玉树地震十周年“感恩铭记于心”玉树州直属机关幼儿园大四班

玉树州幼儿园

ཡུལ་ཤུལ་ཁུལ་ཐད་གཏོགས་ལས་ཁུངས་བྱིས་པ་ཁང་གི་ཆེ་འཛིན་གྲྭ་བཞི་བ་ནས་ཡུལ་ཤུལ་དུ་ས་ཡོམ་བརྒྱབ་ནས་ལོ་བཅུ་འཁོར་བའི“དྲིན་ཚོར་སེམས་ལ་བརྟན་པོར་ངེས་པའི་”རྗེས་དྲན་གྱི་རྣམ་པ། ལོ་བཅུའི་རིང་མེས་རྒྱལ་ཨ་མའི་དྲོ་སྐྱིད་ལྡན་པའི་པང་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག ཡུལ་ཤུལ་མི་དམངས་ཀྱིས“བརྩེ་སེམས་ཆེན་པོ་དང་། བློ་བརྟན་འགྱུར་མེད། དཀའ་ངལ་ལ་འགྲན་སློང་། དྲིན་ཚོར་ཡར་བརྩོན”བཅས་ཀྱི་སེམས་པ་བཅངས་ནས་ཡུལ་ཤུལ་གསར་པའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཡོད། ལོ་བཅུའི་རིང་ལ་ཡུལ་ཤུལ་དེ་ཞིག་རོའི་ཁྲོད་ནས་ཡར་ལངས་ཐུབ་པ་མ་ཟད། སྒྱུར་བཅོས་འཕེལ་རྒྱས་དང་། སྣོད་བཅུད་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། དབུལ་སྒྲོལ་འགག་སྒྲོལ་སོགས་བྱ་གཞག་ཁག་ཁྲོད་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ནས་ལོ་ཉི་ཤུ་ལས་བརྒལ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད།

十年来,在祖国母亲温暖的怀抱里,在党中央、国务院的亲切关怀下,在省委、省政府的坚强领导下,在全国各族人民的无私援助中,玉树人民怀揣着一颗“大爱同心、坚韧不拔、挑战极限、感恩奋进”的心,积极投身新玉树建设。十年间,玉树不仅从废墟中站立起来,而且在改革发展、生态保护、民族团结、脱贫攻坚等各项事业中取得辉煌成就,实现跨越二十年的高质量发展。

ང་ཚོས་ས་ཡོམ་བརྒྱབ་མྱོང་མེད་མོད། འོན་ཀྱང་ང་ཚོས་ཕ་མས་བཤད་པའི་གཏམ་རྒྱུད་ཁ་ཤས་ཐོས་རྗེས་ང་ཚོས་དྲིན་་གཟོ་དགོས་པར་ཤེས། དེ་རིང་ང་ཚོས་སླར་ཡང་དྲིན་ཚོར་གྱི་བསམ་པ་བཅངས་ནས་ང་ཚོའི་གཅེས་པར་འོས་པའི་ཕ་ཡུལ་ལ་བལྟ་བར་བྱའོ།།

我们没有经历过地震,但我们听爸爸妈妈讲过一些故事,便教育我们懂得知恩,感恩。

今天我们再一次带着感恩之心,看看我们可爱的家乡。

ས་ཡོམ་བྱུང་རྗེས་རྐྱེན་ངན་སེལ་མཁན་གྱི་དཔའ་བོ་ཚོར་གུས་འདུད་ཞུ།

致敬参与抗震救灾、灾后重建的英雄们,礼赞十年巨变。

དེ་ནི་རེ་བས་ཁེངས་པའི་དུས་ཚིགས་ཤིག་ཡིན་པས་ཡུལ་ཤུལ་གསར་པ་ལ་བཀྲག་མདངས་འཚེར་བའི་འོད་ཟེར་དང་ཡིད་དབང་འཕྲོག་པའི་དམ་པའི་ཤུགས་ཀྱིས་ཁེངས་ཡོད། ཡུས་ཧྲུའུ་ཡི༤་༡༤་ཡོམ་འགོག་གནོད་སེལ་བྱས་ནས་ལོ་འཁོར་བཅུ་ལོན་ཞིང་། དཔྱིད་ཀའི་འགྲོས་དང་བསྟུན་ནས་ཡུལ་ཤུལ་གསར་པར་བསྐྱོད་དགོས།

这是一个充满希望的季节,新玉树散发着耀眼的光芒和魅力。玉树4·14抗震救灾十周年,追寻春天的脚步,走进新玉树,

ང་ཚོ་དེང་རབས་ཀྱི་རི་མགོར་འཛེགས་ནས་དཔའ་ཐང་དུ་བསྐྱོད་པ་དང་། གྲོང་ཚོར་བཅར་འདྲི་བྱེད་པ། སྤྱི་སྤྱོད་རླངས་འཁོར་ལ་སྡོད་པ། སློབ་གྲྭར་སྐྱོད་པ། དམག་སྒར་དུ་བཅར་འདྲི་བྱེད་པ། ཡུལ་ཤུལ་གསར་པའི་སྐད་སྒྲ་ཉན་པ་བཅས་ཡུལ་ཤུལ་མི་དམངས་ཀྱི་འཚོ་བ་གསར་པ་བརྩེ་སེམས་ཀྱིས་མཚོན་པར་བྱས་ཡོད། ང་ཚོས་ཐག་ཉེ་ས་ནས་ཡུལ་ཤུལ་གྱི་འཕེལ་རྒྱས་ཇེ་ཡག་ཏུ་ཕྱིན་པ་དང་ཡུལ་ཤུལ་མི་དམངས་ཀྱི་འཚོ་བ་ཇེ་ཡག་ཏུ་ཕྱིན་པ་མཐོང་བྱུང་། ང་ཚོས་དེ་ནི་བརྩེ་སེམས་ཆེན་པོ་གཅིག་སྡུད་ཀྱི་གྲོང་ཁྱེར་ཞིག་ཡིན་པ་དང་དེ་ནི་དྲིན་ཚོར་ཡར་བརྩོན་གྱི་གྲོང་ཁྱེར་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་།

我们爬上当代山,深入巴塘草原,走访村落,乘坐公交,踏进校园,探访军营,用心倾听新玉树声音,用情感受玉树人民的新生活。我们近距离看到玉树发展越来越好,玉树人民的生活越来越好!我们深切感受到这是一座大爱汇聚的城市,这是一座感恩奋进的城市!

玉树

感恩

我们

大爱

奋进

抗震救灾

十周年

人民

地震

十年