༄༅༎གུས་པར་འོས་པའི་ཁྱིམ་བདག་རྣམ་པ་དང་སྙིང་ཉེ་བའི་སློབ་གྲོགས་ཚོ།

རྒྱལ་ཡོངས་མི་དམངས་ཀྱི་རྡོག་རྩ་གཅིག་སྒྲིལ་དང་དཔུང་རྡང་མཉམ་གཤིབ་བྱས་པའི་འབད་བརྩོན་གྱི་འབྲས་བུ་ད་ལྟ་ཡོངས་སུ་མངོན་པར་གྱུར་ཏེ་ནད་ཡམས་སྔོན་འགོག་གི་གནས་ཚུལ་ཅུང་ལེགས་པར་སོང་རྐྱེན།རང་རེའི་སློབ་གྲྭས་ཀྱང་རྫོང་ཚན་རྩལ་སློབ་གསོ་ཅུའུ་ཡི་གཅིག་གྱུར་གྱི་བཀོད་སྒྲིག་འོག་༢༠༢༠ལོའི་ཟླ་༥བའི་ཚེས་༤ཉིན་ལ་ལོ་རིམ་བཞི་བ་དང་ལོ་རིམ་ལྔ་བ།ལོ་རིམ་དྲུག་པ་སོགས་ཀྱི་མིང་ཐོ་དགོད་རྒྱུ་ཡིན་ལ།༢༠༢༠ལོའི་ཟླ་༥བའི་ཚེས་༦ཉིན་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པ།ལོ་རིམ་གསུམ་པ་སོགས་ཀྱི་མིང་ཐོ་དགོད་རྒྱུ་ཡིན་པས་ཁྱེད་ཁྱིམ་བདག་གིས་སློབ་མའི་སློབ་སྦྱོང་གི་ཡོ་བྱད་གྲ་སྒྲིག་འཐུས་ཚང་ཡོང་བ་བྱེད་རྒྱུ་དང་།སྐྲ་དང་སེན་མོ།གྱོན་ཆས་སོགས་གྲ་དག་ཡོང་བ་བྱེད་དགོས།གཞན་ཡང་ཁྱེད་རང་གཙོས་ཁྱེད་ཁྱིམ་མི་ཡོངས་ཀྱིས་ཀྱང་མུ་མཐུད་དུ་ནད་ཡམས་སྔོན་འགོག་གི་ཐད་ལ་དོགས་ཟོན་མི་ལྷོད་པར་ལག་པ་བཀྲུ་བ་དང་ཁ་ཐུམ་རྒྱག་པ།མི་ཚོགས་མི་བསྡུ་བ་སོགས་འབྲེལ་ཡོད་སྡེ་ཁག་དང་ཆེད་མཁས་མི་སྣའི་དགོངས་འཆར་དང་དུ་ལེན་པར་ཞུ།

གཞན་ཡང་འདིར་ཁྱེད་ཁྱིམ་བདག་དང་སློབ་གྲོགས་ཚོར་སློབ་འགོ་ཚུགས་པའི་བྱ་བ་དང་འབྲེལ་བའི་གལ་ཆེའི་གསལ་འདེབས་ཁག་ཅིག་ཞུ་རྒྱུ་ཡོད་པ་ནི་གཤམ་ལྟར།

གཅིག རང་རེའི་སློབ་གྲྭས་གོང་རིམ་གྱི་བཀོད་སྒྲིག་ལྟར་ལོ་རིམ་སོ་སོ་དང་དེ་དག་གིས་མིང་ཐོ་འགོད་པའི་དུས་ཚོད་ཀྱང་སོ་སོར་བགོས་ཡོད་པས། ངེས་པར་དུ་སློབ་གྲྭའི་བཀོད་སྒྲིག་ལྟར་མིང་ཐོ་འགོད་དགོས་པ་ལས་གང་འདོད་དུ་སློབ་གྲྭར་ཡོང་མི་ཆོག དམིགས་བསལ་གྱི་བྱ་བ་ཡོད་ཚེ་འཛིན་གྲྭའི་བདག་གཉེར་བར་གནང་བ་ཞུ་དགོས།

