གྲོགས་བརྒྱབ་ནས་རྗེས་དྲན་ཞུ་བཏང་།

阿布霍个人信息平台

࿐ཨ་ཕོ་ཧོར།

འཛུམ་འདང་དང་གུས་ཚིག་མི་དགོས་ཤིང་

ཕྱི་ཚུལ་གྱི་དྲན་པ་ནག་ནོག་ཞིག

མཐོ་ནམ་མཁའི་དབྱངས་དམའ་ས་གཞིའི་དཀྱིལ།

དྲན་པ་བཟི་བའི་ལོ་ཟླའི་ཁུགས་སྐྱ་སྟེ།

གྲོགས་བརྒྱབ་ནས་གཅེར་བུ་འབུད་ཀྱིན་པའི་

པར་མིག་གི་འཇིག་རྟེན། གནས་འདིར།

ཁྱོད་ཀྱི་ཨ་མའི་སྐྱེས་གཟུགས་དང་ལང་ཚོ་

ལོ་གྲངས་དང་ནམ་ཚ་ག་ཚོད་ཡིན་པ་ར་འཕྲོད་ཐུབ།

དོ་ནུབ་ཆོ་ག་ག་ཤེད་བདག་མེད་དུ་འཛིན་བཞིན།

ཨ་མའི་པར་མིག་གི་ཁམས་རིས་ཆོ་ག་གསར་བ་བཙལ་ཆོག

དེ་ནི་གཟའ་འཐོར་འགོག་པའི་ལྕགས་རི་ཡིན་ནམ།

གཟའ་འཐོར་འགྲོ་བྱེད་ལྕགས་ཀྱུ་ཡིན་ནམ།

གང་ལྟར་མི་མཐུད་དྲ་ལམ་ནས་རྗེས་དྲན་ཞུས།

བསྟོད་བསྔགས་ཕུལ།

ཁྱེད་ཀྱི་ཨ་མ་ཆོ་ག་དུ་ཡི་ན་ཚོད་ཡིན་པར་རྟོགས་ངེས།

2020ལོའི་ཟླ་5ཚེས10།