བྱེའུ་ཞིག་གིས་ཅོང་བརྡ།

—ཁ་བའི་རང་གཤིས།

འཛམ་གླིང་གི་དཔེ་ཀློག་ཉིན་མོ་བསུ་བའི་དགའ་སྟོན་དང་བསྟུན་ནས་ཡུལ་སྡེའི་སློབ་གསོ་ལ་རགས་ཙམ་གླེང་བ། སྤྱིར་ང་ཚོའི་རི་ཁུག་ལུང་ཁུག་ལ་གནས་པའི་འབྲོག་པ་དག་མ་ཞིག་ལ་“སློབ་གསོ་”ཞེས་པའི་ཐ་སྙད་དེ་གོ་དཀའ་ན་ཡང་དུས་རབས་དང་མི་གཤིས་ཀྱི་འགྱུར་ལྡོག་ཁྲོད་“སློབ་”ཞེས་པ་དེ་ནི་མ་ཤེས་མ་གོ་མ་རིག་དག་སློབ་དགོས་པ་དང་། “གསོ་”ཞེས་པ་སྟེ། ཚིག་སྔ་མ་ལས་ཕྱིར་མ་གསོ་སྐྱོང་བྱེད་དགོས་པའི་གནས་ལུགས་དང་བསྟུན་ནས་སློབ་ཟིན་པ་དག་གཞན་ལ་གསོ་སྐྱོང་བྱེད་དགོས་པའི་དགེ་མཚན་དང་འབྲེལ། འབྲོག་མི་མང་ཤོས་ཤིག་གིས་བྱ་བ་ཙག་ཙིག་ཞིག་ལ་ཁ་གཏད་ནས་ཁ་ཏ་དང་སློབ་གསོ་ཞིག་བཏོན་སྲིད་མོད། ཡིན་ཡང་། གཙོ་ཕལ་གྱི་དབྱེ་བ་ཞིག་དང་འཕྲལ་ཕུགས་ཀྱི་མདུན་ལམ་ཞིག་འཚོལ་སྙེག་བྱ་རྒྱུ་རང་རང་གི་ཕ་མ་དེ་ལ་རག་ལས་འདུག་སྙམ། ཅི་ཕྱིར་ཞེ་ན་བྱིས་པ་མངལ་ཆགས་ནས་བཟུང་མི་རིགས་གཞན་པའི་སློབ་གསོ་ངེས་རྐྱེན་ཞིག་ཐོབ་དགོས་ཟེར་ནས་སློབ་གསོ་བཏོན་རྐྱེན་འདུག ཡིན་ནའང་། ང་ཚོ་དེ་ལྟར་མ་ཐུབ་ན་ཡང་བྱིས་པ་མི་ཡུལ་ལ་ཐོན་ནས་བཟུང་སློབ་གསོ་དང་རང་གི་གོམས་གཤིས་ཤིག་དང་སྤྱོད་ལམ་དེ་ལ་དོ་སྣང་རེ་དང་གདེང་འཇོག་རེ་བྱེད་རྒྱུ་ཕ་མའི་འོན་འགན་ཞིག་དང་བྱིས་པའི་སློབ་སྦྱོང་བྱེད་སའི་རྐང་གཙུག་ཡང་ཡིན། དེ་བས་འཇིག་རྟེན་ཐོག་ཕ་མ་ནི་བྱིས་པའི་སེམས་གཏིང་གི་རེ་ལྟོས་ཀྱི་སྒྲོན་མེ་བཞིན་དུ་འབར་ངེས། དཔེར་ན། ཕ་མ་གཉིས་རི་མོ་བ་ཞིག་གི་དབང་དུ་བཏང་ན་རི་མོ་བཟང་ངན་དང་ཡག་བཙོག་ཁྱོད་ཀྱིས་ལག་པ་འགུལ་སྟངས་ཤིག་རེད་མོད། ཡང་ཅིག་བཤད་ན་བྱིས་པའི་སེམས་ཁམས་ནི་མེ་ལོང་བཞིན་གསལ་ལ་ཁྱོད་ཀྱིས་མེ་ལོང་ངོས་ལ་བཟང་ངན་ཅི་ཞིག་མངོན་པ་ཁྱོད་ཀྱིས་སྒྲུབ་སྟངས་ཤིག་རེད།