喜迎4•30全国藏文书法日

美友12049206

སློབ་གླིང་གསར་འགྱུར། བོད་ཡིག་སྡེ་ཁག

༢༠༢༠ལོའི་ཟླ་༤ཚེས༣༠ཉིན་གྱི་སྔ་དྲོར་ཡུས་ཧྲུའུ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད། སློབ་གྲྭའི་རྩ་འཛུགས་ཀྱི་རྒྱབ་སྐྱོར་དང་ཐུགས་ཁུར་འོག་བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གིས་གཙོ་གཉེར་བྱས་ཏེ། སློབ་གྲྭ་ཡོངས་ལ་ཁ་ཕྱོགས་ཏེ་རང་མོས་ཀྱིས་བོད་ཀྱི་ཡིག་གཟུགས་ལ་མོས་པའི་སློབ་ཕྲུག་བརྒྱ་ལས་བརྒལ་བ་ཞིག་སློབ་གྲྭའི་ཤེས་རིག་ཐང་ཆེན་དུ་འཛོམས་ནས་ཡིག་གཟུགས་རིག་གནས་ཀྱི་འགྲན་ཚོགས་ཟབ་རྒྱས་ཀྱི་ངང་ནས་སྤེལ། ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་མི་རིགས་རིག་གནས་འཕེལ་རྒྱས་ཀྱི་སྒོ་འཕར་ཡངས་པོར་འབྱེད་པར་ཕན་པ་རྒྱ་ཆེར་བསྐྲུན་ཡོད་ལ།  སློབ་བུ་རྣམས་ཀྱིས་ཡིག་གཟུགས་འབྲི་སྦྱོང་གི་འཕེལ་རྒྱས་ལ་ཚད་འཇལ་དང་། དེ་ཉིད་ཀྱི་སྤྲོ་བར་སྐྱེད་སྲིང་བྱས་པས་ནུས་པ་གལ་ཆེན་ཐོན་ཡོད། དེ་བཞིན་བོད་ཀྱི་ཡིག་གཟུགས་རིག་གནས་འདི་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་སླད་དུ་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བསུ་བ་དང་སྦྲགས། སྣ་མང་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་རྒྱ་ཆེན་ཞིག་ཀྱང་རང་རེའི་སློབ་གླིང་གི་ཐོག་བརྩེགས་ལྔ་བའི་སྟེང་དུ་སྤེལ་བར་དགེ་སློབ་ཡོངས་ཀྱིས་དགའ་བསུ་དང་གདེངས་འཇོག་ཆེན་པོ་ཐོབ་ཡོད་དོ། །

ལོ་རེའི་སྤྱི་ཟླ་༤པའི་ཚེས་༣༠ཉིན་ཡིག་གཟུགས་དུས་ཆེན་དུ་གཏན་ཁེལ་བྱེད་དགོས་པའི་རྒྱུ་མཚན་ནི།

བོད་ཀྱི་ཡི་གེར་དབྱངས་༤དང་གསལ་བྱེད་༣༠ཡོད་པས་སོ། །

༄༅། །བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཚོགས་རྟགས་འགྲེལ་བཤད་རྟགས་བརྒྱད་རིས་ཀྱི་བརྡ་དོན།

ཚོགས་རྟགས་འདི་༢༠༡༧ལོའི་ཟླ་༤པའི་ཚེས་༡༦ཉིན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཐོག་མདོ་དབུས་ཁམས་གསུམ་གྱི་ཆོས་ལུགས་རིས་མེད།སྐྱ་སེར་གཉིས་མེད་ཀྱི་ཡིག་མཁན་དང་དགེ་སློབ་བརྒྱ་དང་སུམ་ཅུ་ལྷག་གིས་དམངས་གཙོའི་ལམ་ནས་དུས་ཆེན་གྱི་མིང་དང་ཟླ་ཚེས་ལ་འོས་ཤོག་འཕངས་པ་ལས༼བོད་ཀྱི་ཡིག་གཟུགས་དུས་ཆེན་༽ཞེས་པའི་མིང་འདོགས་དང་།སྤྱི་ཟླ་༤པའི་ཚེས་༣༠ཉིན་དུས་ཆེན་གྱི་ཉིན་མོར་གཏན་འཁེལ་བྱུང་རྗེས།ངེད་བོད་ཀྱི་ཡིག་གཟུགས་དུས་ཆེན་རྩོམ་སྒྲིག་ཚན་ཆུང་གིས་ཕུལ་དུ་བྱུང་བའི་ཡིག་རིས་འཆར་བཀོད་པ་ཀླུ་རྒྱལ་དོན་གྲུབ་ལགས་ལ་མངགས་བཅོལ་བྱས་པ་བཞིན།ཁོང་གིས་ཚོགས་རྟགས་འདི་ཆེད་དུ་བཟོས་པ་ཡིན་ལ། བོད་ཀྱི་ཡིག་གཟུགས་དུས་ཆེན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟེ་མཁས་དབང་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཀྱིས་༼བོད་ཀྱི་ཡིག་གཟུགས་དུས་ཆེན་༽ཞེས་པའི་དཔེ་ཚུགས་ཡི་གེ་ཕྱག་བསྟར་མའི་བཀའ་དྲིན་བསྐྱངས་པ་ཡིན། ཚོགས་རྟགས་ནི་མཚོན་དོན་བཀྲ་ཤིས་གྲངས་ལྡན་གྱིས་མཚོན་པ་ཡིན་པས་དེ་དག་རེ་རེ་ནི།

