འཆི་རྒྱུ་ཡིན་པ་ཤེས་དགོས། དམ་པའི་ལྷ་ཆོས་དྲན་དགོས།

ད་ལྟ་རྒས་གཞོན་ཕོ་མོ་གང་ཡིན་ཡང་འཚོ་བས་ཁྲོད་ནས་ཟ་རྒྱུ་དང་འཐུང་རྒྱུ་སོགས་ལ་དཀའ་ངལ་གང་ཡང་མེད་པས་མི་ཚེ་ཡིན་རུང་ཞིག་ཏུ་བརྟན་རྒྱུ་ཡིན་བསམ་པ་སྐྱོང་ནས་ནམ་རྒྱུན་རྣ་བས་གོ་མི་འདོད་ཅིང་ཡིད་ལ་མི་འཁོར་བ་ནི་འཆི་བ་མི་རྟག་པ་ཞེས་པ་འདི་རེད། ཡིན་ཡང་འགའ་རེར་ཞིག་གིས་འཆི་བ་ཡིད་ལ་འཆར་ཀྱང་རྒྱང་ཐག་རིང་པོ་ཞིག་ཏུ་གནས་བར་འདོད་འདུག

གང་ལྟར་རྣ་བས་གོ་མི་འདོད་ནའང་ཆོག་ཡིད་ལ་མ་འཆར་རུང་ཚེ་ཐག་རིང་པོ་ཡོད་ཀྱང་འདྲ། གཙོ་བོ་ནི་འཆི་བའི་གནས་ནས་ཐར་ཐབས་ཤིག་གཏན་ནས་མེད་འཇིག་རྟེན་གཏམ་དཔེ་ལ་༼གསོན་ད་གོང་གད་ཁའི་ངལ་གསོ་ཚེ་ཕྱི་མ་འདུག་གི་ཕ་ཡུལ༽ཞེས་པའི་ང་ཚོ་ནི་འཇིག་རྟེན་ཁམས་ལ་མགྲོན་པོ་ཞིག་ཡིན་པ་དེ་ཡིད་ལ་འཛིན་རོགས་མི་ཚེ་འདི་སྐྱེ་བ་ཡོད་པ་ནས་བཟུང་འཆི་བ་ཡོད་པ་ནི་འཇིག་རྟེན་ཆོས་ཉིད་ཅིག་ཡིན་པས་དུས་གཏན་དུ་དྲན་འོས་པ་དང་དྲན་དགོས་ནི་ནམ་འཆི་ཆ་མེད་ཡིན་བསམ་ནས་འཆི་བའི་ཚེ་ཆོས་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་བསམ་པའི་འདུ་ཤེས་ཟབ་མོ་ཞིག་སྐྱོང་ནས་སེམས་ཅན་ཐམས་ཅད་ལ་བདེ་བའི་ལམ་ཞིག་ཐོན་ན་བསམ་པའི་བློ་སྐྱེས་དགོས།

མི་ཚེ་ནི་རིམ་བཞིན་གྱིས་མར་མེར་ཟད་པ་ལྟར་ཉིན་རེ་ནས་ཉིན་རེར་བཞིན་འཆི་བས་ལམ་ཁ་ལ་ཐམས་ཅད་གཅིག་རྗེས་གཉིས་མཐུད་བྱེད་ནས་འགྲོ་བཞིན་པ་དང་འགྲོ་དགོས་པས་ཁྱེད་ཅག་ཡང་དུས་རྟག་ཏུ་འཆི་རྒྱུ་ཡིན་པ་སེམས་ལ་དྲན་ནས་འཆི་བས་ཉིན་ལ་ཡང་ཆོས་ཤིག་མ་གཏོགས་རྒྱུ་ཆེན་ཞིག་གིས་རྒྱུ་ནོར་ཁུར་ས་མེད་ལ་དབང་ཆེན་ཞིག་གིས་དབང་ཤུགས་ངོམ་ས་མེད་པས་འཆི་བའི་སྐབས་ལ་ཆོས་ལ་རག་ལས་ལས་སོ།