གཉིས། སློབ་གྲྭར་ཡོང་དུས་ངེས་པར་ཏུ་ཁ་ཐུམ་རྒྱག་དགོས་པ་དང་ལུས་ཀྱི་ཚ་གྲང་འཇལ་དགོས།གལ་ཏེ་ཚ་རྒྱག་པ་དང་གློ་ལུ་རྒྱག་པ་སོགས་དང་སྨན་པའི་རྟག་དཔྱད་ཀྱི་དུས་ཚོད་མ་ལོངས་པ་སོགས་ཀྱི་སྣང་ཚུལ་ཡོད་ཚེ་སློབ་གྲྭར་ཡོང་མི་ཆོག མིང་ཐོ་འགོད་སྐབས་སློབ་གྲྭའི་སྒོ་ཆེན་ནས་མི་རེའི་བར་ཐག་ལ་སྨི་གཅིག་རེ་བཞག་ནས་འཚང་ཀ་རྒྱག་མི་ཆོག ཁྱིམ་བདག་སློབ་གྲྭའི་ར་སྐོར་ཏུ་མི་ཡོང་བ་དང་སློབ་གྲྭའི་རྒྱ་སྒོ་ནས་འདུ་འཛོམས་བྱ་མི་ཆོག སློབ་གྲྭའི་སྒོ་ཆེན་གྱི་ཉེན་ཟོན་ཐིག་གི་ནང་དུ་ལུས་པོའི་ཚ་གྲང་འཇལ་ཆས་ཡོད་ཅིང་དེ་རུ་དགེ་སློབ་ཡོངས་ཀྱི་ཚ་གྲང་འཇལ་བཞིན་ཡོད་པས་སུ་ཡང་ཉེན་ཟོན་ཐིག་བརྒལ་ནས་ཡོང་མི་ཆོག ཚ་གྲང་རྒྱུན་ལྡན་ཡིན་ཚེ་མིང་ཐོ་འགོད་ཆོག་ལ་དེ་ལས་ལྡོག་ཚེ་ཁྱིམ་བདག་གིས་སློབ་མ་ཁྲིད་ནས་རྟག་དཔྱད་དང་གནས་ཚུལ་དུས་ལྟར་གོང་རིམ་གྱི་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།

གསུམ། ཕྱིར་སློབ་གྲྭར་ཡོང་དུས་རབ་ཡིན་ན་སྤྱི་བའི་འགྲུམ་འགྲུལ་ཡོ་བྱད་དུ་མི་འདུག་པ་དང་རེ་བ་ཡིན་ན་སྒེར་གྱི་རླངས་འཁོར་དང་ཞོན་པ་སོགས་ཀྱིས་བསྐྱལ་ནས་ཡོང་དགོས།གལ་ཏེ་ངེས་པར་ཏུ་འདུག་དགོས་བྱུང་ཚེ་ཁ་ཐུམ་རྒྱག་པ་དང་མགྲོན་པོ་གཞན་དང་བར་ཐག་འཇོག་དགོས་པ་དང་ལག་པས་གང་སར་རེག་མི་ཉན།

བཞི། སློབ་གྲྭའི་ནང་དུ་ཁ་པར་དང་དུ་ཆང་།མཚོན་ཆའི་རིགས་ཁྱེར་ཡོང་མི་ཆོག་ལ་གསེར་དངུལ་གྱི་རྒྱན་ཆ་འདོགས་པ་དང་ཆ་ལུགས་ཡ་མ་བརླ།སྐྲ་མདོག་སྣ་ཚོགས་སུ་བསྒྱུར་ཏེ་སློབ་མའི་ཚུགས་ཀ་དང་མི་འཚམས་པ་བྱས་ཏེ་ཡོང་མི་ཆོག མིང་ཐོ་འགོད་སྐབས་ངེད་ཅག་གིས་སློབ་མའི་ཅ་ལག་དང་མི་སྒེར་གྱི་གཙང་སྦྲ་སོགས་ལ་ཞིབ་བཤེར་ནན་མོ་བྱེད་རྒྱུ་ཡིན་པས་གལ་ཏེ་སློབ་གྲྭའི་གཅིག་གྱུར་གྱི་གཏན་འབེབས་དང་འགལ་བའི་སྣང་ཚུལ་ཡོད་ན་ཁྱིམ་བདག་གིས་ཕྱིར་ཁྲིད་ནས་སོང་ཏེ་སློབ་གསོ་དང་ཁ་ཏ་ནན་ཏན་བྱེད་དགོས།

ལྔ། མི་ཚོགས་མི་འདུ་བའི་ཆེད་དུ་མིང་ཐོ་འགོད་པའི་དུས་ཚོད་ནི་གཤམ་གསལ་ལྟར་བཀོད་སྒྲིག་བྱས་ཡོད་པ་སྟེ།

(མཐོ་རིམ་འཛིན་གྲྭ།)

