纪念4·14抗震救灾十周年暨爱党感恩系列活动

美友12049206

སློབ་གླིང་གསར་འགྱུར། བོད་ཡིག་སྡེ་ཁག

དགུང་སྔོན་དབྱིངས་ནས་གསེར་མདོག་གི་ཉི་འོད་འཕྲོ་ཞིང་དོག་མོ་ས་རུ་ལྗང་སྨྱུག་འཁྲུངས་བཞིན་པའི་དཔྱིད་ཟླ་4ཚེས་14ཉིན་གྱི་སྔ་དྲོར་ཡུས་ཧྲུའུ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་བོད་ཡིག་སྡེ་ཁག་གིས་གཙོ་སྐྱོང་བྱས་ཏེ་༢༠༡༨ལོའི་བོད་ཡིག་འཛིན་གྲྭ་གསུམ་དང་༢༠༡༩ལོའི་བོད་ཡིག་འཛིན་གྲྭ་གསུམ་བཅས་སློབ་ཕྲུག་སུམ་བརྒྱ་ལ་ཉེ་བ་དག་མཉམ་དུ་འཛོམས་ཏེ་ཡུས་ཧྲུའུ་ས་ཡོམ་བྱུང་ནས་ལོ་འཁོར་བཅུ་ལོན་པའི་དྲན་བཟོའི་བྱ་འགུལ་དེ་རང་སློབ་གྲྭའི་ཤེས་རིག་ཐང་ཆེན་དུ་སྤེལ་བ་ཡིན།

བྱ་འགུལ་དེར་སློབ་གྲྭའི་དབུ་ཁྲིད་དྲི་མེད་ལྷུན་འགྲུབ་མཆོག་དང་སློབ་གཙོ་ལིའུ་ཅིན་ཞིན་གཙོ་བྱས་པའི་རང་སློབ་གྲྭའི་དབུ་ཁྲིད་རྣམ་པ། ཏང་ཡོན་མི་སྣ། མ་ཚད་བོད་ཡིག་སྡེ་ཁག་གི་དགེ་རྒན་ཡོངས་ཐེངས་འདིའི་བྱ་འགུལ་དུ་ཞུགས་ཏེ་ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་ཀྱི་ལོ་ཟླའི་ཁྲོད་རླབས་ཆེན་གུང་ཁྲན་ཏང་གི་སྐུ་དྲིན་དང་རྒྱལ་ཡོངས་མི་རིགས་ཡོངས་ཀྱིས་རོགས་རམ། མ་ཚད་དགེ་འདུན་འདུས་པ་རྒྱ་མཚོའི་བཀའ་དྲིན་ལ་བརྟེན་ནས་དེང་འདིར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བའི་བྱ་བ་དག་ཡུས་ཧྲུའུ་མི་དམངས་ཀྱིས་ནམ་ཡང་སེམས་ན་ཡོད་ཅེས་པའི་དྲན་ཚོར་གྱི་བྱ་འགུལ་དེ་ཁྱོན་ཡོངས་ནས་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་།

ཡུས་ཧྲུའུ་མི་དམངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྐུ་དྲིན་ནམ་ཡང་མི་བརྗེད།

དབུ་འཛིན་དྲི་མེད་ལྷུན་འགྲུབ་མཆོག་གིས་ཡུལ་དངོས་ནས་ཡིག་གཟུགས་ལ་གཟིགས་བཞིན་པ།

སློབ་གཙོ་ལིའུ་ཅིན་ཞིན་གཙོ་མཛད་པའི་སློབ་གྲྭའི་དབུ་ཁྲིད་རྣམ་པས་བྲིས་ཐང་ལ་གཟིགས་བཞིན་པའི་རྣམ་པ།

བོད་ཡིག་སྡེ་ཁག་གི་བསླབ་ཚན་སྣེ་ཁྲིད་པ་རྒན་བོ་ཆུང་སྒྲོལ་དཀར་གྱིས་ལས་རིམ་ངོ་སྤྲོད་བྱེད་བཞིན་པ།

སློབ་མའི་བྲིས་ཐང་བརྩམས་ཆོས།

བྱ་འགུལ་ཡུལ་དངོས་ཀྱི་བརྙན་རིས།

ཁམས་ཀྱི་བྲིས་པ་གྲགས་ཅན་རྒན་བཞད་པ་བསྟན་པ་རྒྱ་མཚོ་མཆོག་གིས་ཡུལ་དངོས་ནས་རླབས་ཆེན་མེས་རྒྱལ་ཁྲི་ལོ་བརྟན་པ་ཤོག་ཅེས་པའི་ཕྱག་བྲིས་འབྲི་བཞིན་པ།

རྒན་བཞད་པ་བསྟན་པ་རྒྱ་མཚོ་ཡིས་ཏང་གི་བཀའ་དྲིན་ནམ་ཡང་མི་བརྗེད་ཅེས་པའི་ཕྱག་བྲིས་འབྲི་བཞིན་པ།

སློབ་བུ་དག་གིས་ཏང་དང་རྒྱལ་ཁབ་ལ་དྲན་གཟོའི་ལེགས་སྐྱེས་འབྲི་བཞིན་པ།

གསེར་བྲིས་ཀྱི་ལམ་ནས་རྒྱལ་ཡོངས་མི་རིགས་སོ་སོའི་སྤུན་ཟླ་དག་ལ་བཀའ་དྲིན་མཚོན་བྱེད་དུ་སེམས་ཀྱི་སྨོན་ཚིག་འབྲི་བཞིན་པའི་རྣམ་པ།

བོད་ཡིག་འཛིན་གྲྭའི་སློབ་མ་དག་དང་དགེ་རྒན་རྣམ་པ་དྲན་རྟེན་གྱི་ཚུལ་དུ་མཉམ་པར་བསྒྲོན་པ།

ཞུ་འཕྲིན་སྤུན་ཟླའི་སེམས་གསོ།

འཇུ་སྐལ་བཟང་།

རང་བྱུང་འབྱུང་བཞིའི་འཇིགས་པ་བཟློག་ཏུ་མེད།།

མི་འདོད་ཐོག་བབས་ལས་ཀྱི་བསྐོས་ཐང་ལ།།

ཐེག་ཏུ་དཀའ་ཡང་ཅིས་ཀྱང་འཁུར་དགོས་པས།།

བཟོད་བསྲན་སྙིང་རུས་བསྐྱེད་དང་ཕ་བཟང་བུ།།

སྐྱེ་འཆི་བདེ་སྡུག་རྒྱུ་ནོར་མི་རྟག་པ།།

རང་རེའི་ལུགས་གཉིས་བསླབ་པའི་སྲོག་ཡིན་ན།།

ཆོས་ལྡན་བོད་པའི་ཁྱད་ཆོས་ད་རེས་དགོས།།

ཤེས་ཆེན་ཤོང་ཡངས་གྱེས་དང་ཨ་མའི་བུ།།

ཤི་བོའི་ལམ་སྟོན་གསོན་པོའི་སེམས་གསོ་ལ།།

ས་སྟེང་མི་ཡི་ཐུགས་འཁུར་ཆེས་ཆེ་བ།།

ལས་ངན་ནང་ནས་རང་རེ་ལས་ཅན་འདུག།

བློ་ཕུགས་སེམས་རྩ་མ་གཉོམ་ཤ་ཉེའི་གྲོགས།།

བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གི་གསར་འགོད་ཚན་ཆུང་ཁང་ནས་

༢༠༢༠ལོའི་ཟླ་༤ཚེས༡༤ཉིན་དུ་སྤེལ།

爱党

14

抗震救灾

十周年

感恩

纪念

系列

活动