1.ཕྱིའི་མུ་ཁྱུད་དཀར་པོས་བོད་ཀྱི་སྣོད་ཀྱི་འཇིག་རྟེན་གངས་རི་ར་བས་བསྐོར་བ་མཚོན།

2.ནང་གི་རྒྱབ་ལྗོངས་མཐིང་སྔོན་གྱིས་བོད་ཀྱི་བཅུད་ཀྱི་སེམས་ཅན་རྣམས་འཚེ་མེད་ཞི་བདེ་ལ་དགའ་བ་མཚོན།

3.སྨྱུག་བུམ་ཤོག་གསུམ་གྱིས་བོད་ཀྱི་ཡིག་མཁན་རྣམས་ཀྱི་གཅེས་ནོར་ཆེན་པོ་གསུམ་མཚོན།

4.བུམ་གཟུགས་སེར་པོས་བོད་ཀྱི་འོད་སྟོང་འབར་བའི་སྲོལ་རྒྱུན་ལྷ་ཆོས་རིག་གནས་དང་དབུས་གཙང་ཆོས་ཀྱི་ཆོལ་ཁ་མཚོན།

5.ཤོག་བུ་དཀར་པོས་བོད་ཀྱི་མི་ཆོས་རིག་གནས་དང་མདོ་སྟོད་མིའི་ཆོལ་ཁ་མཚོན།

6.སྨྱུ་གུ་ལི་ཁྲིས་བོད་ཀྱི་དེང་རབས་རིག་གཞུང་དང་མདོ་སྨད་རྟ་ཡི་ཆོ་ཁ་མཚོན།

7.དེ་གསུམ་རྟེན་འབྱུང་ལྷན་དུ་འདུས་པའི་ཡི་གེ་༼བོད་༽ཅེས་པས་བོད་ཀྱི་མི་རིགས་ཀྱི་ངོ་བོ་དང་མཐུན་ལམ། སྙིང་སྟོབས་བཅས་མཚོན།

8.ཟླུམ་རིས་རིམ་པ་གཉིས་ལྷན་དུ་སྦྱར་བས་ནི་གནས་དེང་ཟུང་དུ་འབྲེལ་བའི་བོད་མིའི་རིག་གཞུང་གི་མ་འོངས་མདུན་ལམ་བཅས་མཚོན་ཡོད་པ་ཡིན་ནོ།

དགེ་སློབ་དག་གིས་འཛུམ་མདངས་དང་སྤྲོ་སྣང་གི་སྒོ་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བཞིན་པ།

སློབ་ཕྲུག་རྣམས་པས་དབུ་ཅན་དང་ཚུགས་རིང་། འབྲུ་ཚའི་ཡིག་གཟུགས་འབྲི་བཞིན་པའི་རྣམ་པ།

བོད་ཡིག་སྡེ་ཁག་གི་རྒྱུགས་རྟོགས་པའི་དགེ་རྒན་རྣམས་པས་རྒྱུགས་རྭའི་དོ་དམ་ལ་ལྟ་སྐོར་བྱེད་བཞིན་པ།

དཔྱད་འདེམས་པའི་དགེ་རྒན་རྣམས་པས་སློབ་མའི་བྲིས་ཀྱི་རྩོམ་ཆོས་ལ་འདྲ་མཉམ་དྲང་བཞག་གི་ལམ་ནས་གཟིགས་ཞིབ་བྱེད་བཞིན་པའི་རྣམ་པ།

ཁམས་ཀྱི་བྲིས་པ་གྲགས་ཅན་རྒན་བཞད་པ་བསྟན་པ་རྒྱ་མཚོ་དང་རྒན་བསོད་ནམས་དབང་རྒྱལ་རྣམ་གཉིས་ཀྱིས་དེ་རིང་བཀྲ་ཤིས་དུས་སྟོན་འདི་དང་བསྟུན་ནས་མི་རིགས་རང་གི་བྲིས་ཀྱི་ལོ་རྒྱུས་དང་དགེ་མཚན། འཕེལ་ཕྱོགས་བཅས་ཀྱི་ཐད་ནས་གསུང་གླེང་མཛད་པ་བརྒྱུད་གཟེངས་རྟགས་ཕུལ་བའི་བྱ་འགུལ་འགོ་ཚུགས་པ།

ཐེངས་འདིའི་བྱ་འགུལ་ཁྲོད་བོད་ཀྱི་ཡིག་གཟུགས་དབུ་ཅན་དང་ཚུགས་རིང་། འབྲུ་ཚའི་རྩོམ་ཆོས་སྤུས་ལེགས་ཅན་གྱི་སློབ་མ་དག་ལ་གཟེངས་རྟགས་འབུལ་བཞིན་པ།

༄༅།། ཐོན་མིའི་ཕྱག་སོར་རྩལ་གྱིས་ལེགས་བསྐྲུན་པའི།།

གངས་ཅན་རིག་པའི་མཛོད་ཀྱི་རིན་བྲལ་ནོར།།

ཉམས་འགྱུར་སྟོང་ལྡན་བོད་ཀྱི་ཡིག་གཟུགས་འདི།།

མི་ཉམས་གོང་ནས་གོང་དུ་འཕེལ་གྱུར་ཅིག།

བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གི་གསར་འགོད་ཚན་ཆུང་ཁང་ནས་

༢༠༢༠ལོའི་ཟླ་༤ཚེས༣༠ཉིན་དུ་སྤེལ།