༄༅།། ནང་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ།

美友80943628

༄༅།། ནང་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོས་༢༠༢༠་ལོའི་མཐར་ཕྱིན་སློབ་མའི་ཆེད་རྩོམ་༼ ཀ་ཁའི་དབྱངས།༽ ཀྱི་དཔེ་དེབ་འགྲེམ་སྤེལ་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ།

囊谦县第一民族中学隆重举行2020届毕业生专著《母语之音》新书发布会

མཐར་ཕྱིན་སློབ་མའི་རྩོམ་དེབ་༼ཀ་ཁའི་དབྱངས།༽ཞེས་པར་སློབ་རའི་ན་གཞོན་རྩོམ་པ་པོ་བདུན་ཅུ་ལྷག་གི་བརྩམས་ཆོས་བརྒྱ་ལ་ཉེ་བ་བཀོད་ཡོད་པ་དང་། རྩོམ་ལུས་སྲོལ་རྒྱུན་སྙན་ངག་དང་། རང་མོས་སྙན་ངག ལྷུག་རྩོམ་སོགས་ཀྱི་ལམ་ནས་བརྗོད་བྱ་་ན་གཞོན་སློབ་བུ་ཁོང་རྣམས་ཀྱི་དགའ་སྐྱོ་འདྲེས་མའི་ཚོར་བ་རྣོན་པོ་དེ་ལྡེམ་ལྡེམ་པིར་གྱི་རྩེ་མོ་ལས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་མིག་མདུན་དུ་གསོན་པོར་བཤམས་ཡོད།

སྤྱི་ཟླ་ལྔ་པའི་ཚེས་བཅུ་གཉིས་རེས་གཟའ་མིག་དམར་ཉིན་སློབ་གྲྭའི་དགེ་བཟོ་བའི་བྱ་འགུལ་ལྟེ་གནས་སུ་རང་སློབ་གྲྭའི་༢༠༢༠་ལོའི་མཐར་ཕྱིན་སློབ་མའི་རྩོམ་དེབ་༼ཀ་ཁའི་དབྱངས།༽ ཞེས་པའི་འགྲེམ་སྤེལ་གྱི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་ཡིན།  ཐེངས་འདིའི་མཛད་སྒོའི་ཐོག་ཏུ་སློབ་གྲྭའི་སློབ་གཙོ་རྣམ་པ་དང་ཁྱིམ་བདག་གི་འཐུས་ཚབ་ཨུ་ཡོན་བསོད་ནམས་ཚེ་རྒྱལ།  སློབ་གྲྭའི་བོད་སྐད་ཡིག་གི་དགེ་རྒན་ཡོངས་དང་ལོ་རིམ་སོ་སོའི་རྒྱ་སྐད་ཡིག་དང་དབྱིན་ཡིག་སློབ་དཔྱོད་ཁང་གི་མགོ་ཁྲིད་དགེ་རྒན་དང་སློབ་རའི་ན་གཞོན་རྩོམ་པ་པོ་སློབ་མ་བདུན་ཅུ་ལྷག་མཉམ་ཞུགས་གནང་བ་རེད།

ཐེངས་འདིའི་མཛད་སྒོ་ལ་རང་སློབ་གྲྭའི་རྒན་བཀྲ་ཤིས་རྡོ་རྗེ་ཡིས་མདོ་འཛིན་གཙོ་སྐྱོང་བྱེད་བཞིན་པ།

