࿐ཚེ་བརྟན་བསམ་འགྲུབ的美篇

泽登桑🐷

སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་ནི་སློབ་གྲྭ་ཞིག་གི་སྲོག་རྩ་ཡིན།   མ་ཟད་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་བཏང་བ་ནི་སློབ་གྲྭའི་བྱ་བའི་ནང་གི་འགངས་ཆེན་དུ་འཛིན་དགོས།

སྤྱི་ལོ༢༠༢༠ལོའི་ཟླ༥བའི་ཚེས༢ཉིན། སློབ་གསོའི་སློབ་ཁྲིད་ཀྱི་བྱ་བ་ལེགས་སྒྲུབ་ཡོང་བ་དང་།  སློམ་མའི་སློབ་སྦྱོང་གི་སྤུས་ཚད་ཇེ་མཐོ་རུ་གཏོང་བའི་ཆེད་དུ་སེར་ཤུལ་རྫོང་འབའ་ག་ཤང་ལྟེ་བའི་སློབ་གྲྭའི་སེར་ཤུལ་རྫོང་སློབ་གསོ་ཅུས་བཀོད་སྒྲིག་ལྟར། དབྱར་རྩྭ་དགུན་འབུ་སྐབས་སློབ་མ་རྣམས་ལ་དགོངས་པ་མེད་པའི་སྐོར་དང་། ཤེས་རིག་གི་གོ་རྟོགས་ལ་གོམས་སུ་བཅུག་དགོས་པའི་གནད་དང་།

གནས་སྐབས་ཀྱི་ལས་ཚེགས་དང་མ་འོང་པའི་བདེ་སྐྱིད་གཉིས་མ་བརྗེ་སོགས་ཟེར་ནས་ཐབས་ཤེས་གང་བཟང་ལ་བརྟེན་ནས་སློབ་གསོ་གཏོང་ཟིན།

ད་རུང་༼ རིག་པ་ནང་པ་འཆི་ཡང་བསླབ།། ཚེ་འདིར་མཁས་པ་མ་གྱུར་ཡང་།། སྐྱེ་བ་ཕྱི་མ་བཅོལ་བ་ཡིན།། ནོར་ལ་རང་ཉིད་ལེན་པ་འདྲ།།༽ ཞེས་པའི་ལུང་འདི་ཡང་དྲངས། མདོར་ན་རིག་གནས་ནི་འཇིག་རྟེན་གྱི་མིག་ཡིན་ཚུལ་ལབ་ནས་ཚོགས་འདུ་སྤེལ་ཟིན།

མཇུག་མཐར། ངེད་སློབ་གྲྭའི་སློབ་མ་ཡོངས་དང་ཁྱིམ་བདག་ཡོངས་ཀྱིས་ད་ཐེངས་ཀྱི་དབྱར་རྩྭ་རྐོ་དུས་ལ་སློབ་མ་གཅིག་ཀྱང་རྐོ་རུ་མི་འགྲོ་བའི་དམ་བཅའ་དང་ཁས་ལེན་པའོ།