འབའ་དགོན་ཞང་བྱིས་སྐྱོང་གླིང་གཉིས་པ་སློབ་ཁྲིད་མཚམས་འཇོག་ཀྱང་སློབ་སྦྱོང་ལ་མཚམས་འཇོག་མེད།

【才卓】

<p>ཆུ་དམར་ལེབ་རྫོང་འབའ་དགོན་ཞང་བྱིས་སྐྱོང་གླིང་གཉིས་པ་དུས་ནམ་ཡང་མཚམས་འཇོག་བྱེད་མ་མྱངས་བས་ཉིན་རེ་བཞིན་སློབ་སྦྱོང་བྱེད་བཞིན་པའི་རྣམ་པ་ཟུར་ཙམ་འདི་ནི་སློབ་བུ་རྣམ་པས་མོས་པ་དང་ལྡན་པའི་སྒོ་ནས་འདི་ལྟར་ཁྲིད་བཞིན་ཡོད་ལ་དགེ་རྒན་རྣམས་པས་ཡང་བསམ་བློ་གཅིག་གི་ངང་ནས་ཁྲིད་བཞིན་ཡོད།</p> <p>རང་མི་རིགས་མཚོན་ན་ཁ་གྲགས་ཤེས་པ་ཙམ་གྱིས་གླུ་ལེན་ཤེས་པ་གོམ་པ་སྤོ་ཤེས་ཙམ་གྱིས་བྲོ་འཁྲབ་ཤེས་པ་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་པས་རང་གི་སློབ་ཁྲིད་ཡང་དེ་ལྟར་ལམ་ཕྱོགས་འདི་ནས་སློབ་བུ་རྣམས་ཞབས་བྲོ་སྟངས་སྟབས་ངང་ནས་མི་རིགས་ཀྱི་ཁྱད་ཆོས་ངོམ་བཞིན་པའི་རྣམ་པའོ།</p>