碌曲县藏族小学疫期间进行线上师生书法展览活动

藏嘎熱布丹

༄༅།། ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གིས་ཐེངས་བཞི་བའི་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བོད་ཡིག་ཡིག་གཟུགས་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ།

ཇི་སྐད་དུ། རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན།། དཔའ་རྩལ་ཆེ་བའི་དཔལ་བོ་ལག་རྡུམ་འདྲ།།ཞེས་གསུངས་བ་བཞིན་ཡིག་གཟུགས་ཀྱང་རྩོམ་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེ་བ་ཞིག་ཡིན་ཞིང་། དེ་ཡང་བོད་ཀྱི་ཡིག་གཟུགས་ཇི་ལྟར་བྲི་བའི་ཐད་དུ་ཨ་ལགས་ཚེ་ཏན་ཞབས་དྲུང་གིས། ཡི་གེ་དག་སྙོམས་མཛེས་གསུམ་ལས།། མ་དག་སྐྱེས་བུ་སྙིང་མེད་འདྲ།། མི་སྙོམ་རྐང་ལག་འཁྱོར་བ་འདྲ།། མི་མཛེས་གོས་ངན་གྱོན་པ་འདྲ།། དག་སྙོམས་མཛེས་གསུམ་ཆ་གང་ཡང་།། མི་ལྡན་ལམ་ཁ་བོར་བ་ཡི།། གོས་ཧྲུལ་ངན་པ་སྐྱུག་བྲོ་འདྲ།། གསུམ་ག་འཛོམས་ན་བཞིན་མཛེས་པའི།། དཔའ་བོ་ཟ་འོག་གོས་ཀྱིས་བཀླུབས།། ལུས་དང་ཡན་ལག་ལྟ་ན་སྡུག།། ཚོགས་པའི་ཁྲོམ་དུ་འགྲིམས་པ་འདྲ།།ཞེས་གདམས་པ་བཞིན་དུ་ཡིག་གཟུགས་དག་ཅིང་སྙོམས་ལ་མཛེས་པར་བྲི་རྒྱུ་ནི་ཤིན་ཏུ་གལ་ཆེའོ།། དེ་བཞིན་རང་རེའི་བོད་ཀྱི་ལོ་རྒྱུས་སུའང་བོད་ཡིག་བྱུང་བ་ནས་ཡིག་གཟུགས་གི་བྲིས་རྒྱུན་མི་འདྲ་བའི་ཕྱག་རྒྱུན་མང་དུ་བྱུང་ཞིང་ཡིག་མཁན་ཡང་གསེར་རིའི་ཕྲེང་བ་ལྟར་ཟམ་མ་ཆད་པར་བྱུང་ནའང་། དེང་གི་ཆར་བརྡ་འཕྲིན་དུས་རབས་ཀྱི་སྐུལ་འདེད་དང་དེང་རབས་ལག་ཆ་ཡི་འཕེལ་འགྱུར་འོག་སྨྱུ་གུ་ལག་ཏུ་འཆང་ནས་ཡི་གེ་འབྲི་བའི་རྣམ་པ་ཇེ་ཉུང་དུ་ཕྱིན་ཞིང་ཡིག་གཟུགས་འབྲི་བའི་ལས་བགྱི་མཁན་ནི་ཉིན་མོའི་སྐར་མ་ཙམ་དུ་ཟད་པས། བོད་ཀྱི་ཡི་གེའི་བྲིས་ལའང་འགྱུར་ལྡོག་གང་མང་བྱུང་ཞིང་བྲིས་པ་མི་མཛེས་ཤིང་འབྲི་མི་ཤེས་པའི་ཡིད་སྐྱོ་བའི་སྣང་ཚུལ་ཡང་གདའ། དེའི་ཕྱིར་མེས་པོའི་ཤུལ་བཞག་རིག་གནས་འདིའི་དབུགས་ཀྱི་རྒྱུ་བ་སླར་སོས་དང་ཡིག་གཟུགས་ཀྱི་ཕྱག་རྒྱུན་རྒྱུན་འཛིན་བྱ་ཕྱིར་ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གིས་དགེ་སློབ་རྣམས་ལ་ཡིག་གཟུགས་ཀྱི་དགའ་ཕྱོགས་ཚོ་་ཆུང་བཙུགས་ཏེ་ཡིག་གཟུགས་འབྲི་བའི་སྐུལ་མ་དང་འགན་འཁྲི་བཞག་པས། དགེ་ སློབ་གྲོགས་རྣམས་ཀྱི་ཡིག་གཟུགས་ཆ་སྙོམས་ཀྱིས་ལེགས་པར་ཕྱིན་ཅིང་དབུ་ཅན་ཙམ་མ་ཟད། འབྲུ་ཚ་དང་སུག་རིང་སོགས་འབྲི་བའི་དགེ་སློབ་ཀྱང་མང་དུ་བྱུང་དང་འབྱུང་མུས་སུ་མཆི།

