དཔེ་དེབ་ནི་མིའི་རིགས་ཡར་ཐོན་གྱི་སྐས་ཐེམ་ཡིན་ལ།

དཔེ་ཀློག་ནི་འཛམ་གླིང་ཐོག་ཆེས་མཛེས་པའི་དོན་དག་ཅིག་ཡིན།

དེ་རིང་འཛམ་གླིང་དཔེ་ཀློག་ཉིན་མོ་དང་བསྟུན་ནས་ངེད་འཛིན་གྲྭས་ཀྱང་དཔེ་ཀློག་གི་ཐད་ནས་བྱེད་སྒོ་ཆུང་ཆུང་ཞིག་སྤེལ་བ་ཡིན།

ཐོག་མར་དགེ་རྒན་གྱིས་སློབ་གྲོགས་ཚོ་ལ་དེ་རིང༢༠༢༠ལོའི་ཟླ༤པའི་ཚེས༢༣ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས༢༥པ་ཡིན་པ་དང་། དཔེ་ཀློག་ནི་བྱ་བ་ཀུན་ལས་ཆེས་མཆོག་ཏུ་གྱུར་པ་དེ་ཡིན་པ་ངོ་སྤྲོད་ཟབ་མོ་བཟོས། དེ་ནས་སློབ་གྲོགས་རྣམས་རང་རང་གི་དགའ་ཕྱོགས་ལྟར་སྒྲུང་དེབ་སོགས་ཀློག་པ།

དཔེ་ཀློག་གིས་ང་ལ་བདེ་སྐྱིད་བསྐྲུན་ཐུབ།

དཔེ་ཀློག་གིས་ང་ཡི་ལས་དབང་བསྒྱུར་ཐུབ།

དཔེ་ཀློག་གིས་ང་ཡི་བློ་རྒྱ་བསྐྱེད་ཐུབ།

དཔེ་ཀློག་ནི་ཤིང་གྲུ་སྟེ། ང་རང་ཤེས་བྱ་ཡི་རྒྱ་མཚོའི་ངོས་སུ་བསྐྱོད་ཐུབ།

དཔེ་ཀློག་ནི་སྒྲོན་མེ་སྟེ། ང་ཡི་མིག་སྔུན་གྱི་མུན་པ་གསལ་བར་གཏང་ཐུབ།

དཔེ་ཀློག་ནི་དཔག་བསམ་ཤིང་སྟེ། ང་ལ་དགོས་འདོད་ཐམས་ཅད་ཆར་དུ་བསྙིལ་བ།