ཟླ་5བའི་ཚེས་4ཉིན།>སྔ་དྲོ།>ཆུ་ཚོད་8ནས་ཆུ་ཚོད་10>ལོ་རིམ་བཞི་བ།

ཟླ་5བའི་ཚེས་4ཉིན།>ཉིན་གུང་།>ཆུ་ཚོད་11ནས་ཆུ་ཚོད་1>ལོ་རིམ་ལྔ་བ།

ཟླ་5བའི་ཚེས་4ཉིན།>ཕྱི་དྲོ།>ཆུ་ཚོད་2ནས་ཆུ་ཚོད་4>ལོ་རིམ་དྲུག་པ།

(དམའ་རིམ་འཛིན་གྲྭ།)

ཟླ་5བའི་ཚེས་6ཉིན།>སྔ་དྲོ།>ཆུ་ཚོད་8ནས་ཆུ་ཚོད་10>ལོ་རིམ་དང་པོ།

ཟླ་5བའི་ཚེས་6ཉིན།>ཉིན་གུང་།>ཆུ་ཚོད་11ནས་ཆུ་ཚོད་1>ལོ་རིམ་གཉིས་པ།

ཟླ་5བའི་ཚེས་6ཉིན།>ཕྱི་དྲོ།>ཆུ་ཚོད་2ནས་ཆུ་ཚོད་4>ལོ་རིམ་གསུམ་པ།

དྲུག མིང་ཐོ་འགོད་དུ་ཡོང་སྐབས་ཁྱིམ་བདག་དང་སློབ་མའི་ཐོབ་ཐང་དཔང་ཡིག་དང་ཁྱིམ་ཐོ་ཁྱེར་ཡོང་དགོས་ལ་རྫོང་ཁུལ་གཞན་དང་ཞིང་ཆེན་གཞན་པའི་སློབ་མ་ཡིན་ན་འབྲེལ་ཡོད་སྡེ་ཁག་གི་བདེ་ཐང་དཔང་ཡིག་ཁྱེར་ནས་ཡོང་དགོས།

尊敬的各位家长,亲爱的同学们

་大家好!

经历了严冬漫长的等待,我们终于等来了春花烂漫,看到了新冠战“疫”的胜利曙光,盼来了开学复课的通知。根据玛曲县教科局《关于做好劝返复学学生开学复课工作的函》(玛控辍领办函[2020]14号)文件精神,玛曲县木西合乡寄宿制学校已决定5月4号开始复学。为了让孩子们有一个安全的学习环境,全力阻断疫情进入校园,确保师生的健康与安全,我校已做好了充分的准备。同时也需要家长与学生的配合,现将开学有关事宜通知如下,请各位家长及学生知晓。

1.学校将分年级、分时段错时开学,学生要严格按照学校通知的具体时间段到校,不得提前或滞后。因特殊原因不能到校需请假说明。

2.学生入校时必须佩戴口罩,进行体温检测,否则禁止入校。严禁有发热、咳嗽症状者及未解除医学观察人员入校。入校时在学校大门口严格按照警戒线前后保持1米距离,不得拥挤;家长不能进入校园,不得在校门口聚集。考虑到学校门口空间有限,社会车辆较多,人员复杂,为保证师生安全,请家长们把车辆不要开进学校路口,避免堵塞。学校在大门警戒线内设立热成像设备体温检测专区,对返校师生逐人在指定区域进行体温检测,任何人不得翻越警戒线。学生体温检测正常后,进行登记;不符合入校条件者,由家长带学生及时就诊并主动隔离、及时上报。

3.返校时原则上不要乘坐公共交通工具,建议骑行、步行或乘坐私家车上学。如必须乘坐公共交通工具时,须全程佩戴医用口罩,与周围乘客保持一定距离,途中尽量避免用手触摸车上物品。

4.学校禁止学生带手机、烟酒、管制刀具等违禁物品入校,严禁奇装异服、穿金戴银、浓妆艳抹、染发怪发等不合学生身份的行为入校园。严格检查学生行李和仪容仪表,一经发现违禁物品或违规行为,当即由家长领回反省教育整改。

5.学名报到时间

高年级

5月4日(周一)上午 8:00–10:00 四年级

5月4日(周一)中午 11:00–1:00 五年级

5月4日(周一)下午2:00–4:00 六年级

低年级

5月6日(周三)上午 8:00–10:00 一年级

5月6日(周三)中午 11:00–1:00 二年级

5月6日(周三)下午2:00–4:00 三年级

6.报名要求

各位同学持自己家长的户口本、身份证、假期作业到本班学生报到处报到。报到后,听从老师安排,打扫好本班室内外卫生。