教育部出台了《中小学书法教育指导纲要》,要求各地从2013年春季学期起将书法教育纳入中小学教学体系当中,学生分年龄、分阶段学习硬笔和毛笔书法,小学三至六年级每周安排一个课时用于毛笔字学习。

藏文书法是藏族文化艺术的重要组成部分,公元七世纪,吐蕃赞普松赞干布时期,大臣吞米·桑普扎在原有文字的基础上,吸纳古印度不同文字的优点,结合藏族文化,创造了完善的现用藏文字,随后出现了八大书法家,形成了八大书法体系。书法家琼布玉赤对“乌钦”字书法进行了科学的规范,后来成为最广泛使用的字体,被称之为“琼赤”(即琼布玉赤之书法)。后来“琼赤”分出“尼赤”派系,盛行于尼木地区。德格藏文书法是在卫藏书法的基础上发展起来的独立书法体式,距今已有700多年历史。德昂洒智因源于青海省果洛藏族自治州达日县德昂乡而得名,传承至今已200余年,共有七代传人[1]。2008年,藏文书法经国务院批准列入第二批国家级非物质文化遗产名录。

དེ་བས་ཐེངས་འདིར་བོད་ཀྱི་ཡིག་གཟུགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གིས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་ཞིང་དེ་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག དགེ་སློབ་རྣམས་ཀྱི་ཡིག་གཟུགས་འབྲི་སྦྱོང་གི་འཕེལ་རྒྱས་ལ་ཚད་འཇལ་བྱེད་པ་དང་དེ་ཉིད་ཀྱི་སྤྲོ་བ་བསྐྱེད་བསྲིང་བྱེད་པ། བོད་ཀྱི་ཡིག་གཟུགས་ལ་ཤུགས་ཆེན་པོའི་སྒོ་ནས་དོ་སྣང་དང་མཐོང་ཆེན་བྱས་ནས་སློབ་སྦྱོང་གི་འདུན་པ་སྔར་བར་ཇེར་བརྟན་དང་མི་རིགས་རང་གི་རིག་གནས་ལ་འཛིན་སྐྱོང་སྤེལ་གསུམ་གྱི་འདུ་ཤེས་གསོ་སྐྱོང་གི་སླད་དུ། ཐེངས་བཞི་བའི་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བོད་ཡིག་ཡིག་གཟུགས་འགྲེམས་སྟོན་གྱི་བྱེད་སྒོ་དྲ་ཐོག་ནས་འགྲེམས་སྟོན་བྱས།

དགེ་རྒན་རྣམས་ཀྱི་བྲིས་གཟུགས།

教师书法作品

言为心画,书为心声,字如其人。一个人的书写好坏在某些程度上也能反映出这个人的性格、性情、学识、涵养。因此,写的一手好字不仅可以陶冶人们的性情,增加人们的人格魅力,而且对人们外在形象的塑造形成良好的印象、以及内在的心灵建设都有很大帮助。

事实上,书法不仅仅是一种写字技艺,它是传统文化的载体,笔画之间,包含了人生态度、哲学态度。尽管它的实际功能在弱化,但它始终是维系我们与古老文字情感的一根纽带。

སློབ་མའི་ཡིག་གཟུགས།

学生书法作品