ཡོད་ཚད་བརླག་ལ་ཉེ་བའི་ང་ཉིད།

Lo

ང་ཞེས་འཛིན་པ་ཡོད་སྟངས་བྱུང་རྒྱུ་ན། །

སྔར་གྱི་ང་དེ་ད་ལྟའི་ང་དེ་མིན། །

ད་ལྟའི་ང་དེར་དུག་ལྔ་ཉག་གཅིག་སྟེ། །

ང་ཉིད་དབང་བ་ཉོན་མོངས་ཁོ་ན་ཡིན། །

ད་ལྟའི་ང་ཡིས་ཟོལ་མའི་འཛུམ་སྟོན་སྲིད། །

ད་ལྟའི་ང་ཡིས་ངོ་དགའི་གཏམ་བཤད་དཔེ། །

ད་ལྟའི་ང་ཡིས་ཐོག་མའི་བསམ་འདུན་བོར། །

ད་ལྟའི་ང་ཡི་སེམས་ཁམས་དྲི་མས་བསླད། །

ཡོད་ཚད་བརླག་ལ་ཉེ་བའི་ང་ཉིད་ཀྱིས། །

མི་ཚེ་རིན་ཐང་གླེང་བ་གང་ནས་འཚམ། །