི་རང་ཉིད་ཀྱི་སྐད་དང་ཡི་གེ་ལ་བརྟེན་དགོས་ཤིང་། རང་ཉིད་ཀྱི་སྐད་དང་ཡི་གེ་ལ་བརྟེན་ནས་སྔོན་ཐོན་ལག་རྩལ་བསྡུ་ལེན་བྱས་ན་ད་གཟོད་མི་རིགས་འདི་ཡུན་རིང་ལ་འཚོ་ཞིང་གནས་ཐུབ་པ་ཡིན།

དེ་བས་ང་ཚོས་ཀྱང་སློབ་གྲོགས་ཚོའི་འཇོན་ནུས་དང་སློབ་སྦྱོང་ལ་ཕན་པའི་བྱེད་སྒོ་སྟེ། སྙན་ངག་གྱེར་འདོན་གྱི་བྱ་འགུལ་ཞིག་སྤྲོ་སེམས་འཁོལ་བའི་ངང་སྤེལ་ཐུབ་པ་འདི་ནི་སློབ་གྲྭའི་འགོ་ཁྲིད་རྣམ་པའི་ཐུགས་ཁུར་དང་ལྷག་བསམ་ལྡན་པའི་དགེ་རྒན་ཚོའི་མཐུན་རྐྱེན་ཁོ་ན་ལས་བྱུང་བ་ཤ་སྟག་ཡིན་པ་སློབ་གཙོ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གསལ་བཤད་བྱས། མཐར་འགྲན་ཞུགས་སློབ་བུ་ཡོངས་ཀྱི་རེ་བའི་ཞིང་སར་གཡུར་ཟའི་འབྲས་བུ་སྨིན་པ་དང་། བཀྲ་ཤིས་སྨོན་ཚིག་དང་བཅས་འགྲན་བསྡུར་མཇུག་རྫོགས་པའོ།།

བོད་ཡིག་སྡེ་ཁག་གི་ཁག་གཙོ་རྒན་གསར་བརྗེ་འབུམ་གྱིས་བྱ་འགུལ་ལ་མགོ་འཛིན་བྱས།

བྱ་འགུལ་ལ་མདོ་འཛིན་བྱེད་པ།

བྱ་འགུལ་དངོས།

འགྲན་ཞུགས་པར་བྱ་དགའ་གནང་པ།

སློབ་གཙོ་གཞོན་པ་ཚེ་རིང་བཀྲ་ཤིས་ཀྱིས་བྱ་འགུལ་ལ་སྤྱི་སྡོམ་བྱེད་བཞིན་པ།

བྱ་དགའ་ཐོབ་པས་རྟེན་དུ་མཉམ་པར་བརྒྱབ།

诗朗诵

五年级

藏文

比赛