ཐེངས་འདིའི་མཐར་ཕྱིན་སློབ་མའི་རྩོམ་དེབ་༼ཀ་ཁའི་དབྱངས།༽ ཀྱི་རྩོམ་སྒྲིག་པ་རྒན་པ་སངས་གཡང་མཚོ་ལགས་ཀྱིས་དེབ་འདིའི་རྩོམ་སྒྲིག་གི་གོ་རིམ་ཁྲོད་ནས་བྱུང་བའི་ལེགས་ཉེས་ཀྱི་ཆ་དང་། སློབ་མའི་རྩོམ་དེབ་༼ཀ་ཁའི་དབྱངས།༽ ཞེས་པའི་དེབ་འདིའི་ཕྱི་ནང་གི་ཇུས་འགོད་དང་སྒྲོམ་གཞི།  མ་འོངས་སློབ་རའི་རྩོམ་དེབ་ཀྱི་ཁ་ཕྱོགས་ཐད་ཀྱི་བླང་བྱ་དང་དགེ་སློབ་ཀུན་ལ་བཞག་པའི་རེ་བ་སོགས་གལ་ཆེའི་གསུང་བཤད་གནང་བཞིན་པ།

སློབ་རའི་ན་གཞོན་རྩོམ་པ་པོ་ལོ་རིམ་དགུ་པའི་འཛིན་གྲྭ་དྲུག་པའི་སློབ་མ་འཕྲིན་ལས་དབང་རྒྱལ་གྱིས་རང་གི་བརྩམས་ཆོས་༼ཟླ་བ་ལྷ་མོ།༽ ཞེས་པ་གྱེར་འདོན་བྱེད་བཞིན་པ།

སློབ་རའི་ན་གཞོན་རྩོམ་པ་པོ་ལོ་རིམ་དགུ་པའི་འཛིན་གྲྭ་བཅུ་གཉིས་པའི་ཀུན་བཟང་དཔལ་མོ་ཡིས་རང་གི་བརྩམས་ཆོས་༼ཕ་སྐད།༽ཅེས་པ་དེ་གྱེར་འདོན་བྱེད་བཞིན་པ།

སློབ་རའི་ན་གཞོན་རྩོམ་པ་པོ་ལོ་རིམ་དགུ་པའི་འཛིན་གྲྭ་གསུམ་པའི་སློབ་མ་སྤེན་པ་ཡིས་ཐེངས་འདིའི་བརྩམས་དེབ་འགྲེམ་སྤེལ་དང་བསྟུན་ནས་རང་ཉིད་ཀྱི་བརྩེ་བའི་དགེ་རྒན་དང་མ་ཡུམ་སློབ་གྲྭར་རེ་སྨོན་དང་ཁ་གཡང་བརྗོད་བཞིན་པ།

ཐེངས་འདིའི་མཛད་སྒོ་ཡི་མཛད་རིམ་གསུམ་པར་རང་སློབ་གྲྭའི་སློབ་གཙོ་རྣམས་ཀྱིས་སློབ་རའི་ན་གཞོན་རྩོམ་པ་པོ་བདུན་ཅུ་ལྷག་ལ་རྩོམ་དེབ་ཀྱི་ལེགས་སྐྱེས་གནང་བ་དང་དྲི་མེད་ཁ་བཏགས་དཀར་པོས་བཀྲ་ཤིས་རྟེན་འབྲེལ་ཞུས་པ།

མཇུག་མཐར་སློབ་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཐེངས་འདི་རྩོམ་དེབ་འགྲེམ་སྤེལ་གྱི་མཛད་སྒོ་ལ་བཀྲ་ཤིས་སྨོན་ཚིག་གནང་བ་མ་ཟད་དེར་ལྷན་དུ་འཛོམས་པའི་དགེ་སློབ་ཡོངས་ལ་མུ་མཐུད་ནས་རྩོམ་རིག་དང་དཔེ་ཀློག་གི་ལས་ཀར་ང་ཚོས་རྒྱུན་འཁྱོངས་དང་ནན་ཏན་དགོས་པའི་རེ་བ་དང་སློབ་སྟོན་བཟང་པོ་གནང་ནས་ཐེངས་འདིའི་སློབ་མའི་རྩོམ་དེབ་འགྲེམ་སྤེལ་གྱི་མཛད་སྒོ་མཇུག་སྡུད་པའོ།

囊谦县

母语

隆重举行

之音

新书

毕业生

专著

发布会

中学

民族